ཀུན་གཞི།

ཀུན་གཞི། (2)

zkpu145002དེབ་ཨང་།  ZKPU145002
གཞུང་ཆེན་ཁག །༼ཕར་ཕྱིན།༽
སྤྱིའི་ཨང་། ༡༥༢
མཚན་བྱང་། ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་བ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ།༼༡༣༥༧-༡༤༡༩༽
བརྗོད་བྱ། ཉོན་ཡིད་དང་ཀུན་གཞི་སོགས་ཀྱི་སྐོར།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་བ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། ཕྱི་ལོ་༡༣༥༧ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། དགུང་ལོ་གསུམ་པར་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་དང་། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་བདུན་པར་སློབ་གཉེར་གྱི་ཆེད་དུ་དབུས་སུ་ཕེབས། དགུང་ལོ་སོ་དྲུག་གི་སྐབས་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་སྒྲུབ་པ་གཙོ་བོར་མཛད། དགུང་ལོ་སོ་བདུན་པར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་གསུམ་གྱི་སྐབས་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུའི་སྐབས། དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། སློབ་མ་གྲགས་ཆེ་བ། རྒྱལ་ཚབ་དར་མ་རིན་ཆེན་སོགས་མང་དུ་བྱུང་། ༡༤༡༩ ལོར་སྐུ་གཤེགས། གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་སོགས་པོ་ཏི་བཅུ་དགུ་བཞུགས།

ཕབ་ལེན། PDF ཕབ་ལེན། EPUB ཕབ་ལེན། AUDIO ཁྲིད་ཡོད། 1 2 3 4