ཁྲི་ཆེན་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་ནི། ཕྱི་ལོ་ ༡༤༧༨ ལོར་ལྷོ་ཁའི་ཕྱོགས་རྩེད་ཐང་ཆོས་གྲྭ་ཆེན་པོ་དང་ཉེ་བར་སྐུ་འཁྲུངས། སྐུ་གཞོན་ནུ་ནས་རྩེད་ཐང་དགོན་གྱི་ཆོས་གྲྭར་ཞུགས་ཏེ་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་ཤིང་། མཁས་གྲུབ་བསོད་ནམས་བཀྲ་ཤིས་ལས་རབ་ཏུ་བྱུང་སྟེ་མཚན་བསོད་ནམས་གྲགས་པར་གསོལ། ༼རང་ཉིད་ཀྱིས་མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ལས། འོད་སྣའི་བླ་མ་ལ་རབ་བྱུང་གི་མཁན་པོ་ཞུས་ཞེས་དང་། ཉིད་ཀྱི་དངོས་སློབ་མ་བྱ་བྲལ་ལྷ་དབང་རྒྱ་མཚོས་མཛད་པའི་རྣམ་ཐར་ལས། རྩེད་ཐང་ལས་ཆེན་པ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བསོད་ནམས་གྲགས་པ་ཞེས་བཏགས་པར་གསུངས།༽ དེ་ནས་གསང་ཕུར་ཕེབས་ཏེ་གཞུང་ཆེན་སློབ་གཉེར་གནང་ཞིང་རྩེད་ཐང་ཆོས་སྡེ་དང་། གཡའ་བཟང་དགོན་གཉིས་སུ་ཕར་ཕྱིན་དང་རྣམ་འགྲེལ་ལ་སྦྱངས་ནས་གྲྭ་སྐོར་ཡང་མཛད། དགུང་ལོ་བཅུ་དྲུག་པ་ ༡༤༩༣ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་མཛད་དེ་ཀུན་མཁྱེན་དོན་ཡོད་དཔལ་ལྡན་དང་། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་སོགས་གཞུང་ཆེན་རྣམས་ལ་སློབ་གཉེར་དཔྱིས་ཕྱིན་པར་གནང་ཞིང་མདོ་སྔགསཀྱི་ཆོས་རྒྱུན་གང་མང་གསན། དགུང་ལོ་ཉི་ཤུའི་སྐབས་འོད་སྣ་དགོན་གྱི་བླ་མ་སངས་རྒྱས་བཟང་པོ་སོགས་ལས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རིམ་པར་བཞེས། ༡༥༠༨ ལོར་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཞུགས་དང་རྒྱུད་པའི་སློབ་དཔོན་ཆོས་ལྡན་བློ་གྲོས་ལས་ལོ་གསུམ་གྱི་རིང་དཔལ་གསང་བ་འདུས་པ་སོགས་རྒྱུད་སྡེ་རྣམས་ལ་སློབ་གཉེར་གནང་། དགུང་ལོ་སོ་བཞིའི་སྐབས་དཔལ་ལྡན་རྒྱུད་སྡོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས་ཤིང་ལོ་བཅུ་གསུམ་གྱི་རིང་རྒྱུད་ཀྱི་འཆད་ཉན་མཛད་ཅིང་། དགེ་འདུན་གྱི་འཚོ་བའི་མཐུན་རྐྱེན་ཇ་ཚུལ་འཛུགས་པ་དང་། འདུ་ཁང་གསར་བཞེངས་སོགས་མཛད། དགུང་ལོ་སོ་དྲུག་པར་གསང་འདུས་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་བརྩམས། དགུང་ལོ་ཞེ་བདུན་པ་ ༡༥༢༤ ལོར་༧རྒྱལ་བ་དགེ་འདུན་རྒྱ་མཚོའི་བཀའ་ལྟར་འབྲས་སྤུངས་བློ་གསལ་གླིང་གི་སློབ་དཔོན་གྱི་ཁྲིར་ལོ་གཅིག་ལྷག་བཞུགས། དེ་རྗེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོར་ཕེབས། དགུང་ལོ་ང་གཉིས་པ་ ༡༥༢༩ ལོར་དགའ་ལྡན་གསར་ཁྲི་ལོ་བརྒྱད་ཀྱི་རིང་བསྐྱངས། དགུང་ལོ་ང་བརྒྱད་པ་༡༥༣༥ ལོར་རྒྱ་ར་ཆོས་སྐྱོང་རྒྱ་མཚོར་དགའ་ལྡན་གྱི་ཁྲི་གཏད་ནས་རང་ཉིད་ཟུར་བཞུགས་མཛད་དེ་ལོ་ངོ་བརྒྱད་ཀྱི་རིང་གཙོ་བོར་དགའ་ལྡན་རང་དུ་རྒྱུན་བཞུགས་ཀྱིས་ཉེ་འཁོར་གྱི་དགོན་པ་འགའ་ཞིག་གི་འདོད་མོས་ལྟར་མཁན་པོ་ཡང་མཛད། དགུང་ལོ་རེ་དྲུག་པ་ ༡༥༤༣ ལོར་འབྲས་སྤུངས་ཚོགས་ཆེན་གྱི་ཁྲིར་ཕེབས། ༡༥༤༦ ལོར་སེ་ར་ཐེག་ཆེན་གླིང་གི་ཁྲིར་ཕེབས་ཏེ་སྐུ་མ་གཤེགས་བར་ལོ་ངོ་དགུའི་རིང་ཆོས་སྲིད་གཉིས་ཀྱིས་བསྐྱངས། རྒྱས་པར་བྱ་བྲལ་ལྷ་དབང་རྒྱ་མཚོས་མཛད་པའི་རྣམ་ཐར་ལས་མཁྱེན་པར་མཛོད། སློབ་མའི་གཙོ་བོ་༧རྒྱལ་བ་བསོད་ནམས་རྒྱ་མཚོ། གྲུབ་དབང་དགེ་ལེགས་དཔལ་བཟང་སོགས་མང་དུ་བྱུང་། དགུང་ལོ་དོན་བདུན་པ་ ༡༥༥༤ ལོར་འབྲས་སྤུངས་སུ་ཕེབས་ནས་གཟིམས་ཁང་གོང་དུ་སྐུ་ཞི་བར་གཤེགས། གསུང་རྩོམ་ལ། མདོ་སྔགས་སོགས་ཀྱི་བསྟན་བཅོས་མང་དུ་བཞུགས། སྐུ་ཕྲེང་རིམ་པར་བྱོན་པ་རྣམས་ལ་མངའ་རིས་སྤྲུལ་སྐུ་རིན་པོ་ཆེ་ཞུ་ཞིང་། སྐུ་ཕྲེང་གཉིས་པ་བསོད་ནམས་ཡེ་ཤེས་དབང་པོ་སྟོད་ལུང་ལམ་པར་ ༡༥༥༦ ལོར་སྐུ་འཁྲུངས་ཏེ་དགུང་ལོ་སོ་བདུན་པ་ ༡༥༩༢ ལོར་གཤེགས། སྐུ་ཕྲེང་གསུམ་པ་ངག་དབང་བསོད་ནམས་དགེ་ལེགས་དཔལ་བཟང་ ༡༥༩༤ ལོར་སྐུ་འཁྲུངས་ཏེ་དགུང་ལོ་ཉེར་གཉིས་པ་ ༡༦༡༥ ལོར་གཤེགས།
- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- ཁྲི་ཆེན་བཅོ་ལྔ་བ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 10332
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10332
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9592
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5782
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4146
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4794
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6281
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4510
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4659
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5045
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5155
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5168
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3615
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4141
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3286
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3411