ཁྲིད་ཚན། ནང་ཆོས་ངོ་སྤྲོད།[ན] བོད་དབྱིན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADN203050
སྟོན་པ་འཇིག་རྟེན་དབང་ཕྱུག [ནང་ཆོས་ངོ་སྤྲོད།] སྤྱིའི་ཨང་། ༡༡༡
རྣམ་པ། MP3 རྣམ་གྲངས། 14 ཆེ་ཆུང་། 50.2 MB
ཁྲིད་ཚན། ནང་ཆོས་ངོ་སྤྲོད།
གསལ་བཤད། ཕྱིའི་དངོས་པོ་ལས་བདེ་བ་འབྱུང་ཐབས།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྐད་རིགས། བོད་དབྱིན། Tb/En འཁྲིད་དུས། ༢༠༠༢
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༢༩ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། མི་རྣམས་ཀྱིས་སྲོག་ཐོག་ཉེས་ཆད་དང་ཉེས་ཆད་ཀྱི་དགོས་དོན་སོགས་ཀྱི་གནད་དོན་ལ་མོས་མཐུན་བྱེད་ཀྱི་མེད། འགའ་ཤས་ཀྱིས་ནག་ཉེས་ཁ་ཅིག་ཧ་ཅང་རྫབ་ཆེན་དང་ཧ་ཅང་ཐབས་རྡུགས་ཡིན་པས། ནག་ཉེས་གསོག་མཁན་ལ་སྙིང་རྗེ་རྩ་བ་ནས་བྱེད་མི་དགོས་པ་བསམ་གྱི་ཡོད། ནག་ཉེས་ཀྱི་ཐོག་ལ་སླེབས་སྐབས། མི་ཚེའི་ནང་ངམ་འབྱུང་འགྱུར་གྱི་མི་ཚེའི་ནང་ལེགས་བཅོས་སམ་ཡང་ན་ཆ་སྙོམས་སླར་གསོ་བྱ་རྒྱུའི་བསམ་ཚུལ་འགའ་ཆོས་ལུགས་ཆེ་ཁག་ཚང་མར་ཡོད། འཇིག་རྟེན་བཀོད་པ་པོ་འདོད་པའི་སྲོལ་རྒྱུན་ཁྲོད། འཇིག་རྟེན་བཀོད་པ་པོའི་ཐག་གཅོད་ལ་བརྟེན་པའི་གོ་རྟོགས་ཤིག་ཡོད། གནའ་རབས་ཀྱི་ནང་པའི་གཞུང་ནང་། ལས་རྒྱུ་འབྲས་ཀྱི་རྣམ་གཞག་གིས་སོ་སོའི་ལས་ཀྱི་འབྲས་བུ་མཐར་སོ་སོས་མྱོང་དགོས་པ་ངེས་པར་བསྟན། ཡིད་ཆེས་དེ་གཉིས་ཀས་འགྲོ་བ་མིའི་ཚེ་འདི་སྣང་གི་ལས་དོན་ཐད་ཡ་ང་སྙིང་རྗེ་དགོས་པ་ཁས་ལེན་བྱེད་ཀྱི་ཡོད། ཆོས་ལུགས་ལ་མ་བརྟེན་པའི་ལྟ་སྟངས་ཤིག་གི་ཐོག་ནས། འཆི་བའི་རྗེས་ཉེས་ཆད་དང་ལེགས་སྐྱེས་ཐད་དེ་ལྟའི་ཡིད་ཆེས་མེད་སྟབས། ཉེས་ཆད་ནི་དོན་དངོས་སུ་གང་གི་ཕྱིར་ཡིན་ནམ་ཞེས་པ་དང་། དེའི་དགོས་པ་ནི་འཁོན་ལན་དང་དགྲ་ཤ་བླངས་ནས་མཐར་ནག་ཉེས་གསོག་མཁན་ལ་སྡུག་བསྔལ་མྱོང་དུ་འཇུག་རྒྱུ་དེ་རང་ཡིན་ནམ། ཡང་ན་དེ་ནོར་འཁྲུལ་འཕར་མ་བྱེད་པ་ལས་ཟློག་ཐབས་ཀྱི་ཆེད་ཡིན་ནམ་ཞེས་ངེས་པར་དུ་ང་ཚོས་སོ་སོ་རང་ཉིད་ལ་སྐད་ཆ་འདྲི་དགོས། ངའི་བསམ་པར། ཉེས་ཆད་ཀྱི་དམིགས་ཡུལ་ནི་མཐར་གཞན་ལ་སྡུག་བསྔལ་སྤྲོད་རྒྱུ་དེ་ཁོ་ན་མ་ཡིན་པར། ཉེས་ཆད་ཀྱིས་མནར་དུ་བཅུག་པའི་སྡུག་བསྔལ་ལ་དེ་ལས་ལྷག་པའི་དམིགས་ཡུལ་ཞིག་ངེས་པར་དུ་དགོས། དཔེར་ན། ནག་ཉེས་གསོག་མཁན་ལ་ནག་ཉེས་བསྐྱར་དུ་གསོག་པ་ལས་སེམས་ཞུམ་དུ་འཇུག་པ་དང་། གཞན་གྱིས་བྱ་སྤྱོད་དེ་ལྟར་སྤེལ་བར་འཇིགས་སྣང་བསྐུལ་ནས་འགོག་ཐབས་བྱེད་པ་ལྟ་བུ། དེས་ན་ཉེས་ཆད་ནི་འཁོན་ལན་སློག་ཕྱིར་མ་ཡིན་པར། འགོག་ཐབས་ཀྱི་ཆེད་དུ་ཡིན། |
