དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Sep ཚེས། 14 རེས་གཟའ། Mon

སྙན་ངག་སྤྱི་དོན།

དྲ་འཇུག་པ།

sjrb-0290མཛད་པ་པོ། ཚེ་ཏན་ཞབས་དྲུང་། [༡༩༡༠-༡༩༨༥]
བརྗོད་བྱ།
སྙན་ངག་མེ་ལོང་མའི་ལེའུ་གསུམ་གྱི་སྤྱི་ཁོག
རིག་མཛོད་དེབ་ཨང་།
SJRB-0290
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.8MB
༢༠༡༨ ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཚེ་ཏན་ཞབས་དྲུང་ནི། ཕྱི་ལོ་ ༡༩༡༠ ལོར་མཚོ་སྔོན་པོའི་ཉེ་འགྲམ་ཡ་རྫི་ཞེས་པར་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྐབས་ཚེ་ཏན་ཞབས་དྲུང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་མཚན་བློ་བཟང་ཆོས་འཕེལ་དུ་གསོལ། དགུང་ལོ་བཅུ་བཞིར་ཕེབས་སྐབས་ཡོངས་འཛིན་རིན་པོ་ཆེ་དྲུང་ནས་གཞུང་ཆེན་ཁག་ལ་གསན་བསམ་མཛད། དགུང་ལོ་ཉི་ཤུའི་སྐབས་དགེ་སློང་གི་སྡོམ་པ་མནོས། མཚན་ལ་འཇིགས་མེད་རིག་པའི་བློ་གྲོས་ཞེས་གསོལ། དགུང་ལོ་ང་དྲུག་གི་སྐབས་རྒྱ་མིའི་བཙོན་ཁང་དུ་ལོ་བཅུ་གཉིས་ལྷག་བཞུགས་དགོས་བྱུང་། དགུང་ལོ་རེ་དགུའི་སྐབས་བཙོན་གྲོལ་ཐོབ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གནང་། ༡༩༨༥ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། ༡༩༨༧ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ལྕགས་དཔར་མ་དེབ་ལྔར་དཔར་སྐྲུན་བྱས་ཡོད།

ཕབ་ལེན། PDF     ཕབ་ལེན།

དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 22 རེས་གཟའ། Sat

འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ།

དྲ་འཇུག་པ།

sjrb-0234མཛད་པ་པོ། རོང་སྟོན་ཤཱཀྱ་རྒྱལ་མཚན།
བརྗོད་བྱ།
སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0234
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
2.6 MB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༢༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རོང་སྟོན་ཤཱཀྱ་རྒྱལ་མཚན་ནི། ཕྱི་ལོ་ ༡༣༦༧ ལོར་རྒྱལ་མོ་རོང་དུ་སྐུ་འཁྲུངས། ཐོག་མར་ཡབ་ལས་བོན་ཆོས་ལ་སྦྱངས། དགུང་ལོ་བཅོ་བརྒྱད་པར་དབུས་གཙང་དུ་བྱོན། གསང་ཕུར་བཞུགས་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། དགུང་ལོ་ཉེར་གཉིས་པར་གྲོ་སའི་མཁན་པོ་ཆེན་པོ་མཁས་བཙུན་ཀུན་དགའ་རྒྱལ་པོ་ལས་བསྙེན་པར་རྫོགས། བཤེས་གཉེན་མང་པོ་ལས་སྡེ་སྣོད་མང་དུ་གསན། དགོན་གནས་མང་པོར་སློབ་ཚོགས་བསྐྱངས། མཁན་ཆེན་སངས་རྒྱས་དཔལ་བའི་མཛད་སྲོལ་གཙོ་བོར་བཟུང་ནས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་རྒྱུན་མི་ཆད་པར་གསུངས་ཤིང་། དེའི་མན་ངག་ཞི་བྱེད་བརྒྱུད་པ་ཕྱི་མ་ལ་གཙོ་བོར་མཛད། ཕྱི་ལོ་ ༡༤༣༥ ལོར་འཕན་པོ་ནཱ་ལེན་དྲའི་ཆོས་གྲྭ་བཏབ། དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་སུ་གཞུང་པོ་ཏི་བཅུ་ལ་གྲྭ་སྐོར་མཛད། ཕྱི་ལོ ༡༤༤༩ ལོར་ཞི་བར་གཤེགས། གསུང་རྩོམ་ནི་ཚད་མ་རྣམ་ངེས་ཀྱི་འགྲེལ་པ་རྟོག་གེའི་སྣང་བ་སོགས་ཆོས་ཚན་སུམ་བརྒྱ་ལྔ་བཅུ་བཞུགས། སློབ་མ་ནི་སྔ་ཚར་གྱི་བུ་ཆེན་གངས་ཅན་མཛེས་པའི་རྒྱན་བརྒྱད་སོགས་མང་དུ་བསྐྱངས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Sep ཚེས། 17 རེས་གཟའ། Sat

