སྒྲ་མཛོད་ཀྱི་གསལ་བཤད།
དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་མཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་་་་
སྒྲ་མཛོད། (790)
ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ། སྨད་ཆ། [ཚ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་ཙོང་ཁ་པ་ཆེན་པོ།
བརྗོད་བྱ། ཟབ་མོ་དབུ་མའི་ལྟ་བའི་སྐོར།
འཁྲིད་མཁན། དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱ་མཚོ།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0800
སྒྲའི་རྣམ་པ། MP3 གྲངས་ཀ 73 ལྗིད་ཚད། 2.09GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་ ༨ ཚེས་ ༡༠ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། སེར་བྱེས་ལྷོ་པ་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱ་མཚོ་ནི། མདོ་ཁམས་སོག་ཤོད་དུ་སྐུ་འཁྲུངས། གཞི་རིམ་སློབ་གྲྭ་འགྲིམས་ཏེ་བོད་ཡིག་དང་ཨང་རྩིས་སོགས་སྦྱངས། སོག་ཙན་དན་དགོན་གྱི་ཆོས་སྒོར་ཞུགས་ཏེ་འདོན་ཆོག་ཕྱག་ལེན་རྣམས་ཞིབ་པར་སྦྱངས། ༡༩༩༧ལོར་རྒྱ་གར་དུ་འབྱོར་ཞིང་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ནས་ལོ་འཁོར་གྱི་རྒྱུགས་སྤྲོད་ཕལ་ཆེ་བ་རྩེ་ཕུད་དང་པོའི་དང་པོ་དང་། ཕར་ཕྱིན་རབ་འབྱམས་དང་དབུ་མ་རབ་འབྱམས་གཉིས་ཀ་རྒྱུགས་འབྲས་རྩེ་ཕུད་དང་པོའི་དང་པོ་ཐོབ། རིགས་ཆུང་ཚོགས་ལངས་མཛད། ཞར་ལ་བརྡ་སྤྲོད་དང་སྙན་ངག་སོགས་སྦྱངས་ནས་སློབ་ཕྲུག་མང་པོར་སུམ་རྟགས་དག་གསུམ་འཆད་ཁྲིད་ཀྱང་བྱས། ༢༠༠༨ལོར་གདན་ས་གསུམ་གྱི་དགེ་འདུན་ཚོགས་པའི་དབུས་སུ་ཚད་མ་རྣམ་འགྲེལ་གྱི་དམ་འཇོག་དང་། ༢༠༡༢ལོར་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་འཇོག་གནང་། ༢༠༠༩ལོར་ྋསྐྱབས་མགོན་ྋརྒྱལ་བ་རིན་པོ་ཆེ་དྲུང་དུ་དབུ་མའི་དགག་བྱའི་དཀའ་གནད་རྩོད་རྒྱུགས་ཕུལ། ༢༠༡༥ནས་རིམ་གྱིས་ལོ་ངོ་དྲུག་གི་རིང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ཏེ་ལོ་ལྟར་རྒྱུགས་འབྲས་རྩེ་ཕུད་དང་པོའི་དང་པོ་བླངས་ཏེ་མཐར་ལྷ་རམས་ཨང་དང་པོའི་མཚན་གནས་ཐོབ། ༢༠༢༠ལོར་སེ་ར་ཚོགས་ཆེན་དུ་རིགས་ཆེན་ཚོགས་ལངས་དང་དཀར་སྤྲོ་ཚོགས་ལངས་གཉིས་ཀའི་གོ་སྐབས་ཐོབ། ༢༠༢༡ལོ་རྒྱུད་སྨད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་བྱས་ཤིང་། གསང་སྔགས་ཀྱི་རྒྱུགས་འབྲས་ཀྱང་ཨང་དང་པོའི་དང་པོ་ཐོབ། ༢༠༠༩ནས་བཟུང་སེར་བྱེས་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་བྱས་ཏེ་སློབ་ཁྲིད་བྱས་དང་བྱེད་མུས་ཡིན་ལ། དེང་སྐབས་སེར་བྱེས་གྲྭ་ཚང་གི་མཁས་པའི་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་བཅས་ལོ་རྒྱུས་སྙིང་བསྡུས་སུ།
དེ་ལས་མང་བ།...
