
རྒྱུད་སྡེ་སྤྱི། (8)
ཁྲིད་གཞུང་། འཇམ་དཔལ་མཚན་བརྗོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSG2060443
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༥༧༡
རྣམ་པ། MP3 རྣམ་གྲངས། 47 ཆེ་ཆུང་། 1 GB
ཁྲིད་གཞུང་། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ།
མཛད་པ་པོ། སྟོན་པ་ཤཱཀྱ་ཐུབ་པ།
འཁྲིད་མཁན། དགའ་ལྡན་རྒན་སྙན་གྲགས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
རྒན་བློ་བཟང་ཐར་པའམ་དགའ་ལྡན་རྒན་སྙན་གྲགས་ནི། སྤྱི་ལོ་ ༡༩༦༨ ལོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་དུ་འཁྲུངས། དགུང་ལོ་བཅུ་གསུམ་གྱི་སྐབས་ཆོས་སྒོར་ཞུགས། ༡༩༨༣ ལོར་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་བཙུགས་པའི་བོད་ལྗོངས་ནང་བསྟན་སློབ་ཆེན་ནམ་གནས་ཆུང་སློབ་གྲྭར་དགའ་བྱང་དགེ་བཤེས་འབྲོག་མི་རིན་པོ་ཆེ་དང་། དཔལ་ལྡན་འབྲས་སྤུངས་སུ་བླ་མ་ལམ་རིམ་པ་སོགས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་གཟིགས་དང་ཐུགས་གཉེར་མཛད། ༡༩༩༢ ལོར་རྩ་བའི་བླ་མ་རྣམ་པ་གཉིས་ཀྱིས་བཀའ་མངགས་ལྟར་རྗེ་བླ་མའི་གདན་ས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དཔེ་ཁྲིད་དགེ་རྒན་དུ་ཕེབས་ཏེ་གཞུང་ཆེན་དཔེ་ཁྲིད་གནང་མུས་ཐོག །ལྷ་ས་གཙོ་བོར་གྱུར་པའི་དབུས་གཙང་གི་ས་ཕྱོགས་གང་སར་སྤྱོད་འཇུག་དང་ལམ་རིམ་བློ་སྦྱོང་སོགས་ཀྱི་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་། བརྩམས་ཆོས་ལ། བློ་གླིང་འདུལ་སྡོམ་འགྲེལ་པ་ཚིག་དོན་རབ་གསལ་གཞི་སྟོད་སྨད་པོད་གཉིས། ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་གླེང་མོལ་གསལ་རིག་སེམས་ཀྱི་ཞི་བདེ། གསོལ་འདེབས་དཔལ་ལྡན་ས་གསུམ་མའི་དོན་འགྲེལ། དྲང་ངེས་ལེགས་བཤད་སྙིང་པོའི་དོགས་འདྲི་རང་གི་དེ་ཁོ་ན་ཉིད་གསལ་བར་བསྟན་པའི་གཏམ། རྩ་ཤེའི་ས་བཅད་བསྡུས་དོན་སོགས་ཡོད།
དེ་ལས་མང་བ།...
ཁྲིད་གཞུང་། རྗེ་བློ་བཟང་གྲགས་པའི་སྔགས་རིམ་ཆེན་མོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSG3333317
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༤༤༥
རྣམ་པ། MP3 རྣམ་གྲངས། 71 ཆེ་ཆུང་། 2.28 GB
ཁྲིད་གཞུང་། རྗེ་བློ་བཟང་གྲགས་པའི་སྔགས་རིམ་ཆེན་མོ།
མཛད་པ་པོ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
འཁྲིད་མཁན། དགེ་བཤེས་མཁས་གྲུབ་ནོར་བཟང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བཞི་པའི་ཚེས་བཅུ་དགུ་ལ་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་མཁས་གྲུབ་ནོར་བཟང་ནི། བོད་དུ་འཁྲུངས། འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམསས། ཆོས་ཐོག་ཐོན་པ་དང་རྒྱུད་སྟོད་དུ་བཞུགས་ཏེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དང་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམས་ལ་སྔགས་ཀྱི་དཔེ་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]
ཁྲིད་གཞུང་། དབལ་མང་སྔགས་ཀྱི་སྤྱི་དོན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSG3333376
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༥༠༤
རྣམ་པ། MP3 རྣམ་གྲངས། 22 ཆེ་ཆུང་། 922.2 MB
ཁྲིད་གཞུང་། རྒྱུད་སྡེ་བཞིའི་སྤྱི་དོན་སྔགས་ལ་འཇུག་པའི་སྒོ།
མཛད་པ་པོ། དབལ་མང་དཀོན་མཆོག་རྒྱལ་མཚན།[༡༧༦༤-༡༨༥༣]
འཁྲིད་མཁན། དགེ་བའི་བཤེས་གཉེན་འབོ་རའི་ཡོན་ཏན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༤།༣༠ ལ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་བཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་སྒོ་མང་དགེ་བཤེས་འབོ་ར་ཡོན་ཏན་མཆོག་ནི། བོད་འབོ་རའི་ཡུལ་དུ་སྐུ་འཁྲུངས་ཤིང་བླ་བྲང་བཀྲ་འཁྱིལ་དང་འབྲས་སྒོ་མང་གཉིས་སུ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་ཞིང་། བྱེས་སུ་གྲྭ་སྐོར་ལྷ་རམས་པའི་དམ་བཅའ་བཞག་ཡོད་པ་དང་། རྒྱུན་དུ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་ལུང་ཆོས་མན་ངག་དང་། གདན་ས་ཁག་ཏུ་སློབ་གཉེར་བ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པའི་བཀའ་ཁྲིད་རྒྱུན་ཆད་མེད་པར་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པས་ཤེས་པ་རྣམ་ཐར་གྱི་ས་བོན་འདི་ཙམ་ལས་མ་བྱུང་བས་རྗེས་སོར་འཚོལ་སྡུད་དང་བསྒྱར་སྒྲིག་བྱེད་རྒྱུ་ཡིན།]
