-
མདུན་ངོས།
- འཕྲུལ་དེབ་གསར་ཤོས།
འཕྲུལ་དེབ་གསར་ཤོས། (550)
བཀའ་འགྱུར། འདུལ་བ། [ཅ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
དེབ་ཨང་། KGHD624005
བཀའ་བསྟན། [བཀའ་འགྱུར།]
སྤྱིའི་ཨང་། ༡༦
མཛད་པ་པོ། སྟོན་པ་བཅོམ་ལྡན་འདས། [སྤྱི་ལོ་སྔོན་གྱི། ༦༢༤ -༥༤༥]
ཆོས་ཚན། སོ་སོར་ཐར་པའི་མདོ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ཚོད་ལྟ། བསྐྱར་ཞིབ་བྱས་མེད།
༢༠༡༥ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བཀའ་འགྱུར་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་མདོ་སྔགས་ཀྱི་སྐོར་བོད་སྐད་དུ་བསྒྱུར་ཡོད་པ་རྣམས་ཡིན། བོད་ཀྱི་གོང་མ་ཁྲི་སྲོང་ལྡེ་བཙན་གྱི་སྐབས། ལོ་ཙཱ་བ་རྣམས་ཀྱིས་སྐབས་དེར་རྒྱ་གར་ན་བཞུགས་པའི་གསུང་རབ་ཕལ་ཆེ་བ་སྤྱན་དྲངས་ནས་བོད་སྐད་དུ་བསྒྱུར་བ་དང་རིམ་བཞིན། [དཀར་ཆག་འཕང་ཐང་མ།] [ལྡན་དཀར་མ།] [མཆིམས་ཕུ་མ།] བཅས་ལ་བཀོད་པར་མཛད། ༡༣༡༢ ལོར་བཅོམ་ལྡན་རལ་གྲི་དང་། དབུས་པ་བློ་གསལ་སོགས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་གྱི་མ་དཔེ་འཚོལ་བསྡུ་གནང་སྟེ། ཞུས་དག་དང་། སྡེ་ཚན་དབྱེ་བ། གོ་རིམ་བསྒྲིགས་པ་བཅས་བཀའ་འགྱུར་བསྟན་འགྱུར་ཆ་ཚང་བཞེངས་པ་ནི། བཀའ་བསྟན་འགྱུར་བྲིས་མ་ཆ་ཚང་བཞེངས་པའི་ཐོག་མ་ཡིན།
དེ་ལས་མང་བ།...
དཀར་ཆག་ཟླ་འོད་གཞོན་ནུའི་འཁྲི་ཤིང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། KGK1790105
བཀའ་བསྟན། [བཀའ་འགྱུར།]
སྤྱིའི་ཨང་། ༠༠༤
མཚན་བྱང་། དཀར་ཆག་ཟླ་འོད་གཞོན་ནུའི་འཁྲི་ཤིང་།
མཛད་པ་པོ། སི་ཏུ་ཆོས་ཀྱི་འབྱུང་གནས། [༡༦༩༩-༡༧༧༤]
ཆོས་ཚན། དཀར་ཆག
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ཚོད་ལྟ། བསྐྱར་ཞིབ་བྱས་མེད།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ནི། ཕྱི་ལོ་ ༡༦༩༩ ལོར་སྡེ་དགེའི་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྐབས་སི་ཏུ་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བདུན་ནས་བཟུང་བོད་ཀྱི་རིག་གནས་ཀུན་ལ་སློབ་སྦྱོང་མཛད། ཞྭ་དམར་བརྒྱད་པ་དཀོན་མཆོག་རྣམ་རྒྱལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་གསོལ། བལ་ཡུལ་སོགས་ཡུལ་ཁམས་མང་པོར་ཞབས་ཀྱིས་བཅགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། ཞྭ་དམར་བརྒྱད་པའི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། ཀརྨ་པ་ཞྭ་དམར་ནག །རྒྱལ་བ་བསྐལ་བཟང་རྒྱ་མཚོ་སོགས་རིས་མེད་ཀྱི་བླ་མ་མང་པོ་བསྟེན། ཕྱི་ལོ ༡༧༢༧ ལོར་དཔལ་སྤུངས་དགོན་པ་གསར་འདེབས་མཛད། སློབ་མ་ལ་ཞྭ་དམར་ཆོས་གྲུབ་རྒྱ་མཚོ་སོགས་བྱུང་། ༡༧༧༤ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོ་ཏི་བཅུ་བཞི་ཡོད།
ཕབ་ལེན། PDF ཕབ་ལེན། EPUB ཕབ་ལེན།
མཆོག་ཉིད་ཀྱིས་གཟིགས་བཞིན་པའི་ཡིག་ཆ་འདི་གནས་སྐབས་སུ་རྩོམ་སྒྲིག་བྱེད་རྒྱུ་མ་བྱུང་ན་དགོངས་འགལ་མེད་པར་ཞུ་རྒྱུ་དང་། གལ་ཏེ་སྐུ་ཉིད་ལ་ཡིག་ཆ་འདི་ལག་སོན་བྱུང་ཚེ་མཁོ་སྤྲོད་གནང་རྒྱུ་མཁྱེན་མཁྱེན།
སེང་གེ་དང་རི་བོང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
དེབ་ཨང་། DTH000029
དེང་རྩོམ། བྱིས་རྩོམ།
སྤྱིའི་ཨང་། ༡༥༠
ཁ་བྱང་། སེང་གེ་དང་རི་བོང་།
ཕྱོགས་སྒྲིག་པ། རིག་མཛོད་རྩོམ་སྒྲིག་པ།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
གསལ་བཤད་མདོར་བསྡུས།