སྒྲ་ཚན། སེམས་དང་ཚེ་སྲོག[23] དབྱིན་སྐད།

དྲ་འཇུག་པ།

སྒྲ་ཨང་།  H-ADI2030102
སྟོན་པ་འཇིག་རྟེན་དབང་ཕྱུག [ཚན་རིག་གི་སྐོར།] སྤྱིའི་ཨང་། ༢༦༠
རྣམ་པ།
MP3 རྣམ་གྲངས། 9 ཆེ་ཆུང་། 511.9 MB
སྒྲ་ཚན།
སེམས་དང་ཚེ་སྲོག [ཉེར་གསུམ་པ།]
བརྗོད་གཞི།
སྣོད་བཅུད་རིག་པ་སོགས།
གསལ་བཤད།
སྟོན་པ་གཉིས་པའི་དབུས་ཕྱི་ནང་མཁས་པའི་བགྲོ་གླེང་།
གནས་དུས།
༢༠༡༡.༡༠.༡༧-༢༡. རྡ་ས། སྐད་རིཊ། དབྱིན། En
སྒྲ་སྒྲིག་བཟོ་བ།
ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༨།༠༩ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།

གདམས་པ་རིན་ཆེན་དང་པོ། འདོད་པའི་ཁྲོད་ཀྱི་ཤུགས་དྲགས་ཆེ་ཤོས་གཅིག་ནི་འཁྲིག་སྤྱོད་ཀྱི་འདོད་པ་ཡིན། ཁྱོད་ཀྱིས་འཁྲིག་སྤྱོད་ཀྱི་འཐམ་འཁྱུད་བྱེད་སྐབས། འཐམ་འཁྱུད་བྱེད་བཞིན་པའི་ཡུལ་དེ་ནི་ཤ་དང་ལྤགས་པས་བཏུམས་པའི་རུས་སྒྲོམ་ཞིག་ལས་ཅི་ཡང་མིན་ལ། དེ་ལས་ལྷག་པའི་སྙིང་པོ་ཅི་ཡང་མེད། ང་ཚོས་མིའི་རྣམ་པའི་ཁྲོད་ནས་མཐོང་བའི་སྣང་ཚུལ་གྱི་མཛེས་པ་རྣམས་ནི་དེའི་རང་ངོས་ནས་ཡོད་པ་ཞིག་མིན་ལ། མི་དེ་ལ་ཐོག་མ་ནས་ཡོད་པ་ཞིག་ཀྱང་མིན། མིའི་རུས་སྒྲོམ་ལ་འགུལ་སྐྱོད་མེད་ནའང་། དེས་ང་ཚོར་འཇིགས་སྣང་སྐྱེ་རུ་འཇུག་ན། འདི་གསོན་པོར་གནས་པའི་སྐབས་སུ་དེས་ང་ཚོར་འཇིགས་སྣང་མི་བསྐྱེད་དོན་ཅི་རེད། དེ་ལྟ་བུའི་གཟུགས་མི་སྡུག་པ་དེས་ཡིད་འཕྲོག་རྒྱུའི་ཚབ་ལ། ང་ཚོས་རྟག་བརྟན་གྱི་ཞི་བ་མྱང་འདས་ལ་དོ་སྣང་ཅིའི་ཕྱིར་མི་བྱེད་པ་རེད།
{ བརྗོད་གཞི། སྣོད་བཅུད་རིག་པ། བཟང་སྤྱོད། རྟེན་འབྲེལ་སོགས། བགྲོ་གླེང་པ། སྟོན་པ་འཇིག་རྟེན་དབང་ཕྱུག་དབུས་བཞུགས་ཀྱི་ནང་པའི་མཁས་དབང་གཞན་དང་། ཚན་རིག་པ་མཁས་དབང་གང་མང་། }
དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 12 རེས་གཟའ། Wed