ཁྲིད་གཞུང་། དགེ་སློང་གི་བསླབ་བྱ་ཐུབ་དབང་ཞལ་ལུང་། ཀ
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ཁྲིད་གཞུང་། དགེ་སློང་གི་བསླབ་བྱ་ཐུབ་དབང་ཞལ་ལུང་།
ཁྲིད་གཞུང་མཛད་པ་པོ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། དགེ་སློང་གི་བསླབ་བྱ།
འཁྲིད་མཁན། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0797
སྒྲའི་རྣམ་པ། MP3 གྲངས་ཀ 8 ལྗིད་ཚད། 303.9 MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་ ༨ ཚེས་ ༦ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི། ༡༩༣༥ ལོར་ལྷ་རྩེར་འཁྲུངས། དགུང་ལོ་བཅུའི་སྐབས་ཆོས་སྒོར་ཞུགས། དགུང་ལོ་བཅུ་དྲུག་གི་སྐབས་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་གསན་གཟིགས་དང་ཐུགས་གཉེར་གནང་། ༡༩༦༠ ལོར་བྱེས་སུ་ཕེབས་ཏེ་གཞུང་ཆེན་ལྷག་མ་རྣམས་དང་གསང་སྔགས་ཀྱི་གཞུང་ལ་ཐུགས་གཉེར་གནང་། ༡༩༧༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ། བླ་མ་དབུ་མཛད་དང་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ༢༠༡༠ ལོར་བྱང་རྩེ་ཆོས་རྗེར་ཕེབས་ཤིང་། ༢༠༡༧ལོའི་ཟླ་༦ཚེས་༢༤ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཐོག་བརྒྱ་དང་བཞི་པར་བསྐོ་བཞག་གི་བཀའ་ཡིག་སྩལ་གནང་མཛད་པ་དང་། ལོ་དེའི་ཕྱི་ཟླ་༨ཚེས་༤ཉིན་དགའ་ལྡན་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་ཏེ་དགའ་ལྡན་ཁྲི་རིན་པོ་ཆེའི་མཛད་ཁུར་དངོས་སུ་བཞེས་ཤིང་། རྒྱུན་དུ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་ལུང་ཆོས་མན་ངག་དང་། གདན་ས་ཁག་ཏུ་སློབ་གཉེར་པ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པའི་བཀའ་ཁྲིད་རྒྱུན་ཆད་མེད་པར་གནང་བཞིན་བཞུགས་པ་ལས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ པར་དགའ་ལྡན་ཁྲི་པའི་མཛད་འགན་ཡོངས་སུ་གྲུབ་སྟེ་ཁྲི་ཟུར་པའི་མཚན་གནས་བཞེས་པ་དང་། དེ་ནས་ཀྱང་དོན་གཉེར་ཅན་སྐལ་བ་དང་ལྡན་པ་རྣམས་ལ་དམ་པའི་ཆོས་ཀྱི་བགོ་སྐལ་བར་མེད་དུ་སྩོལ་བཞིན་བཞུགས། མཐར་དགུང་གྲངས་ ༩༠ ཐོག་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༦ ཉིན་ཞིང་འདིའི་བསྟན་འགྲོའི་དོན་མཛད་པའི་འཕྲོ་རྣམས་རེ་ཞིག་བཞག་སྟེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་མཛད་པ་ལགས་སོ།།
ཁྲིད་གཞུང་། དགེ་སློང་གི་བསླབ་བྱ་ཐུབ་དབང་ཞལ་ལུང་། ཁ
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ཁྲིད་གཞུང་། དགེ་སློང་གི་བསླབ་བྱ་ཐུབ་དབང་ཞལ་ལུང་།
ཁྲིད་གཞུང་མཛད་པ་པོ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། དགེ་སློང་གི་བསླབ་བྱ།
འཁྲིད་མཁན། རྒྱུད་སྨད་མཁན་ཟུར་དགའ་བྱང་རྒན་བློ་བཟང་ངག་དབང་མཆོག
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0798
སྒྲའི་རྣམ་པ། MP3 གྲངས་ཀ 26 ལྗིད་ཚད། 436.9MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་ ༨ ཚེས་ ༡༠ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
དགའ་ལྡན་བྱང་རྩེ་གྲྭ་ཚང་གི་རྒྱུད་སྨད་མཁན་ཟུར་བློ་བཟང་ངག་དབང་མཆོག་ནི། བོད་དུ་སྐུ་འཁྲུངས་ཤིང་། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། དུས་འགྱུར་སྐབས་འཕགས་ཡུལ་དུ་ཕེབས་ཤིང་སློབ་གཉེར་གྱི་འཕྲོ་བསྐྱངས་ཡོད་པ་དང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་པོ་གནང་ཞིང་། རྒྱུན་དུ་གྲྭ་ས་རང་དུ་རྒྱུན་བཞུགས་ཀྱིས་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དང་། ཕྱི་ནང་གི་དོན་གཉེར་ཅན་མང་པོར་ལུང་ཆོས་སོགས་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]
