ཁྲི་ཆེན་རེ་དྲུག་པ་ངག་དབང་སྙན་གྲགས་མཆོག་ནི། ཕྱི་ལོ་ ༡༧༤༦ ལོར་ཁྲི་ཆེན་ངག་དབང་ཆོས་གྲགས་ཀྱི་སྐུུ་ཉེའི་རིགས་སུ་འཁྲུངས། དགུང་ལོ་བཅུ་པར་བྱ་ཁྱུང་གི་ཆོས་སྒོར་ཞུགས། མདོ་བ་མཁན་ཆེན་ངག་དབང་དོན་གྲུབ་ལས་རབ་ཏུ་བྱུང་བའི་མཚན་ལ་ངག་དབང་སྙན་གྲགས་གསོལ། དགུང་ལོ་བཅོ་བརྒྱད་ཐོག་སྐུུ་ཞང་ཁྲི་ཆེན་ངག་དབང་ཆོས་གྲགས་དང༌། ཨ་ཇོ་སེ་ར་གཟིམ་ཁང་སྡེ་བ་གཉིས་ཀྱིས་དབུས་སུ་སློབ་གཉེར་ལ་འབྱོན་སྐུུལ་གྱི་ཕྱག་བྲིས་གནང་བ་བཞིན་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་ཞུགས། ཁྲི་ཆེན་ངག་དབང་ཆོས་གྲགས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། སེར་བྱེས་གྲྭ་ཚང་དུ་ཆོས་མཛད་ཀྱི་གོ་གནས་བཞེས་ཤིང་སེ་ར་གཟིམ་ཁང་སྟེང་དུ་བཞུགས་པས་སྐུུ་ཕྲེང་རྗེས་མ་རྣམས་ལ་གཟིམ་ཁང་ཆོས་མཛད་དུ་གྲགས། སེར་བྱེས་མཁན་པོ་བློ་བཟང་འཇམ་དབྱངས་བསྟེན་ནས་བསྡུས་ཆེན་གྱིས་མཚོན་དཔེ་ཁྲིད་མང་པོ་ཞུས། དགུང་ལོ་ཉེར་དགུ་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༡༧༧༧ ལོ་དགུང་ལོ་སོ་གཉིས་ཀྱི་སྟེང་ལྷ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། ལོ་དེར་རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་རྒྱུད་སྡེའི་གཞུང་ལ་གསན་བསམ་གནང༌། ཁྲི་ཆེན་ངག་དབང་ཆོས་གྲགས་ཞི་བར་གཤེགས་པའི་འདས་འཇུག་དགོངས་རྫོགས་ཀྱི་འགན་བཞེས་གནང༌། ༡༧༨༡ ལོ་དགུང་ལོ་སོ་དྲུག་གི་སྟེང་རྒྱུད་སྨད་ཀྱི་དགེ་བསྐོས་གནང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། ཀློང་རྡོལ་བླ་མ་རིན་པོ་ཆེ་ལས་ལམ་རིམ་དང་རྒྱལ་བའི་བཀའ་འགྱུར་རིན་པོཆེའི་ལུང་སོགས་གསན། གཞན་ཡང་རྒྱལ་སྲས་རིན་པོ་ཆེ། རྭ་སྒྲེང་ཁྲི་སྤྲུལ། ཆབ་མདོ་ཞི་བ་ལྷ། ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་བླ་མ་བཞི་བཅུར་ཉེ་བ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མང་པོ་ཞུས། དགུང་ལོ་བཞི་བཅུ་པ་ ༡༧༨༥ ལོར་རྒྱུད་པའི་བླ་མ་དབུ་མཛད་དུ་ཕེབས། དགུང་ལོ་ཞེ་བདུན་པ་ ༡༧༩༢ ལོར་རྒྱུད་སྨད་མཁན་ཁྲིར་ཕེབས། ཁྲི་ཆེན་རྒྱ་ནག་པ་སྐུུ་མཆེད་གཉིས་ལ་རྟ་མགྲིན་ཡང་གསང་གི་དབང་སྩལ། དགུང་ལོ་ང་གཅིག་པར་མངའ་རིས་མཐོ་ལྡིང་གི་ཁྲི་དང༌། ང་བརྒྱད་པར་བྱང་རྩེའི་ཁྲིར་ཕེབས། དགུང་ལོ་རེ་གཉིས་པ་ ༡༨༠༧ ལོར་ཁྲི་སྔོན་མ་དགེ་འདུན་ཚུལ་ཁྲིམས་ཁྲི་ལོ་བདུན་ཚང་ནས་གློ་བུར་ཞི་བར་གཤེགས་པའི་ཚབ་ལ་གློ་བུར་གྱི་ཚུལ་དུ་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་བདུན་བསྐྱངས། ༧རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང༌། ༧ཚུལ་ཁྲིམས་རྒྱ་མཚོ་སྟེ་སྐུུ་སྔ་ཕྱིའི་ཡོངས་འཛིན་ཏུ་བཀུར། དངོས་སློབ་ཀྱང་རྒྱལ་བ་སྐུུ་ཕྲེང་གཉིས། པཎ་ཆེན་བསྟན་པའི་ཉི་མ། འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོ། ཧལ་ཧ་རྗེ་བཙུན་དམ་པ་སོགས་མང་དུ་བྱུང་། དགུང་ལོ་དོན་དགུ་པ་ ༡༨༢༤ ལོར་དགོངས་པ་གཞན་དོན་དུ་གཤེགས།
- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- ཁྲི་ཆེན་རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 5045
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10331
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9591
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5781
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4146
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4794
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6280
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4509
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4658
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5045
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5154
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5168
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3615
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4141
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3286
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3410