ཐམས་ཅད་ཡོད་སྨྲའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ།

དྲ་འཇུག་པ།

sjrb-0009མཛད་པ་པོ། མགོན་པོ་ཀླུ་སྒྲུབ།
བརྗོད་བྱ།
སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0009
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
504 KB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ཟླ་ དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མགོན་པོ་ཀླུ་སྒྲུབ་ནི། རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས། ནཱ་ལེནྡྲར་ཕེབས་ཏེ་ཆོས་མང་པོ་གསན། མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས། མཚན་དགེ་སློང་དཔལ་ལྡན་ཞེས་གསོལ། དགེ་སློང་བདེ་བྱེད་ཅེས་པ་སུན་ཕྱུང་། སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་དཔལ་གྱི་རིར་བཞུགས་ཤིང་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཆོས་དབྱིངས་བསྟོད་པ་སོགས་མཛད་ནས་གདུལ་བྱ་མང་པོ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད། རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་གྱིས་དབུ་བསླངས་པར། སློབ་དཔོན་གྱིས་སྟེར་བར་ཞལ་གྱིས་བཞེས་ཏེ། རྒྱལ་བུ་དེས་དབུ་བཅད་ནས་བཀྲོངས་སོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། དབུ་མ་རིགས་ཚོགས་སོགས་མང་ཞིང་། སློབ་མའི་གཙོ་བོར་གྱུར་པ་ཤཱཀྱ་མི་ཏྲ་དང་སོགས་མང་དུ་བྱུང་ངོ་། །གཞུང་འདི་ལ་བུ་སྟོན་དང་སྡེ་དགེ །སྣར་ཐང་། པེ་ཅིན་བཅས་ཀྱི་དཀར་ཆག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཀྱང་ཟེར། ཁ་ཆེ་དགེ་འདུན་བཟང་པོས་མཛད་ཀྱང་ཟེར་ཞེས་འབྱུང་།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Aug ཚེས། 12 རེས་གཟའ། Fri

སྒོམ་སྡེ་ཚིག་མཛོད་དང་པོ། [ཀ-ཆ]

དྲ་འཇུག་པ།

sjrb-0245རྩོམ་པ་པོ། སྒོམ་སྡེ་ལྷ་རམས་པ།
བརྗོད་བྱ།
སྒྲ་རིག་པ། 
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0245
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
5.5MB
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ལོའི་ཟླ་བརྒྱད་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཐུབ་བསྟན་བསམ་འགྲུབ་བམ་སྒོམ་སྡེ་ལྷ་རམས་པ་ནི། ཕྱི་ལོ་༡༩༥༨ལོར་བོད་དུ་འཁྲུངས་ཤིང་། ༥༩ ལོར་འཕགས་ཡུལ་དུ་འབྱོར། ༡༩༧༢ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། རིགས་ཆེ་ཆུང་གི་ཚོགས་ལངས་དང་། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༣ ལོར་ལྷ་རམས་པའི་གྲྭ་སྐོར་དང་དམ་འཇོག །དེ་རྗེས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གནང་། སེར་བྱེས་གྲྭ་ཚང་གི་སློབ་གཉེར་དགེ་རྒན་ཡང་གནང་། བརྩམས་ཆོས་ཀྱང་སྒོམ་སྡེ་ཚིག་མཛོད་ཆེན་མོས་གཙོས་གང་མང་ཞིག་ཡོད། དེང་སྐབས་ཕྱི་རྒྱལ་དུ་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ། །

དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 12 རེས་གཟའ། Wed

དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་བརྗེད་བྱང་།

དྲ་འཇུག་པ།

sjrb-0109མཚན་བྱང་། དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་དུ་བྱས་པ།
མཛད་པ་པོ།
སློབ་དཔོན་ཀ་མ་ལ་ཤཱི་ལ།
བརྗོད་བྱ།
སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0109
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
761 KB
བསྐྱར་སྒྲིག་པ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཀ་མ་ལ་ཤཱི་ལ་ནི། མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན་ཞིང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་རང་ལུགས་འཛིན་པའི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་སྐུ་གཤེགས་ཁའི་ཞལ་ཆེམས་ལྟར། བལ་ཡུལ་ནས་བསམ་ཡས་སུ་གདན་དྲངས། སློབ་དཔོན་གྱིས་ཧྭ་ཤང་མ་ཧཱ་ཡ་ན་དང་རྩོད་པ་མཛད་དེ་ཧྭ་ཤང་ཕམ་པར་བྱས་ཤིང་བོད་ནས་ཕར་བསྐྲད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསྐུལ་བ་ལྟར། བསྒོམ་རིམ་དང་པོ་དང་། བར་པ། ཐ་མ་བཅས་ཆེད་དུ་རྩོམ་པར་མཛད། སླར་ཡང་སྒོམ་རིམ་གསུམ་གྱི་དོན་འགྲེལ་དུ་དབུ་མ་སྣང་བ་བརྩམས། གཞན་ཁོང་གིས་མཛད་པའི་ཤེར་ཕྱིན་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ་སོགས་ཡོད། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གསལ་པོ་ཞིག་ལོ་རྒྱུས་རྣམས་སུ་མཐོང་མ་སོང་ལ། གཤེགས་རྐྱེན་ལའང་མི་མཐུན་པ་ཁ་ཤས་ཤིག་འབྱུང་བ་ནི་འདིར་མ་བཀོད་དོ། །
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Aug ཚེས། 12 རེས་གཟའ། Fri

