ཁྲི་ཆེན་སོ་གཉིས་པ་ལྕང་ལོ་ཅན་པ་ཚུལ་ཁྲིམས་ཆོས་འཕེལ་མཆོག་ནི། ཕྱི་ལོ་ ༡༥༦༡ ལོར་གཙང་གི་ཉང་ཡུལ་གྱི་བྱེ་བྲག་འབྲོང་རྩེར་སྐུ་འཁྲུངས། ཐོག་མར་འབྲོང་རྩེ་ཆོས་སྡེར་རབ་ཏུ་བྱུང༌། བཀྲ་ཤིས་ལྷུན་པོར་སྒྲིག་ཞུགས་ཀྱིས་གསན་བསམ་གང་འཚམ་གནང་ནས་དབུས་སུ་ཕེབས། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་གཉེར་དང་སྦྱངས་པ་ཡུན་རིང་གནང་སྟེ་རབ་འབྱམས་པའི་གྲྭ་སྐོར་མཛད། སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་སོགས་ཀྱི་ཞབས་ལ་གཏུགས། དེ་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འཆད་ཉན་སློབ་དཔོན་དུ་ཕེབས། བདེ་ཆེན་གསང་སྔགས་མཁར། འཕྱོངས་རྒྱས་རི་བོ་བདེ་ཆེན་སོགས་ཀྱི་མཁན་པོ་མཛད། ས་ནད་ཀྱིས་བསྙུན་པར་ཚུལ་གཡུ་བྲག་ཏུ་སྒྲུབ་པ་མཛད་པས་སྙུན་དྭངས་པ་དང་ཆབས་ཅིག་ཏུ་རྒྱལ་བ་མ་ཕམ་པའི་སྐུའི་གཟིགས་སྣང་སོགས་བྱུང་། ལྕང་ལོ་ཅན་དུ་བཞུགས་པས་ལྕང་ལོ་ཅན་པར་གྲགས། དགའ་ལྡན་ཤར་བྱང་གང་དུའང་མ་བརྒྱུད་པར་དགུང་ལོ་དྲུག་ཅུ་པ་ ༡༦༢༠ ལོར་དགའ་ལྡན་གྱི་ཁྲིར་ཕེབས། ལོ་དེར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྲོངས་ནས་དེའི་སྲས་ཀརྨ་བསྟན་སྐྱོང་དབང་པོ་བོད་ཀྱི་རྒྱལ་པོའི་སྲིད་ཁྲིར་འཁོད། དགུང་ལོ་རེ་གཅིག་པ་ ༡༦༢༡ ལོར་རྒྱ་ལེ་ཕྱག་མཛོད་དང་སྡེ་པ་སྐྱིད་ཤོད་པའི་ལྷ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོས་སྣེ་ཁྲིད་དེ་ཧོར་སོག་གི་དམག་སྟོང་ཕྲག་གཉིས་ཀྱིས་བོད་ས་བཙན་འཛུལ་བྱས་ཏེ་དབུས་སུ་ལྷགས་པ་དང༌། སོག་དམག་རྣམས་གཙང་དམག་གི་ཐོག་ཏུ་བརྒྱུགས་ཏེ་དམག་མི་སྟོང་ཕྲག་ལྷག་ཙམ་བསད། སླར་ཡང་རྟ་དམག་རྒྱུག་གྲབས་བྱེད་སྐབས་༧པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། ཁྲི་རིན་པོ་ཆེ་འདི་ཉིད། གླིང་སྨད་ཞབས་དྲུང་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ། སྟག་ལུང་ཞབས་དྲུང་ཁུ་དབོན་གྱི་སྐུ་ཚབ་བཅས་འཛོམས་ཐོག་འདུམ་འགྲིག་མཛད། དགུང་ལོ་རེ་གསུམ་པ་ ༡༦༢༣ ལོར་སྐུ་གཤེགས། གདུང་རུས་སོགས་བཞུགས་པའི་དངུལ་གྱི་བྱང་ཆུབ་མཆོད་རྟེན་ལི་མ་ལྷ་ཁང་ཤར་གྱི་གཙོ་བོའི་གཡོན་གཉིས་པར་བཞུགས། དུས་མཆོད་ཀྱང་དབོན་བརྒྱུད་ཀྱིས་ཡུན་རིང་པོའི་བར་དུ་བཟུང་།
- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- ཁྲི་ཆེན་སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 5782
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10331
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9591
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5782
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4146
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4794
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6281
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4510
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4658
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5045
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5155
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5168
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3615
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4141
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3286
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3410