རྗེ་ཙོང་ཁ་པའི་གསུང་འབུམ། [པ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། བྱང་ཆུབ་ལམ་རིམ་ཆེན་མོ།
རིག་མཛོད་དེབ་ཨང་། SJRB-0038
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.9MB
༢༠༡༧ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་པ་པ་འདིའི་ནང་དུ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་གནད་བསྡུས་ཏེ་གཏན་ལ་ཕབ་པ་བྱང་ཆུབ་ལམ་རིམ་ཆེན་མོ་ཆ་ཚང་བ་གླེགས་བམ་གཅིག་ཏུ་བཞུགས།
| PDF ཕབ་ལེན། |
|---|
རྗེ་ཙོང་ཁ་པའི་གསུང་འབུམ། [ཚ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། གསེར་ཕྲེང་སྐབས་བཞི་པ་མན་ཆ་ཚང་།
རིག་མཛོད་དེབ་ཨང་། SJRB-0043
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 4.5MB
༢༠༡༧ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ཚ་པ་འདིའི་ནང་དུ། ༡ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པའི་ལེགས་བཤད་གསེར་གྱི་ཕྲེང་བའི་སྨད་ཆ་སྐབས་བཞི་པ་ནས་བརྒྱད་པ་བར་གྱི་འགྲེལ་པ། ༢ ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་བློ་གསལ་བགྲོད་པའི་ཐེམ་སྐས། ༣ ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་པ། ༤ གཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས། ༥ སྡེ་བདུན་ལ་འཇུག་བའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ། ༦ བསམ་གཟུགས་ཟིན་བྲིས། ༧ དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད། ༨ རྗེ་རིན་པོ་ཆེས་གནང་བའི་དབུ་མའི་ལྟ་ཁྲིད་བསྡུས་པ། ༩ དགེ་འདུན་ཉི་ཤུ་བསྡུས་པ་རྗེས་གནང་བ་དང་ཞུགས་གནས་བཅས་ཆོས་ཚན་དགུ་ལྷན་དུ་བཞུགས།
| PDF ཕབ་ལེན། |
|---|
ཁྲིད་ཚན། ནང་ཆོས་ངོ་སྤྲོད།[པ] བོད་དབྱིན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADN203052
སྟོན་པ་འཇིག་རྟེན་དབང་ཕྱུག [ནང་ཆོས་ངོ་སྤྲོད།] སྤྱིའི་ཨང་། ༡༡༣
རྣམ་པ། MP3 རྣམ་གྲངས། 4 ཆེ་ཆུང་། 418 MB
ཁྲིད་ཚན། ནང་ཆོས་ངོ་སྤྲོད།
གསལ་བཤད། མི་ཚེ་དོན་ལྡན་ཡོང་ཐབས།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྐད་རིགས། བོད་དབྱིན། Tb/En