ཁྲིད་གཞུང་། གུང་ཐང་སློབ་གཉེར་བསླབ་བྱ། [ཁ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ཁྲིད་གཞུང་མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། གཞུང་ཆེན་སློབ་གཉེར་བྱེད་སྟངས།
འཁྲིད་མཁན། བློ་གླིང་དགེ་བཤེས་ཟླ་བ་ཚེ་རིང་།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0796
སྒྲའི་རྣམ་པ། MP3 རྣམ་གྲངས། 14 ཆེ་ཆུང་། 201.3MB
སྒྲ་སྒྲིག་སྦྱོར་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ལོའི་ཟླ་ ༠༨ ཚེས་ ༦ ལ་གསར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་བློ་གླིང་དགེ་བཤེས་ཟླ་བ་ཚེ་རིང་ནི། ཕྱི་ལོ་༡༩༧༣ ལོར་བོད་དཀར་མཛེས་ཀྱི་གྲོང་གསེབ་ཅིག་ཏུ་འཁྲུངས་ཤིང་། ཆུང་དུས་ནས་རབ་ཏུ་བྱུང་། རང་ལོ་༡༥པ་ཕྱི་ལོ་༡༩༨༨ ལོར་འཕགས་ཡུལ་དུ་འབྱོར་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་རྒན་དཔལ་ལྡན་གྲགས་པ་སོགས་ལ་གཏུགས་ཤིང་གཞུང་ཆེན་དཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ། དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་གནས་དང་གྲྭ་སྐོར་དམ་འཇོག་མཛད། དེ་རྗེས་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམས་ཏེ་སྔགས་ལ་སློབ་གཉེར་གནང་བ་དང་་སྔགས་རམས་པ་ཨང་གཉིས་པའི་མཚན་གནས་བཞེས། སློབ་གཉེར་གྱི་སྐབས་ནས་སློབ་གཉེར་བ་རྣམས་ལ་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང་ཞིང་། ལྷག་པར་དུ་སློབ་གཉེར་མཐར་ཕྱིན་པའི་རྗེས་སུ་གྲྭ་ས་རང་དུ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆག་མེད་གནང་བཞིན་པ་དང་། བརྩམས་ཆོས་པར་སྐྲུན་བྱས་ཚར་བ་པོད་དྲུག་ཡོད།
ཁྲིད་གཞུང་། བླ་མ་མཆོད་པ་དང་དགེ་ལྡན་ཕྱག་ཆེན་གྱི་བཀའ་ཁྲིད།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ཁྲིད་གཞུང་། བླ་མ་མཆོད་པ་དང་དགེ་ལྡན་ཕྱག་ཆེན་གྱི་བཀའ་ཁྲིད།
ཁྲིད་གཞུང་མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་རྒྱན།
བརྗོད་བྱ། བླ་མའི་རྣལ་འབྱོར་དང་ལྟ་བ་སྒོམ་སྟངས།
འཁྲིད་མཁན། སློབ་དཔོན་ཟམ་གདོང་རིན་པོ་ཆེ།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0795
སྒྲའི་རྣམ་པ། MP3 གྲངས་ཀ 51 ལྗིད་ཚད། 2.01GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་དང་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་༨ ཚེས་༧ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༣༩ ཟླ་ ༡༡ ཚེས་ ༥ ཉིན་མདོ་ཁམས་འཇོལ་ནགས་འབྲུག་ཏུ་ཡབ་མགོན་པོ་བསོད་ནམས་དང་། ཡུམ་པདྨ་མཁའ་འགྲོ་གཉིས་ཀྱི་རིགས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔར་ཉེ་བ་ན་ཟམ་གདོང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་གདོལ་པོའི་དགོན་པར་ཆོས་ཞུགས་མཛད། དགུང་ལོ་བདུན་གྱི་ཐོག་ཟངས་འབུམ་རྡོ་རྗེ་འཆང་གི་དྲུང་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ༡༩༦༠ ལོར་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གཏན་སློབ་དང་རྡོར་གླིང་བཅས་སུ་ལོ་མང་རིང་ཆོས་དགེ་དང་། སློབ་སྤྱི་སོགས་ཀྱི་མཛད་འགན་བཞེས། ༡༩༦༨ ལོར་ཌལ་ཧོར་གདན་གསུམ་འདུས་ཚོགས་སར་དགེ་བཤེས་ལྷ་རམས་འཕར་མའི་དམ་འཇོག་དང་། ༡༩༦༩ ལོར་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་སྔགས་རམས་པའི་དམ་འཇོག་མཛད། ༡༩༧༡ ནས་བཟུང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བགྲང་བྱ་བཅུ་ཕྲག་གསུམ་ལ་ཉེ་བའི་རིང་སློབ་སྤྱི་དང་ངེས་སྟོན་པའི་མཚན་གནས་ཐོག་མཛད་འགན་བཞེས། རྒྱ་གར་རྒྱལ་ཡོངས་ཀྱི་ནང་ཡོད་ཆེས་མཐོའི་གཙུག་ལག་སློབ་ཁང་༢༤༠བརྒལ་བའི་འགན་འཛིན་རིགས་བདག་ལྷན་ཚོགས་(A.I.C) ཀྱི་ཚོགས་མི་དང་། ཚོགས་གཞོན། ཚོགས་གཙོ་བཅས་ཀྱི་མཛད་འགན་བཞེས། ཆེས་མཐོའི་གཙུག་ལག་སློབ་ཁང་(A.C.U) ཁག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་མི་ཅི་རིགས་ཀྱི་མཛད་འགན་སྣ་མང་བཞེས། རྒྱ་གར་དབུས་གཞུང་གི་ཆེས་མཐོའི་ལྟ་གྲུབ་ཉམས་ཞིབ་བམ། Indian Council of philosophical Research ཞེས་པའི་རྒྱལ་ཡོངས་སློབ་སྟོན་པའི་མཚན་གནས་བཞེས། ༡༩༩༡ ལོར་ཐད་བསྐོས་སྤྱི་འཐུས་དང་། སྐབས་བཅུ་གཉིས་པའི་མདོ་སྟོད་སྤྱི་འཐུས་དང་། ལོ་བཅུའི་རིང་སྤྱི་འཐུས་ཚོགས་གཙོའི་མཛད་འགན་བཞེས། ༢༠༠༡ ནས་ལོ་ངོ་བཅུའི་རིང་བཀའ་བློན་ཁྲི་པའི་མཛད་འགན་བཞེས། ༢༠༡༡ ནས་བཟུང་རྒྱལ་ཁབ་ཕྱི་ནང་གང་སར་ཚོགས་སྡེ་ཁག་དང་དད་ལྡན་རྣམས་ལ་སློབ་སྟོན་དང་ཆོས་འཁོར་སྐོར་བཞིན་པ་བཅས་མཛད་རྣམ་མདོར་བསྡུས་སུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
ཁྲིད་གཞུང་། གུང་ཐང་སློབ་གཉེར་བསླབ་བྱ། [ ཀ ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ཁྲིད་གཞུང་མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། གཞུང་ཆེན་སློབ་གཉེར་བྱེད་སྟངས།
འཁྲིད་མཁན། སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0794
སྒྲའི་རྣམ་པ། MP3 རྣམ་གྲངས། 6 ཆེ་ཆུང་། 336.2MB
སྒྲ་སྒྲིག་སྦྱོར་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ལོའི་ཟླ་ ༠༨ ཚེས་ ༦ ལ་གསར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ནི། ༡༩༦༨ ལོར་བོད་འདན་ཡུལ་ཀ་ཕུ་བསམ་འགྲུབ་གླིང་དུ་འཁྲུངས། རང་ལོ་ཉི་ཤུའི་སྟེང་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཤིང་། སློབ་གཉེར་གྱི་ཆེད་དབུས་སུ་ཕྱིན་ནའང་རྐྱེན་དུ་མས་སྡོད་མ་ཐུབ་པར་ཕྱིར་ལོག་སྟེ། སེར་ཤུལ་དགོན་དུ་ཆོས་ཞུགས་བྱས། རང་ལོ་ཉེར་བཞིའི་སྐབས་འཕགས་ཡུལ་དུ་བརྟོལ་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར། ༢༠༠༡ ལོར་སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་ཐུགས་རེ་ལྟར་སེར་ཤུལ་དགོན་གྱི་དཔེ་ཁྲིད་དགེ་རྒན་དུ་བོད་ལ་ལོག །རང་ལོ་སོ་ལྔའི་སྐབས་སློབ་གཉེར་གྱི་འཕྲོ་བསྐྱང་ཆེད་སླར་ཡང་འཕགས་ཡུལ་དུ་བརྟོལ་ཏེ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དང་དམ་བཅའ་བཞག །དེ་རྗེས་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། དེ་ནས་བོད་དུ་སེར་ཤུལ་དགོན་གྱིས་གདན་འདྲེན་བྱས་པ་ལྟར་རང་ཡུལ་དུ་ལོག་སྟེ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གནང་མཛད། ཕྱི་ལོ་༢༠༡༩ཟླ་༡༠ཚེས་༡༩ཉིན་དགོངས་པ་གཤེགས།
༸གོང་ས་མཆོག་གི་སྒྲ་མཛོད།
སྒྲ་མཛོད་ཀྱི་རེའུ་མིག
མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་དང་པོ།
སྡེ་ཚན། : མཁས་པ་གཞན། | ཀློག་གྲངས། 28339
ྋགོང་ས་མཆོག་གི་སྒྲ་མཛོད་ཀྱི་རེའུ་མིག་དང་པོ།
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 18538
མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་གསུམ་པ།
སྡེ་ཚན། : མཁས་པ་གཞན། | ཀློག་གྲངས། 23023
མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་གཉིས་པ།
སྡེ་ཚན། : མཁས་པ་གཞན། | ཀློག་གྲངས། 32274