-
མདུན་ངོས།
- ཆོས་འབྱུང་།
ཆོས་འབྱུང་། (8)
རྣམ་རྒྱལ་གྲྭ་ཚང་གི་ཆོས་འབྱུང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། བློ་བཟང་བསམ་གཏན།
བརྗོད་བྱ། རྣམ་རྒྱལ་གྲྭ་ཚང་གི་ཆོས་འབྱུང་།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0483
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 256 ལྗིད་ཚད། 29.1MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༥ ལོའི་ཟླ་བཅུ་གཅིག་པར་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས། བོད་དུ་གྲྭ་ཚང་འདི་ཉིད་ཕྱག་བཏབ་པ་ནས་ཕྱི་ལོ་༡༩༥༩ ལོ་ཡན་གྱི་གྲྭ་ཚང་དང་འབྲེལ་བའི་ཆོས་སྲིད་ཀྱི་བྱུང་རབས་ཁག་ཅིག་དང་། ༸གོང་ས་མཆོག་རྗེས་འབྲངས་བཅས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཚུལ་དང་རྒྱ་གར་དུ་སླར་ཡང་གྲྭ་ཚང་གསར་འཛུགས་བསྐྱངས་ཚུལ། ད་ལྟར་གྱི་ལོ་རིམ་བཅུའི་སློབ་ཚན་སོགས་བསླབ་གཞི་དང་འདོན་ཆ། ལོ་འཁོར་གཅིག་གི་མཛད་རིམ་སོགས་ལས་སུ་བྱ་བའི་རིམ་པ། བཅའ་ཡིག་སྒྲིག་གཞི་སོགས་འཛིན་སྐྱོང་། གཙུག་ལག་ཁང་དང་ལྷ་ཁང་དང་འབྲེལ་བའི་དངོས་བྱུང་ལོ་རྒྱུས་བཅས་གྲྭ་ཚང་འདི་ཉིད་ཀྱི་བཙན་བྱོལ་ནང་གི་བྱུང་བ་དང་གནས་སྟངས། སྐུ་བཅར་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས། གྲྭ་ཚང་གི་ལོས་རྒྱུས་མཚོན་པའི་སྐུ་པར་ཁག་ཅིག །རྩོམ་པ་པོ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་བཅས་ལས་གྲུབ་ཡོད།
| PDF ཕབ་ལེན། |
|---|
དེ་ལས་མང་བ།...
རྒྱ་གར་ཆོས་འབྱུང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
བརྗོད་བྱ། འཕགས་ཡུལ་དུ་དམ་པའི་ཆོས་ཀྱི་བྱུང་རབས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0201
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.9MB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྗེ་བཙུན་ཏཱ་ར་ནཱ་ཐ་མཆོག་ནི། ཕྱི་ལོ་༡༥༧༥ལོར་དབུས་ཀྱི་ཇོ་མོ་ཁ་རག་དང་ཉེ་བར་སྐུ་འཁྲུངས། དགུང་ལོ་བཞི་པར་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་ཡང་སྤྲུལ་དུ་ངོས་འཛིན་མཛད། སྟག་ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་ནས་བཀའ་གདམས་གླེགས་བམ་གྱི་ལུང་ཞུས་པ་དང་སྦྲགས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པའང་མནོས། རྗེ་གྲུབ་པའི་དབང་ཕྱུག་ལས་རས་ཆུང་སྙན་བརྒྱུད་ཀྱི་ཆོས་རྫོགས་པར་ཞུས། དགུང་ལོ་བཅུ་བདུན་པར་བསྙེན་པར་རྫོགས། དབུས་སུ་ཕེབས་ཏེ་རིས་མེད་ཀྱི་བླ་མ་མང་པོ་ལས་ཆོས་མང་དུ་གསན། དགུང་ལོ་སོ་གཅིག་ནས་རིས་མེད་ཀྱི་བླ་སློབ་མང་པོར་མདོ་སྔགས་འཆད་མཉན་མཛད། དགུང་ལོ་ཞེ་གཅིག་པར་རྟག་བརྟན་དམ་ཆོས་གླིང་གི་གནས་གཞི་གསར་དུ་བཙུགས། ༡༦༣༤ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོ་ཏི་ཀ་ནས་ཙའི་བར་བཅུ་བདུན་བཞུགས།
| PDF ཕབ་ལེན། |
|---|