
འདུལ་བ། (20)
ཁྲིད་གཞུང་། མཚོ་ཊཱིཀ་སྟོད་ཆ། [ཁ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོ།
བརྗོད་བྱ། སོ་ཐར་སྡོམ་པའི་སྐོར།
འཁྲིད་མཁན། དགེ་བཤེས་ཡ་མ་དར་རྒྱས།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0732
སྒྲའི་རྣམ་པ། MP3 གྲངས་ཀ 50 ལྗིད་ཚད། 2.GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ཟླ་ ༨ ཚེས་ ༢༧ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཡ་མ་དར་རྒྱས་མཆོག་ནི། མདོ་ཁམས་བཀྲ་ཤིས་དར་རྒྱས་དགོན་གྱི་ཉེ་འདབས་སུ་ཕྱི་ལོ་༡༩༧༢ལོར་ཡབ་བྱམས་ཅན་དང་ཡུམ་ཚུལ་ཁྲིམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་རྒན་རྡོ་རྗེ་བསམ་འགྲུབ་ཀྱི་དྲུང་ནས་ཡི་གེ་སྦྱོར་ཀློག་འགོ་བཙུགས། དེ་ནས་དར་དགོན་མཁན་ཟུར་རིན་པོ་ཆེ་ཀརྨ་དོན་འགྲུབ་མཆོག་གི་དྲུང་ནས་ཡི་གེ་འབྲི་བ་དང་དཔེ་འཛིན་སྐྱོར་སྦྱང་སོགས་བྱས་ཤིང་མཚན་ཉིད་གཞུང་ལའང་སློབ་སྦྱོང་ཅུང་ཟད་བྱས། ༡༩༨༨ལོར་བཀྲ་ཤིས་དར་རྒྱས་དགོན་དུ་ཞུགས་ནས་དགོན་དེར་རིགས་ཆུང་ཚོགས་ལངས་ཀྱང་མཛད། ༡༩༩༠ལོར་རྒྱ་གར་དུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། ༡༩༩༡ལོར་རྒྱུད་སྨད་མཁན་ཟུར་ཨོ་རྒྱན་ཚེ་བརྟན་མཆོག་གི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། རྗེ་བཙུན་དམ་པ་འཕྲིན་ལས་རྡོ་རྗེ་མཆོག་དང་། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་མཆོག་དང་། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་སོགས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ་གཞུང་ཆེན་བཀའ་པོད་རྣམས་ལ་སྦྱང་བརྩོན་ལྷོད་མེད་མཛད། ༡༩༩༢ལོར་ཏྲེ་ཧོར་ཁང་ཚན་དུ་རྟགས་རིགས་ཚོགས་བསགས་དམ་འཇོག་དང་། སླར་ཡང་༢༠༠༢ལོར་དབུ་མའི་ཚོགས་བསགས་དམ་འཇོག་གནང་། ༡༩༩༥སེར་བྱེས་མཁས་སྙན་གྲྭ་ཚང་དུ་རིགས་ཆུང་རིགས་སྔ་རྒོལ་གྱི་ཚོགས་ལངས་མཛད། ལོ་དེར་དཔལ་ལྡན་འབྲས་སྤུངས་སུ་འཇང་དགུན་ཆོས་ལ་འབྲས་རྟགས་ཀྱི་ཐོར་ཆོས་དམ་འཇོག་གནང་། ༡༩༩༦ལོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ༢༠༠༡ལོར་སེར་བྱེས་ཏྲེ་ཧོར་ཁང་ཚན་དུ་ ༧གོང་ས་མཆོག་གི་སྤྱན་སྔར་དབུ་མའི་དམ་འཇོག་གནང་། ལོ་དེར་སེར་བྱེས་མཁས་གྲྭ་ཚང་དུ་དབུ་མའི་སྤྱི་དོན་དང་དགོངས་པ་རབ་གསལ་ཆ་ཚང་བའི་ཚོགས་བསགས་དང་དམ་འཇོག་བྱས། ༢༠༡༠ལོར་སེར་བྱེས་གྲྭ་ཚང་དུ་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྤྱན་སྔར་རྣམ་འགྲེལ་དམ་འཇོག་གི་གོ་སྐབས་ཐོབ། ལོ་དེར་སེ་ར་བླ་སྤྱིར་འདུལ་བའི་གཞུང་ལ་རིགས་ཆེན་ཚོགས་ལངས་མཛད། ༢༠༠༥ནས་དགེ་ལུགས་རྒྱུགས་སྤྲོད་ཕེབས་ཏེ་སློབ་མཐར་རྩེར་སོན་གྱིས་ལོ་ཐ་མ་བཞི་ལ་ཨང་རིམ་གཉིས་པར་ཐོབ། ༢༠༡༠ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་དགེ་བཤེས་ལྷ་རམས་དམ་འཇོག་མཛད། ༢༠༡༡ལོར་གནས་མཆོག་ཝཱར་ཎར་གདན་ས་གསུམ་གྱི་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་གནང་། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་གསན་བསམ་མཛད་པས་སྔགས་ཀྱི་རྩོད་རྒྱུགས་ཨང་རིམ་གཉིས་པར་ཐོབ། ༢༠༡༣ནས་སེར་བྱེས་མཁས་སྙན་གྲྭ་ཚང་མཆོག་གི་སློབ་གཉེར་རྒན་གྱི་འགན་བཞེས་ལོ་གསུམ་རིང་མཛད། མདོར་ན་ཁོང་གིས་༡༩༩༧ ནས་ད་ལྟའི་བར་དུ་གཞན་གང་དུ་ཡང་མ་ཕེབས་པར་གྲྭ་ཚང་འདིར་བཞུགས་ཏེ་དཔེ་འཁྲིད་རྒན་གྱི་ཐུགས་འགན་བཞེས་དང་བཞེས་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།
ཕྱི་ལོ་༢༠༢༢ཟླ་༩ཚེས་༡༨ལ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་སྒྲིག་བྱས།
དེ་ལས་མང་བ།...
ཁྲིད་གཞུང་། མཚོ་ཊཱིཀ་གཞི་སྨད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཁྲིད་གཞུང་། མཚོ་ཊཱིཀ་གཞི་སྨད།
མཛད་པ་པོ། མཚོ་སྣ་བ་ཤེས་རབ་བཟང་པོ།
བརྗོད་བྱ། སོ་སོར་ཐར་པའི་སྡོམ་པའི་སྐོར།
འཁྲིད་མཁན། དགེ་བཤེས་ངག་དབང་སངས་རྒྱས།
རིག་མཛོད་སྒྲ་སྤྱིའིཨང་། SJRA-0659
རྣམ་པ། MP3
རྣམ་གྲངས། 89
ལྗིད་ཚད། 4.3GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༠ ཟླ་ ༩ ཚེས་ ༡༦ ལ་གསར་དུ་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ངག་དབང་སངས་རྒྱས་ནི། ༡༩༧༠ ལོར་ལ་དྭགས་ས་ཕུད་དུ་སྐུ་འཁྲུངས། རང་ལོ་བཅུ་པའི་སྐབས་གཞུང་གི་སྔོན་འགྲོའི་གཞི་རིམ་སློབ་གྲྭར་འཛིན་གྲྭ་བཞི་པ་བར་དུ་སློབ་སྦྱོང་གནང་། ༧༩ ལོར་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་། མཁན་རིན་པོ་ཆེ་ངག་དབང་ལེགས་ལྡན་ལས་རབ་ཏུ་བྱུང་ཏེ་ངག་དབང་སངས་རྒྱས་ཞེས་པའི་མཚན་གསོལ། དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་གནང་། རང་ལོ་སུམ་ཅུ་སོ་གཅིག་གི་སྐབས་ ༢༠༠༡ ལོར་ལྷ་རམས་པའི་དམ་འཇོག་གནང་སྟེ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམསས། རྒྱུན་དུ་སློབ་གཉེར་པ་བརྒྱ་ཕྲག་མང་པོར་དཔེ་ཁྲིད་གནང་བཞིན་བཞུགས་ཡོད་ལ། ལ་དྭགས་སོགས་དང་ཕྱིའི་ཡུལ་གྲུ་ཁག་ཏུའང་འགྲོ་དོན་སྐྱོང་མུས་སུ་བཞུགས་པ་འདི་ག་ལགས་སོ།།
ཁྲིད་གཞུང་། འདུལ་བ་རྨ་སྡོམ། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZD2020460
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༦༡༠
རྣམ་པ། MP3 རྣམ་གྲངས། 47 ཆེ་ཆུང་། 1.42 GB
ཁྲིད་གཞུང་། འདུལ་བ་རྨ་སྡོམ།
མཛད་པ་པོ། ཤར་ཆེན་ངག་དབང་ཚུལ་ཁྲིམས། [དུས་རབས། ༡༩]
འཁྲིད་མཁན། རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག
ཡོང་ཁུངས། བོད་ནང་གི་འཕྲིན་ཚོམས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་ནི། སྤྱི་ལོ་ ༡༩༢༨ ལོར་བོད་ཤར་ཕྱོགས་རྒྱལ་རོང་ཅོག་ཙེ་ས་ཁུལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་ཕེབས་ཏེ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྒྲིག་ཞུགས་དང་རབ་བྱུང་དགེ་ཚུལ་སློང་གི་བསླབ་སྡོམ་རྣམས་ལེགས་པར་མནོས་ཏེ། གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་དང་། སློབ་གཉེར་གྱི་སྐབས་ནས་གཞན་ལ་དཔེ་ཁྲིད་ཀྱང་གནང་། ༡༩༥༩ ནས་ལོ་ཤས་རིང་རྒྱ་གཞུང་གི་བཅོས་བསྒྱུར་ལས་འགུལ་ཁྲོད་སྐུ་ངལ་བསྐྱོན་དགོས་བྱུང་། ༡༩༦༢ ལོར་འཕགས་ཡུལ་དུ་ཕེབས་ཤིང་སྦག་ས་ཆོས་སྒར་དུ་བཞུགས་ཏེ། གཞུང་ཆེན་དཔེ་ཁྲིད་བསྐྱངས། ༡༩༦༦ ལོར་ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས། ལོ་དེར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོ་གནང་བ་ནས་ལོ་ངོ་བཅུ་གཅིག་རིང་མཁན་པོའི་མཛད་འགན་བསྐྱངས་པ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་དང་། སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆག་མེད། གྲྭ་ཚང་རིན་པོ་ཆེའི་ཆོས་སྲིད་ལ་སྨན་པའི་མཛད་འགན་གང་མང་གནང་། ༡༩༩༡ ནས་ལོར་བོད་དུ་ཕེབས་ཏེ་གཞུང་ཆེན་མོའི་ཁྲིད་དང་དབང་ལུང་སོགས་གནང་། ༡༩༩༨ ལོར་གྲྭ་ཚང་གིས་ཐུགས་རེ་ལྟར། སིངྒ་པུར་སོགས་ཕྱིའི་ཡུལ་གྲུ་རྣམས་སུ་ཕྱོགས་བསྐྱོད་དང་། གྲྭ་ཚང་གི་འདུ་ཁང་ཆེན་མོ་གསར་རྒྱག་སོགས་ལ་སྨན་པར་མཛད། སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡།༡༥ ཙམ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།
ཁྲིད་གཞུང་། འདུལ་བ་རྨ་སྡོམ། [ཀ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZD2020459
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༦༠༩
རྣམ་པ། MP3 རྣམ་གྲངས། 114 ཆེ་ཆུང་། 3.26 GB
ཁྲིད་གཞུང་། འདུལ་བ་རྨ་སྡོམ།
མཛད་པ་པོ། ཤར་ཆེན་ངག་དབང་ཚུལ་ཁྲིམས། [དུས་རབས། ༡༩]
འཁྲིད་མཁན། རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག
ཡོང་ཁུངས། བོད་ནང་གི་འཕྲིན་ཚོམས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་ནི། སྤྱི་ལོ་ ༡༩༢༨ ལོར་བོད་ཤར་ཕྱོགས་རྒྱལ་རོང་ཅོག་ཙེ་ས་ཁུལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་ཕེབས་ཏེ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྒྲིག་ཞུགས་དང་རབ་བྱུང་དགེ་ཚུལ་སློང་གི་བསླབ་སྡོམ་རྣམས་ལེགས་པར་མནོས་ཏེ། གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་དང་། སློབ་གཉེར་གྱི་སྐབས་ནས་གཞན་ལ་དཔེ་ཁྲིད་ཀྱང་གནང་། ༡༩༥༩ ནས་ལོ་ཤས་རིང་རྒྱ་གཞུང་གི་བཅོས་བསྒྱུར་ལས་འགུལ་ཁྲོད་སྐུ་ངལ་བསྐྱོན་དགོས་བྱུང་། ༡༩༦༢ ལོར་འཕགས་ཡུལ་དུ་ཕེབས་ཤིང་སྦག་ས་ཆོས་སྒར་དུ་བཞུགས་ཏེ། གཞུང་ཆེན་དཔེ་ཁྲིད་བསྐྱངས། ༡༩༦༦ ལོར་ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས། ལོ་དེར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོ་གནང་བ་ནས་ལོ་ངོ་བཅུ་གཅིག་རིང་མཁན་པོའི་མཛད་འགན་བསྐྱངས་པ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་དང་། སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆག་མེད། གྲྭ་ཚང་རིན་པོ་ཆེའི་ཆོས་སྲིད་ལ་སྨན་པའི་མཛད་འགན་གང་མང་གནང་། ༡༩༩༡ ནས་ལོར་བོད་དུ་ཕེབས་ཏེ་གཞུང་ཆེན་མོའི་ཁྲིད་དང་དབང་ལུང་སོགས་གནང་། ༡༩༩༨ ལོར་གྲྭ་ཚང་གིས་ཐུགས་རེ་ལྟར། སིངྒ་པུར་སོགས་ཕྱིའི་ཡུལ་གྲུ་རྣམས་སུ་ཕྱོགས་བསྐྱོད་དང་། གྲྭ་ཚང་གི་འདུ་ཁང་ཆེན་མོ་གསར་རྒྱག་སོགས་ལ་སྨན་པར་མཛད། སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡།༡༥ ཙམ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།
ཁྲིད་གཞུང་། གཞི་གསུམ་གྱི་ཆོ་ག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZD3333309
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༤༣༧
རྣམ་པ། MP3 རྣམ་གྲངས། 10 ཆེ་ཆུང་། 452.7 MB
ཁྲིད་གཞུང་། གཞི་གསུམ་གྱི་ཆོ་ག །
མཛད་པ་པོ། འདུལ་འཛིན་གྲགས་པ་རྒྱལ་མཚན། [༡༣༧༤-༡༤༣༤]
འཁྲིད་མཁན། དགེ་བཤེས་མཁས་གྲུབ་ནོར་བཟང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་མཁས་གྲུབ་ནོར་བཟང་ནི། བོད་དུ་འཁྲུངས། འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམསས། ཆོས་ཐོག་ཐོན་པ་དང་རྒྱུད་སྟོད་དུ་བཞུགས་ཏེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དང་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམས་ལ་སྔགས་ཀྱི་དཔེ་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]
ཁྲིད་གཞུང་། ཀུན་མཁྱེན་གྱི་འདུལ་བའི་མཐའ་དཔྱོད། [ཀ] གཞི་སྨད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZD2030407
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༣༥
རྣམ་པ། MP3 རྣམ་གྲངས། 30 ཆེ་ཆུང་། 1.74 GB
ཁྲིད་གཞུང་། འདུལ་བའི་རྣམ་དཔྱད་ཙིནྟ་མ་ཎིའི་ཕྲེང་མཛེས།
མཛད་པ་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པ།[༡༦༤༨-༡༧༢༢]
འཁྲིད་མཁན། དགེ་བའི་བཤེས་གཉེན་དགེ་འདུན་རྒྱ་མཚོ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བཞི་པའི་ཚེས་བཞིའི་ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་འདུན་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༩༣༢ ལོར་སྐུ་འཁྲུངས། དགུང་ལོ་དྲུག་གི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་སངས་རྒྱས་རྒྱ་མཚོ་གནས་དང་ཀློག་གི་སློབ་དཔོན་དུ་བསྟེན། གཞན་རྗེ་འཇིགས་མེད་རྒྱ་མཚོ་སོགས་ལས་རྣམ་འགྲེལ་ནས་བཟུང་དབུ་ཕར་མཛོད་འདུལ་བཅས་པོ་ཏི་ལྔས་མཚོན་མདོ་སྔགས་རིག་གནས་ལ་གསན་བསམ་གནང་། བདེ་ཐང་མཁན་ཆེན་ཆོས་ཀྱི་ཉི་མའི་དྲུང་ནས་ལྔ་ཚོགས་ཀྱི་བསྙེན་པར་རྫོགས། ༧གོང་ས་རྒྱལ་བའི་དབང་པོ་དང་། ༧ པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་དགུ་པ་དང་བཅུ་པ་སོགས་བཅུ་ཕྲག་གསུམ་ལ་ཉེ་བའི་བཤེས་གཉེན་བསྟེན་ནས་དབང་ཁྲིད་མན་ངག་སོགས་ཟབ་ཆོས་གང་མང་གསན། རྒྱལ་བསྟན་ཡང་དར་གྱི་སྐབས་སུ་གདུལ་བྱ་གང་མང་ལ་དཔེ་ཁྲིད་དང་བཤད་ལུང་དབང་རྗེས་གནང་སོགས་ཟབ་ཆོས་གནང་བཞིན་དུས་འདའ་བར་མཛད།