རྩོམ་སྒྲིག་ཚོགས་མི།
སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2026 ལོའི་ཟླ་བ། Sep ཚེས། 19 རེས་གཟའ། Sat

བཀའ་གདམས་ཆོས་འབྱུང་།

sjrb 0493མཛད་པ་པོ། པཎ་ཆེན་བསོད་ནམས་གྲགས་པ།
བརྗོད་བྱ། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0493
མ་ཕྱི། སེར་གཙུག་གྱི་དཔེ་ལྟར།
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 267 ལྗིད་ཚད། 2MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཁྲི་ཆེན་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་ནི། ཕྱི་ལོ་༡༤༧༨ལ་ལྷོ་ཁའི་རྩེད་ཐང་ཆོས་གྲྭ་ཆེན་པོ་དང་ཉེ་བར་སྐུ་འཁྲུངས། རྩེད་ཐང་དགོན་གྱི་ཆོས་གྲྭར་ཞུགས་ཏེ་འབྲི་ཀློག་སོགས་སྦྱངས། མཁས་གྲུབ་བསོད་ནམས་བཀྲ་ཤིས་ལས་རབ་ཏུ་བྱུང་སྟེ་མཚན་བསོད་ནམས་གྲགས་པར་གསོལ། གསང་ཕུར་གཞུང་ཆེན་སློབ་གཉེར་གནང་ཞིང་རྩེད་ཐང་ཆོས་སྡེ་དང་གཡའ་བཟང་དགོན་གཉིས་སུ་ཕར་ཕྱིན་དང་རྣམ་འགྲེལ་གྱི་གྲྭ་སྐོར་མཛད། དགུང་ལོ་བཅུ་དྲུག་པར་སེར་བྱེས་གྲྭ་ཚང་དུ་ཞུགས་ནས་ཀུན་མཁྱེན་དོན་ཡོད་དཔལ་ལྡན་དང་། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་སློབ་གཉེར་དཔྱིས་ཕྱིན་པར་གནང་ཞིང་མདོ་སྔགསཀྱི་ཆོས་རྒྱུན་གང་མང་གསན། ཕྱི་ལོ་༡༥༠༨ལོ་ནས་རྒྱུད་སྟོད་གྲྭ་ཚང་དུ་དཔལ་གསང་བ་འདུས་པ་སོགས་ལ་སློབ་གཉེར་གནང་། དགུང་ལོ་སོ་བཞིའི་སྐབས་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས་ཤིང་ལོ་བཅུ་གསུམ་གྱི་རིང་རྒྱུད་ཀྱི་འཆད་ཉན་མཛད། དགུང་ལོ་ཞེ་བདུན་པར་འབྲས་སྤུངས་བློ་གསལ་གླིང་གི་སློབ་དཔོན་གྱི་ཁྲིར་བཞུགས། དེ་རྗེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོར་ཡང་ཕེབས། དགུང་ལོ་ང་གཉིས་པ་ཕྱི་ལོ་༡༥༢༩ལོ་ནས་དགའ་ལྡན་གསེར་ཁྲི་ལོ་བརྒྱད་ཀྱི་རིང་བསྐྱངས། དགུང་ལོ་རེ་དྲུག་པར་འབྲས་སྤུངས་ཚོགས་ཆེན་གྱི་ཁྲིར་ཕེབས། ཕྱི་ལོ་༡༥༤༦ལོ་ནས་སེ་ར་ཐེག་ཆེན་གླིང་གི་ཁྲིར་ཕེབས་ཏེ་ཆོས་སྲིད་གཉིས་ཀྱིས་བསྐྱངས། སློབ་མའི་གཙོ་བོ་༸རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་མང་དུ་བྱུང་། ཕྱི་ལོ་༡༥༥༤དགུང་ལོ་དོན་བདུན་པར་འབྲས་སྤུངས་གཟིམས་ཁང་གོང་དུ་ཞི་བར་གཤེགས། གསུང་རྩོམ་ལ། མདོ་སྔགས་སོགས་ཀྱི་བསྟན་བཅོས་མང་དུ་བཞུགས། སྐུ་ཕྲེང་རིམ་པར་བྱོན་པ་རྣམས་ལ་མངའ་རིས་སྤྲུལ་སྐུ་རིན་པོ་ཆེ་ཞུ།
འཕྲུལ་དེབ་འདིར། ཇོ་བོ་རྗེ་ནས་བཀའ་གདམས་རིན་པོ་ཆེ་དབུ་བརྙེས་ཤིང་དར་རྒྱས་བྱུང་ཚུལ་དང་། རྗེ་ཡབ་སྲས་ཀྱི་རིང་ལུགས་སྐྱོང་བའི་གདན་ས་ཆེན་པོ་ཁག་དང་གསང་ཆེན་རྒྱུད་གྲྭ་སྟོད་སྨད་སོགས་ཀྱི་ཆོས་གྲྭ་ཁག་གསར་འདེབས་དང་དར་རྒྱས་བྱུང་བའི་སྐོར་བཞུགས།

ངོ་ཤོག 1 ནས་ 749