ནང་ཆོས་ངོ་སྤྲོད།

ནང་ཆོས་ངོ་སྤྲོད། (8)

ཐོག་མའི་བཟོ་དུས། Sat 24 Sep 2016 | 15:54

ཁྲིད་ཚན། ནང་ཆོས་ངོ་སྤྲོད། [ཡ]

དྲ་འཇུག་པ།

སྒྲ་ཨང་། KADN2020152
མཁས་པ་གཞན། [ནང་ཆོས་ངོ་སྤྲོད།]
སྤྱིའི་ཨང་། ༢༥༠
ཁྲིད་ཚན། ནང་ཆོས་ངོ་སྤྲོད། བོད་དབྱིན་རྒྱ། Tb/En/Zh
འཁྲིད་མཁན། མཁན་ཟུར་བཀའ་འགྱུར་བ།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་དྲུག་པར་སྒྲིག་སྦྱོར་བྱས།

ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་ཟུར་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན་མཆོག་ནི། ཕྱི་ལོ་༡༩༢༤ ལོར་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་དར་རྒྱས་དགོན་དུ་རབ་ཏུ་བྱུང་། དགུང་ལོ་བཅོ་བརྒྱད་སྟེང་དབུས་སུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་གནང་། ༥༩ ལོར་འཕགས་ཡུལ་དུ་ཕེབས། ༦༤ ལོར་སྦག་ས་ཆོས་སྒར་དུ་ལྷ་རམས་དམ་འཇོག་དང་ལྷ་རམས་ཨང་གཉིས་པའི་མཚན་གནས་བཞེས། ༦༥ ལོར་ཝཱ་ར་ཎ་སིའི་མཐོ་སློབ་གསར་འཛུགས་སྐབས་སློབ་དཔོན་འོས་སྦྱོང་དུ་ཕེབས། ༧༢ ལོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་འགྱུར་གྱི་ལུང་རྒྱུན་གནང་བར་བརྟེན། གཞུང་གིས་བཀའ་འགྱུར་བླ་མ་ཞེས་པའི་མཚན་གནས་གནང་། ༨༣ ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས། སྐུ་ཚེ་གང་པོར་ཕྱི་ནང་གི་དོན་གཉེར་ཅན་རྣམས་ལ་ལུང་ཆོས་མན་ངག་སོགས་ཀྱིས་བརྩེ་བར་བསྐྱངས། ༢༠༡༤ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།

ངོ་ཤོག 1 ནས་ 2