ཐོག་མའི་བཟོ་དུས། Fri 11 Mar 2016 | 14:51

གསང་འདུས་ཀྱི་ཁྲིད་ཀྱི་བརྗེད་བྱང་སོགས།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

zksr190004དེབ་ཨང་།  ZKSR190004
གཞུང་ཆེན་ཁག [གསང་སྔགས།] སྤྱིའི་ཨང་། ༢༠༨
མཚན་བྱང་། གསང་བ་འདུས་པའི་རིམ་གཉིས་ཀྱི་ཁྲིད་ཀྱི་བརྗེད་བྱང་སོགས།
མཛད་པ་པོ།
ཨ་ཁུ་ཤེས་རབ་རྒྱ་མཚོ། [༡༨༠༣-༡༨༧༥]
བརྗོད་བྱ། གསང་བ་འདུས་པའི་རིམ་གཉིས་ཀྱི་རྣམ་གཞག
ཆོས་ཚན་གྲངས། གསུམ།
རྣམ་པ། PDF ཤོག་གྲངས། 289 ཆེ་ཆུང་། 1.9 MB
ཡིག་གྲངས། 334.286
གཤིབ་སྡུར་མཁན། སྐལ་བཟང་ཐར་འདོད།
བསྐྱར་སྒྲིག་པ། རྩོམ་སྒྲིག་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༠༣།༠༩ ལ་གསར་དུ་རྩོམ་སྒྲིག་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་ཉེར་བཞིའི་ཉིན་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཨ་ཁུ་ཤེས་རབ་རྒྱ་མཚོ་ནི། རྩེ་གཞུང་བྲག་དམར་མདོ་རུ་འཁྲུངས། དགུང་ལོ་དྲུག་གི་སྐབས་ཡི་གེ་འབྲི་ཀློག་སྦྱངས། ལོ་དེར་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་ཞུས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞུགས་ཏེ། མདོ་སྔགས་རིག་གནས་སོགས་ལ་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དཀོན་མཆོག་བསྟན་འཛིན་གསོལ། འཇམ་བཞད་སྐུ་ཕྲེང་གསུམ་པའི་དྲུང་ཡིག་གི་འགན་ཁུར། དགུང་ལོ་ཉེར་བརྒྱད་པར་དགེ་སློང་གི་སྡོམ་པ་བླངས། མཚན་ལ་ཤེས་རབ་རྒྱ་མཚོ་གསོལ། དུས་འཁོར་གྲྭ་ཚང་དུ་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་ཆ་ལག་དང་བཅས་པ་གསར་དུ་བཙུགས། ༡༨༧༥ ལོར་སྐུ་གཤེགས། གསུང་རྩོམ་ལ། པོ་ཏི་བདུན་བཞུགས།

1. འཁྲིད་མཁན། དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག    ཆོས་ཚན་དཀར་ཆག --  . འདུས་པ་འཕགས་ལུགས་ལྷ་སོ་གཉིས་པའི་ལམ་རིམ་པ་དང་པོའི་ཁྲིད་དམིགས་ཀྱི་བརྗེད་བྱང་མི་བསྐྱོད་མགོན་པོའི་ཞལ་ལུང་། ༢. དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔའི་དམར་ཁྲིད་ཀྱི་བརྗེད་བྱང་མི་བསྐྱོད་ཞལ་གྱི་བདུད་རྩི། ༣. འདུས་པའི་རྩ་རྒྱུད་ཀྱི་གླེང་གཞི་སྦས་བཤད་ཀྱི་ཡི་གེ་བཞི་བཅུའི་གསལ་བྱེད་རྡོ་རྗེའི་ལམ་གྱི་སྒྲོན་མེ།
PDF       ཕབ་ལེན།
ཤོག་ངོས་འདི་ཐེངས་ 300 བཀླགས་འདུག མཐའ་མའི་བསྐྱར་བཅོས། Sun 26 May 2019 | 10:29
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com