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། དྲང་བདེན་ལག་བསྟར་བྱེད་པའི་གཞི་རྟེན་དུ་སྙིང་རྗེའི་རྩ་འཛིན་ཐད་གལ་ཆེ་བའི་གནད་དོན་ཞིག་ནི། ལས་ལ་མཛུབ་མོ་བཙུགས་རྐྱང་མ་བྱས་པར་ལས་བྱེད་པོར་འཛུགས་དགོས་པ་དེ་ཡིན། ང་ཚོས་ལས་ནོར་བ་ལ་ཉེས་འཛུགས་དང་དགོས་ངེས་ཀྱི་ཐབས་ལམ་ཡོད་དོ་ཅོག་བེད་སྤྱད་དེ་ཁ་གཏད་གཅོག་དགོས་པ་དང་། ཆབས་ཅིག་ལས་དེ་དག་གསོག་མཁན་གྱི་ནག་ཉེས་ཅན་ལ་དགོངས་ཡངས་དང་སེམས་པ་བཟང་བའི་ཀུན་སྤྱོད་རྒྱུན་འཛིན་དགོས་པ་སྙིང་རྗེས་སྟོན་གྱི་ཡོད། འཇིག་རྟེན་བཀོད་པ་པོ་འདོད་པའི་རྣམ་གཞག་ནང་། དཀོན་མཆོག་གིས་སྡིག་ལས་འགོག་ཅིང་སྡིག་པ་གསོག་མཁན་ལ་བརྩེ་བ་སྤྲོད་ཀྱི་ཡོད་པ་ལྟར། ང་ཚོས་ཀྱང་ནོར་འཁྲུལ་ལ་སྟོབས་ཤུགས་ཆེན་པོས་འགོག་རྒོལ་བྱེད་པ་དང་མཉམ་དུ་ནོར་འཁྲུལ་བྱེད་མཁན་ལ་སེམས་ཁུར་བྱེད་དགོས། དེ་ལྟར་བྱེད་པ་ནི་ཡང་དག་པ་ཞིག་ཡིན། གང་ཡིན་ཞེ་ན། བསྐྱར་དུ་བརྗོད་རྒྱུར། འགྲོ་བ་མི་ཐམས་ཅད་ལ་འགྱུར་བ་འགྲོ་བའི་ནུས་པ་ཡོད། ངོས་ཀྱི་བསམ་པར། དེ་ནི་ང་ཚོ་རང་གི་ཉམས་མྱོང་ཐོག་ནས་ཚང་མས་ཤེས་ཀྱི་ཡོད། གང་ལྟར་ན་གཞོན་ནས་འགན་ཁུར་ཐུབ་མཁན་ཞིག་ཆགས་པའི་བར་མི་ཚེ་སྣང་མེད་དུ་སྐྱེལ་མཁན་དང་ན་ཚོད་སྨིན་ཞིང་ཉམས་མྱོང་ཐོབ་སྟེ་ལྟ་སྐྱོང་བྱེད་མཁན་གཉིས་ལ་མི་གཅིག་པ་མེད། ལོ་རྒྱུས་ནང་དུའང་། མི་ཚེའི་འགོ་སྟོད་དུ་ཀུན་སྤྱོད་ཀྱི་ཆ་ནས་ཧ་ཅང་སྡུག་ཅག་ཡོད་ཀྱང་ཕྱིས་སུ་གཞན་ལ་ཕན་ཐོགས་རྒྱ་ཆེན་པོ་སྐྲུན་མཁན་གྱི་མི་དེ་འདྲའི་དཔེ་མཚོན་ཧ་ཅང་མང་པོ་ཡོད། དཔེར་ན། ཆོས་རྒྱལ་མྱ་ངན་མེད་དང་སེན་ཊེ་པོལ་ ( Saint Paul ) ཡང་ན་དེ་མིན་གྱི་དཔེ་མང་པོར་ང་ཚོས་བསམ་བློ་གཏོང་དགོས། |
ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་སློབ་དཔོན་བདེ་བྱེད་བདག་པོ།
བརྗོད་བྱ། སྟོན་པ་བཅོམ་ལྡན་འདས་ལ་བསྟོད་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0106
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 435KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ལོའི་ཟླ་བརྒྱད་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར་རྒྱ་གར་གྱི་སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་སློབ་དཔོན་བདེ་བྱེད་བདག་པོ་གཉིས་ཀྱིས་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་ཁྱད་པར་དུ་འཕགས་པའི་བསྟོད་པ་དང་། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་གཉིས་བསྡུས་ཡོད། སློབ་དཔོན་འདི་གཉིས་སྐུ་མཆེད་ཡིན་ཞིང་། ཐོག་མར་ཕྱི་རོལ་མུ་སྟེགས་པའི་ཆོས་ལ་དད་མཁན་ཡིན་ཀྱང་ཕྱིས་སུ་ནང་པའི་བསྟན་པ་དང་སྟོན་པ་ལ་དད་ནས་ནང་པར་གྱུར་ཅིང་། གཅེན་གཅུང་གཉིས་ཀས་སྟོན་པ་ཐུགས་རྗེ་ཅན་ཉིད་ཕྱི་རོལ་རིག་བྱེད་ཀྱི་གཞུང་དུ་གྲགས་པའི་ལྷ་ཆེན་པོ་སོགས་དང་མཚུངས་བསྡུར་གྱི་ལམ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁྱད་པར་དུ་འཕགས་པའི་ཆེ་བ་བརྗོད་པའི་སྒོ་ནས་བསྟོད་པ་མཛད་པ་ཡིན། བསྟོད་པ་འདི་གཉིས་ལ་རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆས་བརྩམས་པའི་འགྲེལ་པ་ཡོད་ལ། རྩ་འགྲེལ་གཉིས་ཀ་སྡེ་དགེའི་བསྟན་འགྱུར་གྱི་པོད་[ཀ]པའི་བསྟོད་ཚོགས་ནང་དུ་བཞུགས།