སྒོམ་སྡེ་ཚིག་མཛོད་གཉིས་པ། [ཇ-པ]

དྲ་འཇུག་པ།

sjrb-0246རྩོམ་པ་པོ། སྒོམ་སྡེ་ལྷ་རམས་པ།
བརྗོད་བྱ།
སྒྲ་རིག་པ། 
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0246
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
5MB
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ལོའི་ཟླ་བརྒྱད་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཐུབ་བསྟན་བསམ་འགྲུབ་བམ་སྒོམ་སྡེ་ལྷ་རམས་པ་ནི། ཕྱི་ལོ་༡༩༥༨ལོར་བོད་དུ་འཁྲུངས་ཤིང་། ༥༩ ལོར་འཕགས་ཡུལ་དུ་འབྱོར། ༡༩༧༢ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། རིགས་ཆེ་ཆུང་གི་ཚོགས་ལངས་དང་། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༣ ལོར་ལྷ་རམས་པའི་གྲྭ་སྐོར་དང་དམ་འཇོག །དེ་རྗེས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གནང་། སེར་བྱེས་གྲྭ་ཚང་གི་སློབ་གཉེར་དགེ་རྒན་ཡང་གནང་། བརྩམས་ཆོས་ཀྱང་སྒོམ་སྡེ་ཚིག་མཛོད་ཆེན་མོས་གཙོས་གང་མང་ཞིག་ཡོད། དེང་སྐབས་ཕྱི་རྒྱལ་དུ་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ། །

དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Sep ཚེས། 17 རེས་གཟའ། Sat

སྒྲ་ཚན། སེམས་དང་ཚེ་སྲོག[25] དབྱིན་སྐད།

དྲ་འཇུག་པ།

སྒྲ་ཨང་།  H-ADI2030103
སྟོན་པ་འཇིག་རྟེན་དབང་ཕྱུག [ཚན་རིག་གི་སྐོར།] སྤྱིའི་ཨང་། ༢༦༡
རྣམ་པ།
MP3 རྣམ་གྲངས། 10 ཆེ་ཆུང་། 121.8 MB
སྒྲ་ཚན།
སེམས་དང་ཚེ་སྲོག [ཉེར་ལྔ་པ།]
བརྗོད་གཞི།
བསམ་བྱུང་གི་ཉམས་ལེན་སོགས།
གསལ་བཤད།
སྟོན་པ་གཉིས་པའི་དབུས་ཕྱི་ནང་མཁས་པའི་བགྲོ་གླེང་།
གནས་དུས།
༢༠༡༢ ནེའོ་ཡོག །སྐད་རིཊ། དབྱིན། En
སྒྲ་སྒྲིག་བཟོ་བ།
ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༨།༠༩ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།

གདམས་པ་རིན་ཆེན་དང་པོ། གཞན་གྱི་ལུས་ཕུང་བཙོག་པོར་ངོས་མ་ཟིན་པ་དེ་ཧང་སངས་རྒྱུ་མི་འདུག་ཀྱང་། རང་ཉིད་ཀྱི་ལུས་བཙོག་པོར་མ་མཐོང་བ་ནི་ཡ་མཚན་རེད། ང་ཚོས་སྤྲིན་གསེབ་ནས་ཉི་འོད་འཕྲོ་སྐབས་ཁ་འབྱེད་ཅིང་མཛེས་སྡུག་ལྡན་པའི་གསར་བཞད་ཀྱི་མེ་ཏོག་པདྨ་རྣམས་ལས། མིའི་ལུས་ཕུང་ལ་དགའ་བོ་བྱེད་པའི་རྒྱུ་མཚན་ཅི་ཡིན། ང་ཚོས་མི་གཙང་བས་སྦགས་པའི་ས་ཆ་ལ་མི་ཐུག་པར་ཕྱིར་ནུར་བྱེད་ན། མི་གཙང་བ་དེ་སྐྲུན་བྱེད་ཀྱི་ལུས་ལ་ཐུག་པར་དགའ་བོ་བྱེད་དོན་ཅི་རེད། ང་ཚོས་ལྕི་བའི་ནང་ནས་རང་བྱུང་གིས་འབྱུང་བའི་སྲིན་འབུ་དང་ཤ་འབུ་རྣམས་ལ་དགའ་བོ་མི་བྱེད་པར། མི་གཙང་བའི་རང་བཞིན་གྱི་མི་ལུས་ལ་དགའ་བོ་བྱེད་དོན་ཅི་རེད།
{ བརྗོད་གཞི། བསམ་བྱུང་གི་ཉམས་ལེན་དང་འཕྲོད་བསྟེན། བརྟག་དཔྱད་ཀྱི་རྙེད་དོན་དང་གདོང་ལེན་བྱེད་དགོས་པའི་དངོས་ཡོད་འཇིག་རྟེན་གྱི་དཀའ་རྙོག་སོགས། བགྲོ་གླེང་པ། སྟོན་པ་འཇིག་རྟེན་དབང་ཕྱུག་དབུས་བཞུགས་ཀྱི་ནང་པའི་མཁས་དབང་གཞན་དང་། ཚན་རིག་པ་མཁས་དབང་གང་མང་། }
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Aug ཚེས། 12 རེས་གཟའ། Fri

