ཁྲི་ཆེན་གོ་བཞི་པ་ལྷུན་གྲུབ་བརྩོན་འགྲུས་མཆོག་ནི། ཕྱི་ལོ་ ༡༨༨༦ ལོར་ཤངས་རྣམ་གླིང་ཞོལ་ལྕོག་ཤར་གྱི་ཁང་ཁུངས་ཁང་གསར་པ་ར་ཟེར་བའི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ཤངས་དགའ་ལྡན་ཆོས་འཁོར་དུ་སྒྲིག་ཞུགས་མཛད་དེ་ཆོས་སྤྱོད་རབ་གསལ་དང་རྩ་བ་ཁག་ཐུགས་གནང་སྟེ་ཚོགས་རྒྱུགས་ཕུལ། དགའ་ཆོས་མཁན་པོ་ཞི་འོད་སྤྲུལ་སྐུ་ལྷུན་གྲུབ་ཆོས་འཕེལ་ལས་རབ་ཏུ་བྱུང་། མཚན་ལྷུན་གྲུབ་བརྩོན་འགྲུས་ཞེས་གསོལ། དགུང་ལོ་ཉེར་གཅིག་པར་དབུས་སུ་བྱོན་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་དགེ་བཤེས་བློ་བཟང་རྣམ་རྒྱལ་བསྟེན་ནས་གཞུང་ཆེན་པོད་ལྔར་སློབ་གཉེར་གནང་། དགུང་གྲངས་ཉེར་གསུམ་པར་༧གོང་ས་བཅུ་གསུམ་པ་ལས་བསྙེན་པར་རྫོགས། ཕུར་ལྕོག་སྐུ་ཕྲེང་བཞི་པའི་མཚན་ཞབས་མཛད། དགུང་ལོ་སོ་དགུ་པར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་གནང༌སྟེ་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས། ལོ་དེར་རྒྱུད་སྨད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་རྒྱུད་སྡེའི་སྐོར་ལ་གསན་བསམ་གནང་། དེའི་ཕྱི་ལོར་གཞིས་དགོན་ཤངས་དགའ་ལྡན་ཆོས་འཁོར་གླིང་དུ་དབྱར་ཐོག་བཞུགས་ཏེ་དེ་གའི་བློ་གསར་བ་ཚོར་སློབ་ཁྲིད་གནང་། རིམ་བཞིན་ཊཱིཀྐ་སྐྱོར་དཔོན་ནས་བླ་མ་དབུ་མཛད་དང༌། བླ་མ་ལོ་གཅིག་གནང་སྟེ་རྒྱུད་སྨད་མཁན་པོར་ཕེབས་ནས་ལོ་གསུམ་ལ་བསྐྱངས། མཁན་པོའི་ལས་ཡུན་རྫོགས་མ་ཐག་བྱང་རྩེ་ཆོས་རྗེའི་ཁྲི་ལ་ཕེབས། བྱང་རྩེའི་ཁྲིར་ལོ་བདུན་དང་ཟླ་ཤས་བཞུགས་ནས་དགུང་གྲངས་ང་ལྔ་པ་ ༡༩༤༠ ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བསྐྱངས། དེའི་རིང་བློ་གླིང་མཁན་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་སོགས་སྔ་ཕྱིར་བསྒྲུབ་བྱ་ཤིན་ཏུ་མང་པོ་བསྙེན་པར་རྫོགས་པ་དང༌། གདན་སའི་གྲྭ་གསར་མང་པོར་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་། ཁྲི་ཆེན་འདི་ཉིད་ཀྱིས་དགེ་བཤེས་མཚན་བཏགས་མ་གནང་གོང་ནས་སློབ་མ་མང་པོར་སློབ་ཁྲིད་གནང་འགོ་བཙུགས་ཏེ་སྐུུ་མ་གཤེགས་བར་གདན་ས་གསུམ་གྱི་སློབ་གཉེར་བ་བརྒྱ་ཕྲག་བརྒལ་བར་དཔྱིད་དང་དབྱར་དུས་ཀྱི་ཆོས་མཚམས་སྐབས་བསྟུན་གྱིས་ཞོགས་པ་སྔ་དྲོའི་ཞལ་འདོན་གྲུབ་པ་ནས་ཉི་མ་རྒས་མཚམས་བར་སློབ་ཁྲིད་གནང་། ༡༩༤༦ ལོར་ཁྲི་ཟུར་མཛད། གསུང་སྐྱེས་སློབ་མ་ཡང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་དང་། སེར་བྱེས་མཁན་ཟུར་བློ་བཟང་དབང་ཕྱུག །འབྲས་བློ་གླིང་མཁན་ཟུར་བློ་བཟང་ཉི་མ། དུང་དཀར་བློ་བཟང་འཕྲིན་ལས། དགེ་བཤེས་ལྷུན་གྲུབ་བཟོད་སོགས་མང་དུ་བྱུང་། ༡༩༤༩ ལོར་བསྟན་རྒྱས་གླིང་དུ་སྤྱོད་འཇུག་ཆེན་མོ་བཀའ་ཁྲིད་གནང་མུས་སུ་མཇུག་མ་རྫོགས་པར་སྐུུ་གཤེགས། སྐུུ་གཤེགས་ཁའི་ཞལ་ཆེམས་སུ། ང་ལ་ཡང་སྲིད་ཕེབས་རྒྱུ་མེད་པས་ཁྱེད་ཚོས་སྐུུ་ཆས་གང་ཡོད་གཙང་དག་མཆོད་འབུལ་དུ་གཏོང་དགོས་ཞེས་བཀའ་གནང་།
- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- ཁྲི་ཆེན་གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 4142
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10332
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9592
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5782
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4147
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4794
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6281
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4510
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4659
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5045
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5155
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5168
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3615
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4142
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3287
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3411