ཐོག་མའི་བཟོ་དུས། Fri 29 Dec 2017 | 17:34

དབུ་མའི་རང་ལུགས་སྣང་སྟོང་གྲོགས་འཆར།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

zku207021དེབ་ཨང་།  ZKU207021
གཞུང་ཆེན་ཁག །༼དབུ་མ།༽
སྤྱིའི་ཨང་། ༣༠༨
མཚན་བྱང་། མཐའ་བྲལ་དབུ་མའི་རང་ལུགས་སྣང་སྟོང་གྲོགས་སུ་འཆར་བའི་མེ་ལོང་།
རྩོམ་པ་པོ། སེར་བྱེས་ལྷ་རམས་པ་འཇམ་དབྱངས་གྲགས་པ།
བརྗོད་བྱ། ཟབ་མོ་སྟོང་པ་ཉིད།
ཡོང་ཁུངས། རྩོམ་པ་པོ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་བཅུ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

འཕྲུལ་དེབ་འདི་ནི་གོང་གསལ་རྩོམ་པ་པོས་ལྷ་རམས་ངག་གི་དབང་ཕྱུག་གི་རྩོམ་རྒྱུགས་སུ་བྲིས་པ་ཡིན་འདུག་ཅིང་། ལྷ་རམས་དགེ་བཤེས་ཀྱི་དམ་འཇོག་སྐབས་པར་སྐྲུན་བྱས་འདུག་པ་དང་། ཞུ་སྒྲིག་པ་སོགས་འཕྲུལ་དེབ་ཏུ་གསལ་ལ། པར་རྩའི་ཡོང་ཁུངས་གོང་འཁོད་ལྟར་དོ་བདག་གི་པར་རྩ་སོར་བཞག་གིས་རྩོམ་སྒྲིག་བྱས་ཡོད།

ཕབ་ལེན།   PDF  ཕབ་ལེན།    EPUB  ཕབ་ལེན།

ཤོག་ངོས་འདི་ཐེངས་ 538 བཀླགས་འདུག མཐའ་མའི་བསྐྱར་བཅོས། Mon 20 Aug 2018 | 16:03
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com