-
མདུན་ངོས།
- བསྡུས་གྲྭ།
བསྡུས་གྲྭ། (4)
རིགས་ལམ་མཐའ་དཔྱོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། སེར་བྱེས་དགེ་བཤེས་བློ་བཟང་གྲགས་པ།
བརྗོད་བྱ། རིགས་ལམ་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0513
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 337 ལྗིད་ཚད། 3.2MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་དགུ་པར་གསར་དུ་འགྲེམ་སྤེལ་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་ནི། ཕྱི་ལོ་༡༩༦༩ལོར་མདོ་ཁམས་དཀར་མཛེས་སུ་སྐྱེས་ཤིང་། ཕྱི་ལོ་༡༩༧༦ལོ་ནས་དམའ་རིམ་སློབ་གྲྭར་འགྲིམ་ཞིང་རིམ་བཞིན་ཕྱི་ལོ་༡༩༨༤ལོར་དཀར་མཛེས་མི་རིགས་སློབ་འབྲིང་དུ་ཞུགས་ཏེ་ཕྱི་ལོ་༡༩༨༧ལོར་སློབ་མཐར་སོན། ཕྱི་ལོ་༡༩༨༨ལོར་དཀར་མཛེས་བཤད་སྒྲུབ་ནོར་བུ་གླིང་གི་ཆོས་སྒོར་ཞུགས་ནས་ལོ་ངོ་བཞི་ཙམ་མཚན་ཉིན་གྱི་གཞུང་ལ་སློབ་སྦྱོང་བྱས། ཕྱི་ལོ་༡༩༩༡ལོར་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་ཏེ་སེར་བྱེས་མཁས་སྙས་གྲྭ་ཚང་གི་ཆོས་སྒོར་ཞུགས། ཕྱི་ལོ་༢༠༠༤ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལ་ཞུགས། ཕྱི་ལོ་༢༠༠༩ལོར་སེར་བྱེས་གྲྭ་ཚང་དུ་སྔོན་འགྲོའི་གྲྭ་སྐོར་དམ་འཇོག་དང་། ཕྱི་ལོ་༢༠༡༠ལོའི་ལོ་འགོར་དགེ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་དགེ་བཤེས་ཀྱི་དམ་བཅའ་བཞག །ཕྱི་ལོ་ ༢༠༡༠ ལོར་གསང་སྡེ་སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ལོ་གཅིག་གི་རིང་སྔགས་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༡༡ ནས་བཟུང་ད་ལྟ་བར་རྫོང་དཀར་ཆོས་སྡེར་གྲྭ་ཚང་གི་གཞུང་ཆེན་དཔེ་ཁྲིད་དགེ་རྒན་བྱེད་མུས་ཡིན།
འཕྲུལ་དེབ་འདིར་རིགས་ལམ་གསར་སློབ་པ་དག་དང་དགེ་ཚུལ་གཞོན་ནུ་དག་གི་ཉེར་མཁོ་སྐོང་བའི་ཆེད་དུ་བརྩམས་གནང་བའི་རིགས་ལམ་མཐའ་དཔྱོད་དང་དགེ་ཚུལ་གྱི་ཕྱིར་བཅོས་ཀྱི་མཆན་འགྲེལ་གཉིས་ལྷན་དུ་བཞུགས་ཡོད།
དེབ་འདི་རྩོམ་པ་པོའི་རེ་སྐུལ་ལྟར་འདི་གའི་དྲ་ཚིགས་སུ་བཀོད་པ་ཡིན་ལ། སེར་བྱེས་རིག་མཛོད་འཕྲུལ་དེབ་ཀྱི་གྲས་སུ་བགྲང་བའི་ཆེད་དུ་ཤོག་ངོས་གཅིག་ཁ་སྣོན་བྱས་ཡོད་པ་ལས་གཞན་མ་ཕྱི་དང་སྒྲིག་བཀོད་རང་འཇགས་སུ་བཞག་ཡོད།
དེ་ལས་མང་བ།...
