དྲ་ཐོག་འཇུག་དུས། 2025 ལོའི་ཟླ་བ། Nov ཚེས། 24 རེས་གཟའ། Mon

སེར་བྱེས་གྲྭ་ཚང་གི་ཆོས་འབྱུང་། སྨད་ཆ།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

sjrb 0484མཛད་པ་པོ། དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ།
བརྗོད་བྱ། སེར་བྱེས་གྲྭ་ཚང་གི་ཆོས་འབྱུང་།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0485
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 604 ལྗིད་ཚད། 4.8MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༥ ལོའི་ཟླ་བཅུ་གཅིག་པར་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། སེར་བྱེས་གྲྭ་ཚང་གི་ཆོས་འབྱུང་ལ་ལེའུ་ཉེར་དགུ་ཡོད་པ་ལས་ལེའུ་ཉི་ཤུ་པ་མན་ཆད་ཀྱིས་གླེགས་བམ་སྨད་ཆ་འདི་གྲུབ་ཅིང་། འདིར་སེར་བྱེས་མཁས་སྙན་གྲྭ་ཚང་ནས་དགའ་ལྡན་གསེར་ཁྲི་ལ་ཕེབས་པ་དང་ཤར་བྱང་གི་ཆོས་རྗེ་ཇི་བྱུང་། རྒྱུད་སྨད་མཁན་ཟུར་གནང་མཁན་ཁག་ཅིག་བཅས་ཀྱི་མཛད་རྣམ་དང་། མཚན་སྙན་ཆེ་བའི་བདག་ཉིད་ཆེན་པོ་ཁག་ཅིག་གི་མཛད་རྣམ། འཛིན་གྲྭ་སོ་སོའི་ལོ་ཡུན་དང་རྩོད་གཞུང་། ཁང་ཚན་སོ་སོའི་ལོ་རྒྱུས། གྲྭ་ཚང་གི་ཚོགས་གཏམ་ཆེན་མོ་བཅས་དང་། རྒྱ་གར་འཕགས་པའི་ཡུལ་དུ་དང་པོ་སྦག་སར་སློབ་གཉེར་གནང་ཚུལ་དང་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་གནས་སྤོ་དང་དེར་གཙུག་ལག་ཁང་སྔ་ཕྱི་རྟེན་བརྟེན་པ་གསར་བཞེངས་སོགས་འཛུགས་བསྐྲུན་གྱི་སྐོར། སེར་བྱེས་འབྲིང་རིམ་སློབ་གྲྭ་དང་ནད་འཕྲོད་ལྟ་སྐྱོང་ཚོགས་པ། དཔེ་མཛོད་ཁང་གི་ལོ་རྒྱུས་སྙིང་བསྡུས་བཅས་བཞུགས།

ཤོག་ངོས་འདི་ལ་ཐེངས་ 14 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2025 ལོའི་ཟླ་བ། Nov ཚེས། 24 རེས་གཟའ། Mon
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com