-
མདུན་ངོས།
-
གཞུང་འགྲེལ།
- སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
༢༠༢༥ ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།
སེར་བྱེས་མཁས་སྙན་གྲྭ་ཚང་གི་༢༠༢༥ལོའི་དབྱར་ཆོས་ཆེན་མོའི་ཆོས་རའི་མཛད་རིམ། | ||||||
---|---|---|---|---|---|---|
ཉིན་གྲངས། | བོད་ཟླ། | བོད་ཚེས། | ཕྱི་ཟླ། | ཕྱི་ཚེས། | རེས་གཟའ། | ཉིན་རེའི་མཛད་རིམ། |
༡ | ༥ | ༡༦ | 7 | 11 | པ་སངས། | ཆོས་རྒྱུགས། |
༢ | ༥ | ༡༧ | 7 | 12 | སྤེན་པ། | དབྱར་ཆོས་ཆེན་མོ་ཆོས་ར་ཡར་ཚོགས། |
༣ | ༥ | ༡༨ | 7 | 13 | ཉི་མ། | ཤིང་སློང་དམ་བཅའ། |
༤ | ༥ | ༡༩ | 7 | 14 | ཟླ་བ། | ཤིང་སློང་དམ་བཅའ། |
༥ | ༥ | ༢༠ | 7 | 15 | མིག་དམར། | གུང་སེང་། |
༦ | ༥ | ༢༡ | 7 | 16 | ལྷག་པ། | རིགས་རམས་དགེ་བཤེས་དམ་བཅའ། |
༧ | ༥ | ༢༢ | 7 | 17 | ཕུར་བུ། | རིགས་རམས་དགེ་བཤེས་དམ་བཅའ། |
༨ | ༥ | ༢༣ | 7 | 18 | པ་སངས། | དགེ་བཤེས་མཛད་སྒོ། ཕྱི་དྲོ་ཆོས་ར། |
༩ | ༥ | ༢༤ | 7 | 19 | སྤེན་པ། | སྔ་དགོང་ཆོས་ར། |
༡༠ | ༥ | ༢༥ | 7 | 20 | ཉི་མ། | སྔ་དགོང་ཆོས་ར། |
༡༡ | ༥ | ༢༦ | 7 | 21 | ཟླ་བ། | སྔ་དགོང་ཆོས་ར། |
༡༢ | ༥ | ༢༧ | 7 | 22 | མིག་དམར། | གུང་སེང་། |
༡༣ | ༥ | ༢༩ | 7 | 23 | ལྷག་པ། | སྔ་དགོང་ཆོས་ར། |
༡༤ | ༥ | ༣༠ | 7 | 24 | ཕུར་བུ། | སྔ་དགོང་ཆོས་ར། གསོ་སྦྱོང་། |
༡༥ | ༦ | ༡ | 7 | 25 | པ་སངས། | སྔ་དགོང་ཆོས་ར། |
༡༦ | ༦ | ༢ | 7 | 26 | སྤེན་པ། | ཤིང་སློང་སྐེད་པའི་དམ་བཅའ། |
༡༧ | ༦ | ༣ | 7 | 27 | ཉི་མ། | ཤིང་སློང་སྐེད་པའི་དམ་བཅའ། |
༡༨ | ༦ | ༤ | 7 | 28 | ཟླ་བ། | ཞོགས་ཆོས་བརྩི་བཞག |
༡༩ | ༦ | ༥ | 7 | 29 | མིག་དམར། | གུང་སེང་། |
༢༠ | ༦ | ༦ | 7 | 30 | ལྷག་པ། | སྔ་དགོང་ཆོས་ར། |
༢༡ | ༦ | ༧ | 7 | 31 | ཕུར་བུ། | སྔ་དགོང་ཆོས་ར། |
༢༢ | ༦ | ༨ | 8 | 1 | པ་སངས། | སྔ་དགོང་ཆོས་ར། |
༢༣ | ༦ | ༩ | 8 | 2 | སྤེན་པ། | སྔ་དགོང་ཆོས་ར། |
༢༤ | ༦ | ༡༠ | 8 | 3 | ཉི་མ། | སྔ་དགོང་ཆོས་ར། |
༢༥ | ༦ | ༡༡ | 8 | 4 | ཟླ་བ། | སྔ་དགོང་ཆོས་ར། |
༢༦ | ༦ | ༡༢ | 8 | 5 | མིག་དམར། | གུང་སེང་། |
༢༧ | ༦ | ༡༣ | 8 | 6 | ལྷག་པ། | སྔ་དགོང་ཆོས་ར། |
༢༨ | ༦ | ༡༤ | 8 | 7 | ཕུར་བུ། | སྔ་དགོང་ཆོས་ར། གསོ་སྦྱོང་། |
༢༩ | ༦ | ༡༥ | 8 | 8 | པ་སངས། | དུས་བཟང་ཆེན་མོ། |
༣༠ | ༦ | ༡༦ | 8 | 9 | སྤེན་པ། | ཆོས་ར་མར་གྲོལ། |
གསལ་བཤད། དབྱར་ཆོས་ཆེན་མོའི་ཞོགས་ཆོས་ཐམས་ཅད་ལ་བཀའ་འགྱུར་ཀློག་འདོན་ཡོད།
༢༠༢༥-༧-༨ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།