དེང་རྩོམ་གྱི་རིགས་ནི་ཡོང་ཁུངས་དེབ་ཏུ་གསལ་བ་ལྟར་དང་། EPUB རུ་རྩོམ་སྒྲིག་བྱས་ཡོད་པ་དག་ལ། རྒྱབ་ཤའི་ཟུར་དུ་འདི་ག་རྩོམ་སྒྲིག་ཁང་གི་ལས་རྟགས་དང་། བསྡོམས་ཐོ་ལེན་སླ་ཕྱིར་དེབ་ཨང་བཀོད་ཅིང་། PDF བཟོས་མེད་པ་དག་ལ་ PDF གསར་དུ་བཟོས་པ་དང་། བལྟ་ཀློག་གི་ཆེད་དུ་བརྩམས་ཆོས་ Ms-Word ཡི་ནང་དུ་ཕབ་པ་ལས་གཞན། བརྩམས་ཆོས་རང་གི་ཡིག་འབྲུ་གཅིག་ལའང་བཟོ་བཅོས་མེད་པར་རང་སོར་བཞག་ཡོད།
ཕབ་ལེན། PDF ཕབ་ལེན།
རྩིས་རིག་དཔྱད་བརྗོད།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
དེབ་ཨང་། DTCT000031
དེང་རྩོམ། ༼དཔྱད་བརྗོད།༽
སྤྱིའི་ཨང་། ༡༩༩
ཁ་བྱང་། རྩིས་རིག་དཔྱད་བརྗོད།
ཕྱོགས་སྒྲིག་མཁན། རིག་མཛོད་རྩོམ་སྒྲིག་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
གསལ་བཤད་མདོར་བསྡུས།
འཕྲུལ་དེབ་འདི་ནི་རྩིས་རིག་དཔྱད་བརྗོད་ཀྱི་ཚན་པར་དཀར་ཆག་གི་འབྲེལ་སྣེ་མཐུད་རྒྱུ་སོགས་ལ་འཕྲུལ་དེབ་ཅིག་མ་བྱུང་ཐབས་མེད་ཀྱིས། རྩོམ་སྒྲིག་པས་རྩིས་རིག་གི་སྐོར་ཉུང་ངུ་ཞིག་གཞན་ལས་བཏུས་ཏེ་ཕྱོགས་བསྒྲིགས་ཀྱིས་རྩོམ་སྒྲིག་བྱས་པ་ཡིན་ལ། མཁྱེན་ལྡན་རྩོམ་པ་པོ་དག་གིས་རྗེས་ཕྱོགས་འདིའི་སྐོར་གྱི་བརྩམས་ཆོས་གང་མང་ཞིག་ང་ཚོར་མཁོ་སྤྲོད་གནང་རྒྱུ་མཁྱེན།
རྗེ་ཙོང་ཁ་པའི་གསུང་འབུམ་གྱི་དཀར་ཆག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
དེབ་ཨང་། TBK145001
ཐོར་བུ། ༼དཀར་ཆག༽
སྤྱིའི་ཨང་། ༡༧༨
མཚན་བྱང་། རྗེ་ཙོང་ཁ་པའི་གསུང་འབུམ་གྱི་དཀར་ཆག
ཕྱོགས་སྒྲིག་པ། རིག་མཛོད་རྩོམ་སྒྲིག་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། དགུང་ལོ་གསུམ་པར་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་དང་། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་བདུན་པར་སློབ་གཉེར་གྱི་ཆེད་དུ་དབུས་སུ་ཕེབས། དགུང་ལོ་སོ་དྲུག་གི་སྐབས་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་སྒྲུབ་པ་གཙོ་བོར་མཛད། དགུང་ལོ་སོ་བདུན་པར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་གསུམ་གྱི་སྐབས་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུའི་སྐབས། དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། སློབ་མ་གྲགས་ཆེ་བ། རྒྱལ་ཚབ་དར་མ་རིན་ཆེན་སོགས་མང་དུ་བྱུང་། ༡༤༡༩ ལོར་སྐུ་གཤེགས། གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་སོགས་པོ་ཏི་བཅུ་དགུ་བཞུགས།
དཀོན་མཆོག་རྗེས་དྲན་ཡོན་སྦྱོང་དང་བཅས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
དེབ་ཨང་། TBCZ624002
ཐོར་བུ། ༼ ཆོས་སྤྱོད། ༽
སྤྱིའི་ཨང་། ༣༢
མཚན་བྱང་། དཀོན་མཆོག་རྗེས་དྲན་ཡོན་སྦྱོང་དང་བཅས།
མཛད་པ་པོ། སྟོན་པ་བཅོམ་ལྡན་འདས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སྟོན་པ་བཅོམ་ལྡན་འདས། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་མངོན་པར་རྗོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད། དེ་ཡང་ཐེག་པ་ཆེ་ཆུང་གི་གདུལ་བྱ་ཐུན་མོང་ལ་ཡོངས་སུ་གྲགས་པའི་མཛད་པ་བཅུ་གཉིས་ནི། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་ལྟར་རོ།
འཕྲུལ་དེབ་ཀྱི་དཀར་ཆག
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 15831
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 14277
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 15701
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 22906
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 25893
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 20090
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 21631
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 15937