སེམས་སེམས་བྱུང་གི་རྣམ་གཞག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན།
བརྗོད་བྱ། སེམས་དང་སེམས་བྱུང་གི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0502
ཡིག་ཆའི་རྣམ་པ། PDF པར་གཞི། འབྲས་སྤུངས་སྒོ་མང་གི་དཔེ་དེབ་ལྟར།
ཤོག་གྲངས། 139 ལྗིད་ཚད། 1.6MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་ནི་དཔལ་མང་པཎྜི་ཏ་སྐུ་ཕྲེང་གསུམ་པ་དཀོན་མཆོག་རྒྱལ་མཚན་གྱི་གསུང་སེམས་དང་སེམས་བྱུང་གི་རྣམ་གཞག་ཅུང་ཟད་བཤད་པ་རང་རྒྱུད་གསལ་བའི་མེ་ལོང་ཞེས་བྱ་བ་ཡིན་ལ། འདི་ནི་ཚིག་ཉུང་དོན་འདུས་དང་ཁ་གསལ་གོ་བདེའི་ཁྱད་ཆོས་དང་བཅས་པ་ཡིན་པས་སེམས་དང་སེམས་བྱུང་གི་རྣམ་གཞག་སློབ་པར་འདོད་པ་རྣམས་ལ་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཡིན་ནོ། །
| PDF ཕབ་ལེན། |
|---|
ཡོངས་འཛིན་བསྡུས་གྲྭ་དང་བློ་རིག་རྟགས་རིགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། ཕུར་ལྕོག་བྱམས་པ་རྒྱ་མཚོ།
བརྗོད་བྱ། རིགས་ལམ་གྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0239
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.6MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༡༦ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོ། ༡༨༢༥ ལོར་འཁྲུངས། དགུང་ལོ་ལྔའི་སྐབས་དབུས་སུ་གདན་དྲངས་ཏེ་ཕུར་ལྕོག་རི་ཁྲོད་དུ་བཞུགས་ཤིང་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་གསན་སྦྱོང་མཛད། དགུང་ལོ་བཅུའི་སྐབས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། ལོ་དེར་གཙུག་ཕུད་ཕུལ། པཎ་ཆེན་བསྟན་པའི་ཉི་མ་ལས་དགེ་ཚུལ་བསྒྲུབས། ཡོངས་འཛིན་དགེ་བཤེས་གྲགས་པ་བརྩོན་འགྲུས་སོགས་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད། དགུང་ལོ་ཉི་ཤུའི་སྐབས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་གཅིག་གི་སྐབས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་གནང་། རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་དང་བཅུ་གསུམ་པའི་ཡོངས་འཛིན་མཛད། དགུང་ལོ་དོན་བདུན་པ་ ༡༩༠༡ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་འབྲིང་གཉིས་ལྷག་བཞུགས།
| PDF ཕབ་ལེན། |
|---|
AUDIO ཁྲིད་ཡོད། 1 2 3 4 5 6 7 8 9 SC ཁྲིད། 1 2 3 4 5 6 7 8 9
རིགས་ལམ་འཕྲུལ་གྱི་ལྡེ་མིག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། རིགས་ལམ་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0244
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 576KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༡༦ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གུང་ཐང་བསྟན་པའི་སྒྲོན་མེ། ༡༧༦༢ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། དགུང་ལོ་ལྔའི་སྐབས་གུང་ཐང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྐབས་བཀྲ་ཤིས་འཁྱིལ་དུ་ཆོས་སྒོར་ཞུགས་ཤིང་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ལོ་དགུའི་རིང་གཞུང་ཆེན་སློབ་གཉེར་མཛད། དགུང་ལོ་ཉེར་གཅིག་གི་སྐབས་དགེ་སློང་གི་སྡོམ་པ་ཞུས། དགུང་ལོ་ཉེར་ལྔའི་སྐབས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་སོ་གཅིག་གི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། མདོ་སྨད་ཀྱི་ཆོས་སྡེ་མང་པོར་ཆོས་རྒྱུན་འཆད་སྤེལ་སོགས་གནང་། སློབ་མ་ལ་སྐྱེས་ཆེན་དམ་པ་མང་པོ་བྱུང་། ༡༨༢༣ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་བརྒྱད་བཞུགས།
| PDF ཕབ་ལེན། |
|---|