ཁྲི་ཆེན་ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༡༥༣༢ལོར་ལྷ་སའི་ལུམ་པ་ཤག་ཏུ་སྐུུ་འཁྲུངས། དགུང་གྲངས་བཅུ་གཅིག་པ་ལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང༌། སེར་བྱེས་མཁན་པོ་ཤེས་རབ་སེང་གེ་ལས་རབ་ཏུ་བྱུང༌། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་ཁག་ལ་ཞིབ་ཏུ་སྦྱངས། མངའ་རིས་ལྷ་བཙུན་བསོད་ནམས་དཔལ་བཟང་ལས་བསྙེན་པར་རྫོགས། སེར་བྱེས་གྲྭ་ཚང་ནས་མདོ་ཕྱོགས་ཀྱི་སྦྱངས་པ་མཐའ་ཕྱིན་ནས་ལྷ་ལྡན་གྲྭ་སྐོར་གྲུབ་རྗེས། རྒྱུད་སྨད་དུ་ཕེབས་ཏེ་རྒྱུད་ཆེན་བཀྲ་ཤིས་བཟང་པོ་དང༌། ཆོས་རྗེ་བྱམས་པ་རྒྱ་མཚོ་སོགས་བསྟེན་ནས་སྔགས་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་སྦྱངས། པཎ་ཆེན་བདེ་ལེགས་ཉི་མ་ལས་ལམ་རིམ་ཆེན་མོའི་སྙན་བརྒྱུད་ཀྱི་མན་ངག་རྣམས་གསན། ༡༥༧༥ལོ་དགུང་གྲངས་ཞེ་གསུམ་གྱི་སྐབས་སྨད་རྒྱུད་ཀྱི་བླ་མ་དང་རིམ་གྱིས་མཁན་པོར་ཕེབས་ནས་དགུང་ལོ་ང་བདུན་གྱི་བར་དུ་འཆད་ཉན་མཛད་ཅིང་། གྲྭ་ཚང་གི་འཆད་ཉན་རིམ་ལྔ་དམར་ཁྲིད་དང་བརྩི་བཞག་ཀྱང་ཡི་གེར་བཀོད། དགའ་ལྡན་ཁྲི་ཐོག་ཉེར་དགུ་པ་ཆོས་རྗེ་བཤེས་གཉེན་གྲགས་པ་སོགས་སྔ་ཕྱིར་བསྒྲུབ་བྱ་ཤིན་ཏུ་མང་པོ་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། ༡༥༨༩ལོ་དགུང་གྲངས་ང་བརྒྱད་པར་བྱང་རྩེར་ཕེབས། ༡༦༠༡ལོ་དགུང་གྲངས་བདུན་ཅུ་པར་རྒྱལ་མཆོག་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་བོད་དུ་ཕེབས་པ་དང་མཇལ། ༡༦༠༣ལོ་དགུང་གྲངས་དོན་གཉིས་པར་དགའ་ལྡན་གྱི་ཁྲིར་ཕེབས། རྒྱལ་བ་ཡོན་ཏན་རྒྱ་མཚོའི་རབ་བྱུང་གི་མཁན་པོ་མཛད་ཅིང༌། མདོ་སྔགས་ཀྱི་ཆོས་ཚུལ་མང་པོ་ཕུལ། ༡༦༠༧ལོ་དགུང་ལོ་དོན་དྲུག་པར་ཟུར་བཞུགས་མཛད། སློབ་མའི་གཙོ་བོ་ལ། ༧རྒྱལ་བ་ཡོན་ཏན་རྒྱ་མཚོ་དང༌། ༧པཎ་ཆེན་བློ་བཟང་ཆོས་རྒྱན། སྟོང་འཁོར་ཡོན་ཏན་རྒྱ་མཚོ། རྒྱུད་ཆེན་རྣམ་རྒྱལ་དཔལ་བཟང༌། གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ། སྟག་ལུང་གྲགས་པ་རྒྱ་མཚོ་སོགས་མང་དུ་བྱུང་། ཟུར་བཞུགས་མཛད་པའི་ལོ་དེར་མྱ་ངན་ལས་འདས། སྐུུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་པ་ལ་དངུལ་གདུང་བཞེངས་པ་དགའ་ལྡན་དུ་བཞུགས།
- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- ཁྲི་ཆེན་ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 9592
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10331
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9592
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5782
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4146
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4794
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6281
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4510
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4659
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5045
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5155
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5168
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3615
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4141
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3286
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3410