དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Nov ཚེས། 24 རེས་གཟའ། Thu

རྗེ་ཡབ་སྲས་གྱི་གསུང་འབུམ་དཀར་ཆག

དྲ་འཇུག་པ།
ཚད་གཞི།
(14 འོས་འཕེན།)

sjrb-0044རྩོམ་པ་པོ། རིག་མཛོད་རྩོམ་སྒྲིག་པ།
བརྗོད་བྱ།
རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཀར་ཆག
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0044
ཡིག་ཆའི་རྣམ་པ།
PDF
ཤོག་གྲངས།
30 ལྗིད་ཚད། 390KB
སྒྲིག་སྦྱོར་འགྲེམ་སྤེལ།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ཟླ་ལྔ་པར་གསར་དུ་བསྒྲིགས།
༢༠༢༢ ཟླ་བཅུ་གཅིག་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་བཀྲ་ཤིས་ལྷུན་པོའི་ཤིང་པར་ལྟར་རྩོམ་སྒྲིག་བྱས་པའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་དཀར་ཆག་ཡིན་ལ། འདིར་གསུང་འབུམ་པོད་རེ་རེའི་ནང་དུ་ཆོས་ཚན་གང་ཡོད་པ་རྣམས་ཀྱི་མཚན་བཀོད་ཡོད་པས་འཚོལ་བདེ་བ་དང་། པོ་ཏི་རེ་རེ་བཞིན་ཐད་ཀར་ཕབ་ལེན་བྱེད་སའི་དྲ་ཚིགས་ཀྱི་དྲ་ཐག་ཀྱང་བཀོད་ཡོད།

ཤོག་ངོས་འདི་ལ་ཐེངས་ 5487 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2022 ལོའི་ཟླ་བ། Nov ཚེས། 24 རེས་གཟའ། Thu
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com