དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Aug ཚེས། 22 རེས་གཟའ། Mon

འཕྲང་དུ་ལུས་པའི་སེམས་ཀྱི་གནས་བབ།

དྲ་འཇུག་པ།
ཚད་གཞི།
(3 འོས་འཕེན།)

sjrb-0320རྩོམ་པ་པོ། སྦི་ཨེ་ལེན་ཝེ་ལེ་སེ།
སྒྱུར་བ་པོ།
བསྟན་འཛིན་རིག་བཟང་། 
བརྗོད་བྱ།
ཚན་རིག་དང་ཆོས་ལུགས་ཀྱི་སྒོམ་ལ་དཔྱད་པ།
ཡོང་ཁུངས།
ལོ་ཙཱ་བ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0320
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
2.6MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་གསུམ་པར་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས།
༢༠༢༢ ལོའི་ཟླ་བརྒྱད་པར་བསྐྱར་སྒྲིག་བྱས།
གསལ་བཤད་མདོར་བསྡུས།
དཔེ་དེབ་འདི་ནི་རྩོམ་པ་པོས་རང་གི་བུ་མོའི་རེ་བསྐུལ་ལྟར་ཚན་རིག་དང་། ནང་ཆོས། ཡེ་ཤུའི་ཆོས་ལུགས་བཅས་ཀྱི་སྒོམ་ལ་དཔྱད་པ་ཞིག་ཡིན་འདུག །པར་རྩའི་ཡོང་ཁུངས་གོང་གསལ་ལྟར་སྒྱུར་པ་པོས་འདི་ག་རྩོམ་སྒྲིག་ཁང་དུ་གནང་འབྱོར་བྱུང་བ་རང་སོར་བཞག་སྟེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཡོད།

ཤོག་ངོས་འདི་ལ་ཐེངས་ 2133 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2022 ལོའི་ཟླ་བ། Aug ཚེས། 22 རེས་གཟའ། Mon
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

སྡེ་ཚན་འདིའི་ནང་དུ་མང་། « ཨེ་ཟི་རལ་གྱི་རང་བཙན་འཐབ་རྩོད།