-
མདུན་ངོས།
-
གཅེས་ཉར་ཡིག་ཚགས།
- སེར་བྱེས་རིག་མཛོད་ཆེན་མོ།
གཅེས་ཉར་ཡིག་ཚགས་གསར་ཤོས།
གོ་སྒྲུབ་མན་གྱི་སྤྱི་དོན།
ཟླ་ཚེས་ : 15-03-2019 | ཀློག་གྲངས། 4960
དཔེ་ཨང་། JN1ZKPK0001
གཞུང་ཆེན་ཁག [ཕར་ཕྱིན།] སྤྱིའི་ཨང་། ...
ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། སྟོད་ཆ།
ཟླ་ཚེས་ : 22-07-2018 | ཀློག་གྲངས། 4704
དེབ་ཨང་། ScBJN000001
ཚན་རིག ། [ནང་པ།]
རྗེ་ཙོང་ཁ་པའི་གསུང་འབུམ། [ཀ]
ཟླ་ཚེས་ : 22-07-2018 | ཀློག་གྲངས། 5358
དེབ་ཨང་། SBGJN145001
གསུང་འབུམ། [དུས་རབས། ...
བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།
ཟླ་ཚེས་ : 22-07-2018 | ཀློག་གྲངས། 3130
དེབ་ཨང་། GSHTJN333301
འགྱུར་གསར། [བསྟན་བཅོ...
བསྟན་འགྱུར། དབུ་མ། [ལ]
ཟླ་ཚེས་ : 22-07-2018 | ཀློག་གྲངས། 2949
དེབ་ཨང་། TGHUJN213120
བཀའ་བསྟན། [བསྟན་འགྱུ...
དབུ་མ་དགོངས་པ་རབ་གསལ།
ཟླ་ཚེས་ : 22-07-2018 | ཀློག་གྲངས། 11594
དེབ་ཨང་། KGHPJN624035
གཞུང་ཆེན་ཁག ། ༼དབུ་...
བརྡ་སྤྲོད་པ་སུམ་ཅུ་པ།
ཟླ་ཚེས་ : 22-07-2018 | ཀློག་གྲངས། 4659
དེབ་ཨང་། KGHSBJN624014
རིག་གནས། [བརྡ་སྤྲོད་པ།]<...
དཀར་ཆག་ཟླ་འོད་གཞོན་ནུའི་འཁྲི་ཤིང་།
ཟླ་ཚེས་ : 21-07-2018 | ཀློག་གྲངས། 4017
དེབ་ཨང་། KGKJN1790105
བཀའ་འགྱུར། [དཀར་ཆག]
...
གཅེས་ཉར་ཡིག་ཚགས་གསར་ཤོས།
གོ་སྒྲུབ་མན་གྱི་སྤྱི་དོན།
ཟླ་ཚེས་ : 15-03-2019 | ཀློག་གྲངས། 4960
དཔེ་ཨང་། JN1ZKPK0001
གཞུང་ཆེན་ཁག [ཕར་ཕྱིན།] སྤྱིའི་ཨང་། ...
ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། སྟོད་ཆ།
ཟླ་ཚེས་ : 22-07-2018 | ཀློག་གྲངས། 4704
དེབ་ཨང་། ScBJN000001
ཚན་རིག ། [ནང་པ།]

སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
བོད་ཀྱི་སྡེབ་སྦྱོར།
མཛད་པ་པོ། དགེ་བཤེས་བསོད་ནམས་དབང་ལྡན།
བརྗོད་བྱ། སྡེབ་སྦྱོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0477
ཡིག་ཆའི་རྣམ་པ། PDF ཤོག་གྲངས། 223 ལྗིད་ཚད། 5MB
ཕྱི་ལོ་༢༠༢༥ ཟླ་བ་ལྔ་པར་གསར་དུ་བསྒྲིགས།
ངོ་སྤྲོད་མདོར་བསྡུས། དགེ་བཤེས་ལྷ་རམས་པ་བསོད་ནམས་དབང་ལྡན་མཆོག་ནི། བོད་ཤར་ཕྱོགས་མདོ་ཁམས་བཀྲ་ཤིས་དར་རྒྱས་དགོན་གྱི་ཉེ་འགྲམ་ཕྱི་ལོ་༡༩༨༠ ལོར་ཕ་བསྟན་འཛིན་དབང་འདུས་དང༌། མ་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་བུར་སྐྱེས། ལོ་བདུན་པར་ཡི་གེ་འབྲི་ཀློག་སོགས་འགོ་བཙུགས། ༡༩༩༢ ལོར་འཕགས་པའི་ཡུལ་དུ་འབྱོར་ཞིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། འཛིན་གྲྭ་བཅུ་པའི་བར་སེར་བྱེས་འབྲིང་རིམ་སློབ་གྲྭར་སློབ་སྦྱོང་བྱས་ཏེ། རྒྱལ་ཡོངས་འཛིན་རིམ་བཅུ་པའི་རྒྱུགས་སྤྲོད་གྲུབ།
༡༩༩༨ ལོར་ཆོས་གྲྭར་ཞུགས་ཏེ། སློབ་གཉེར་ཚུལ་བཞིན་བགྱིས། ༢༠༡༥ ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལ་ཞུགས་ཏེ། ལོ་དྲུག་རིང་རྒྱུགས་སྤྲོད་ལེགས་པར་གྲུབ། ༢༠༢༠ ལོར་རིགས་ཆེན་ཚོགས་ལངས་བྱས་ཏེ། ༢༠༢༡ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ལྷ་རམས་དགེ་བཤེས་ཀྱི་དམ་འཇོག་དང་གཏོང་སྒོ་སོགས་ལེགས་པར་གྲུབ།
གང་གིས་བརྩམས་གནང་བའི་དཔེ་དེབ་ཁག་ནི། སུམ་རྟགས་དགོངས་འགྲེལ་འདོད་འཇོའི་ནོར། སེར་བྱེས་ཏྲེ་ཧོར་སྒྲིག་སྲོལ་ཤཱཀྱའི་བསྟན་པའི་མཛེས་རྒྱན། བོད་ཀྱི་སྡེབ་སྦྱོར་རིག་པའི་གཞུང་ལུགས། ཆོས་རྗེ་ཤཱཀྱ་བསོད་ནམས་མཆོག་གི་རྣམ་ཐར། དབུ་མ་སུམ་འགྲེལ་སྟོད་ཆ། དབུ་མ་སུམ་འགྲེལ་སྨད་ཆ། དབུ་ཕར་དཀའ་གནད། འདུལ་བ་གནད་བསྡུས། སེར་བྱེས་མཁན་ཟུར་རྗེ་བཙུན་བློ་བཟང་དཔལ་ལྡན་གྱི་རྗེས་དྲན་སྙན་ངག །རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་དང་གཉིས་ཀྱི་སྐོར་དབྱིན་བོད་ཀྱི་དེབ་གཉིས། རྗེ་བྱམས་མཁས་པའི་རྣམ་ཐར་བཅས་དེབ་གྲངས་བཅུ་ཕྲག་ལྷག་རྩོམ་སྒྲིག་གནང་།
གཞན་ཡང་འཆད་ཁྲིད་དང་། བགྲོ་གླེང་། ཟབ་སྦྱོང་། ལེགས་སྦྱར་དང་པ་ལིའི་རྒྱལ་སྤྱི་དགེ་འདུན་པའི་ཤེས་ཡོན་བརྗེ་ལེན་ལས་འཆར། དེ་བཞིན་སྡིངས་ཆ་འདྲ་མིན་ཐོག་གཏམ་བཤད། མཻ་སོར་གཙུག་ལག་སློབ་གཉེར་ཁང་དང་ཟུང་འབྲེལ་གྱིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་གཞི་ལྷན་ཚོགས་དང་རྒྱུགས་ཞིབ་ལྷན་ཚོགས་ཀྱི་ཚོགས་མི་བྱས་མུས་ཡིན་པ་བཅས་སོ། །