སྒོམ་སྡེ་ཚིག་མཛོད་གསུམ་པ། [ཕ-ཞ]

དྲ་འཇུག་པ།

sjrb-0247རྩོམ་པ་པོ། སྒོམ་སྡེ་ལྷ་རམས་པ།
བརྗོད་བྱ།
སྒྲ་རིག་པ། 
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0247
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
5.1MB
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ལོའི་ཟླ་བརྒྱད་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཐུབ་བསྟན་བསམ་འགྲུབ་བམ་སྒོམ་སྡེ་ལྷ་རམས་པ་ནི། ཕྱི་ལོ་༡༩༥༨ལོར་བོད་དུ་འཁྲུངས་ཤིང་། ༥༩ ལོར་འཕགས་ཡུལ་དུ་འབྱོར། ༡༩༧༢ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། རིགས་ཆེ་ཆུང་གི་ཚོགས་ལངས་དང་། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༣ ལོར་ལྷ་རམས་པའི་གྲྭ་སྐོར་དང་དམ་འཇོག །དེ་རྗེས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གནང་། སེར་བྱེས་གྲྭ་ཚང་གི་སློབ་གཉེར་དགེ་རྒན་ཡང་གནང་། བརྩམས་ཆོས་ཀྱང་སྒོམ་སྡེ་ཚིག་མཛོད་ཆེན་མོས་གཙོས་གང་མང་ཞིག་ཡོད། དེང་སྐབས་ཕྱི་རྒྱལ་དུ་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ། །

དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 12 རེས་གཟའ། Wed

ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་འགྲེལ་པ་འོད་ལྡན།

དྲ་འཇུག་པ།

sjrb-0101མཛད་པ་པོ། སློབ་དཔོན་ཤཱཀྱ་འོད།
བརྗོད་བྱ།
སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0101
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.4 MB
བསྐྱར་སྒྲིག་པ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༡༩ ཟླ་ ༨ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཤཱཀྱ་འོད་ནི། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་དང་། འདུལ་བ་ལ་ཤིན་ཏུ་མཁས་ཤིང་འདུལ་བའི་བསྟན་པ་ལ་ཧ་ཅང་བཀའ་དྲིན་ཆེ་བ་ཞིག་ཡིན། ལོ་རྒྱུས་ཁ་ཤས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ནུབ་ཕྱོགས་སུ་སྐུ་འཁྲུངས་པར་བཤད། ཇོ་ནང་ཀུན་མཁྱེན་གྱི་ཆོས་འབྱུང་དུ། རྒྱལ་པོ་གཽ་པཱ་ལས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་ལྔ་བྱས། རྒྱལ་པོ་འདིའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང༌། བསོད་ནམས་གྲགས་ཀྱི་སློབ་མ། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་པར་བཤད། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལས་བོད་དུ་བསྒྱུར་ཞིང་གྲགས་ཆེ་བ་ནི། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་བམ་པོ་བརྒྱད་པ་གཉིས་དུས་རབས་བརྒྱད་པའི་མཇུག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཙཱ་བ་རྩངས་དེ་ཝནྡྲ་རཀྵི་ཏ་སྟེ་ལྷའི་དབང་པོ་བསྲུང་བས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་མདོ་ཕྱོགས་པོད་[ཧུ]པར་ཡོད།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

PDF       ཕབ་ལེན།
ངོ་ཤོག 86 ནས་ 120