ཁྲིད་ཚན། དབང་གི་སྐོར།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSG2050249
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༣༧༡
རྣམ་པ། MP3 རྣམ་གྲངས། 9 ཆེ་ཆུང་། 213.1 MB
ཁྲིད་ཚན། དབང་གི་སྐོར།
འཁྲིད་མཁན། སྒོམ་སྡེ་ལྷ་རམས་པ།
འཁྲིད་དུས། ༢༠༡༥.༡༡
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༢༠ ལ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཐུབ་བསྟན་བསམ་འགྲུབ་བམ་སྒོམ་སྡེ་ལྷ་རམས་པ་ནི། ཕྱི་ལོ་༡༩༥༨ལོར་བོད་དུ་འཁྲུངས་ཤིང་། ༥༩ ལོར་འཕགས་ཡུལ་དུ་འབྱོར། ༡༩༧༢ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། རིགས་ཆེ་ཆུང་གི་ཚོགས་ལངས་དང་། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༣ ལོར་ལྷ་རམས་པའི་གྲྭ་སྐོར་དང་དམ་འཇོག །དེ་རྗེས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གནང་། སེར་བྱེས་གྲྭ་ཚང་གི་སློབ་གཉེར་དགེ་རྒན་ཡང་གནང་། བརྩམས་ཆོས་ཀྱང་སྒོམ་སྡེ་ཚིག་མཛོད་ཆེན་མོས་གཙོས་གང་མང་ཞིག་ཡོད། དེང་སྐབས་ཕྱི་རྒྱལ་དུ་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ། །
ཁྲིད་ཚན། སྔགས་ཀྱི་སྐོར།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSG2050248
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༣༧༠
རྣམ་པ། MP3 རྣམ་གྲངས། 102 ཆེ་ཆུང་། 1.84 GB
ཁྲིད་ཚན། སྔགས་ཀྱི་སྐོར།
འཁྲིད་མཁན། སྒོམ་སྡེ་ལྷ་རམས་པ།
འཁྲིད་དུས། ༢༠༡༤.༢༠༡༥
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༢༠ ལ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཐུབ་བསྟན་བསམ་འགྲུབ་བམ་སྒོམ་སྡེ་ལྷ་རམས་པ་ནི། ཕྱི་ལོ་༡༩༥༨ལོར་བོད་དུ་འཁྲུངས་ཤིང་། ༥༩ ལོར་འཕགས་ཡུལ་དུ་འབྱོར། ༡༩༧༢ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། རིགས་ཆེ་ཆུང་གི་ཚོགས་ལངས་དང་། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༣ ལོར་ལྷ་རམས་པའི་གྲྭ་སྐོར་དང་དམ་འཇོག །དེ་རྗེས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གནང་། སེར་བྱེས་གྲྭ་ཚང་གི་སློབ་གཉེར་དགེ་རྒན་ཡང་གནང་། བརྩམས་ཆོས་ཀྱང་སྒོམ་སྡེ་ཚིག་མཛོད་ཆེན་མོས་གཙོས་གང་མང་ཞིག་ཡོད། དེང་སྐབས་ཕྱི་རྒྱལ་དུ་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ། །
ཁྲིད་གཞུང་། རྒྱུད་སྡེ་སྤྱི་རྣམ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSG3333235
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༣༥༧
རྣམ་པ། MP3 རྣམ་གྲངས། 37 ཆེ་ཆུང་། 735.4 MB
ཁྲིད་གཞུང་། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ།
མཛད་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། [༡༣༨༥-༡༤༣༨]
འཁྲིད་མཁན། དགེ་བཤེས་མཁས་གྲུབ་ནོར་བཟང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ ༡༡།༢༦ ལ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་མཁས་གྲུབ་ནོར་བཟང་ནི། བོད་དུ་འཁྲུངས། འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམསས། ཆོས་ཐོག་ཐོན་པ་དང་རྒྱུད་སྟོད་དུ་བཞུགས་ཏེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དང་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམས་ལ་སྔགས་ཀྱི་དཔེ་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]
1. ཁྲིད་གཞུང་། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ། |