| PDF ཕབ་ལེན། |
|---|
རྗེ་ཙོང་ཁ་པའི་གསུང་འབུམ། [ཙ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། གསེར་ཕྲེང་སྐབས་དང་པོ་གསུམ།
རིག་མཛོད་དེབ་ཨང་། SJRB-0042
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.5MB
༢༠༡༧ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ཙ་པ་འདིའི་ནང་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པའི་ལེགས་བཤད་གསེར་གྱི་ཕྲེང་བའི་སྟོད་ཆ་སྐབས་དང་པོ་གསུམ་གྱི་འགྲེལ་པ་ལྷན་དུ་བཞུགས།
| PDF ཕབ་ལེན། |
|---|
ཁྲིད་ཚན། བྱམས་བརྩེ་ནུས་སྟོབས།[ཕ] དབྱིན་སྐད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADN203061
སྟོན་པ་འཇིག་རྟེན་དབང་ཕྱུག [ནང་ཆོས་ངོ་སྤྲོད།] སྤྱིའི་ཨང་། ༡༢༢
རྣམ་པ། MP3 རྣམ་གྲངས། 2 ཆེ་ཆུང་། 64.3 MB
ཁྲིད་ཚན། ནང་ཆོས་ངོ་སྤྲོད།
གསལ་བཤད། བྱམས་བརྩེ་ནུས་སྟོབས།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས་དུས། ༢༠༠༢ སོ་ལོ་ཝི་ནི་ཡར། སྐད་རིགས། དབྱིན་སྐད། En
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། ཀུན་ཁྱབ་སྙིང་རྗེ་དེ་ཆོས་ལུགས་ཀྱི་ཡིན་པའི་བསམ་ཚུལ་དེར། ངོས་ནས་མོས་མཐུན་བྱེད་ཀྱི་མེད། མི་འགའ་ཞིག་ལ་རང་ཤེད་མེད་པ་དང་གཞན་ལ་སྲི་ཞུ་སྒྲུབ་པ་དེ་ཁོང་ཚོའི་ཆོས་ལུགས་ཀྱི་དད་པས་རྨང་གཞི་བྱས་ནས་ཡོང་བ་བརྗོད་མི་དགོས། དཔེར་ན། དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་ལྟ་བུ། འོན་ཀྱང་དེ་དང་ཆབས་ཅིག དེང་སང་འཛམ་གླིང་ནང་འགྲོ་བ་མི་ཚང་མར་སེམས་ཁུར་བྱེད་མཁན་གཞན་གྲངས་ལས་འདས་པ་ཡོད་ཀྱང་། ཁོང་ཚོར་ཆོས་ལུགས་མེད། རྡ་ཕར་ ( Darfur ) དང་ཧེ་ཊེ་ ( Haiti ) ཡང་ན་དཀའ་རྙོག་དང་རང་བྱུང་གོད་ཆག་གང་དུ་བྱུང་ཡང་། ས་ཁུལ་དེ་དག་ནང་དང་བླངས་སྨན་པ་དང་རོགས་པ་བྱེད་མཁན་ཚང་མར་བསམ་བློ་གཏོང་དུས། ཕལ་ཆེར་ཁོང་ཚོ་འགའ་ཤས་ཆོས་ལ་དད་པ་ཡོད་མཁན་ཡིན་ཀྱང་མང་པོ་ཞིག་ཆོས་ལ་དད་པ་མེད། ཁོང་ཚོའི་སེམས་ཁུར་ནི་སྡེ་ཚན་འདིའམ་དེ་ལ་མིན་པར་འགྲོ་བ་མི་རང་ལ་བྱེད་ཀྱི་ཡོད། ཁོང་ཚོར་གང་ཞིག་གིས་སྐུལ་འདེད་བྱས་ཡོད་དམ་ཞེ་ན། གཞན་གྱི་སྡུག་བསྔལ་གྱི་འཁུར་བཟོད་ཡང་དུ་གཏོང་རྒྱུའི་ཆོད་སེམས་ཏེ་བཅོས་མིན་གྱི་སྙིང་རྗེའི་དབང་གིས་ཡིན། དེར་བརྟེན་ཀུན་ཁྱབ་སྙིང་རྗེ་ནི་རྩ་བ་ནས་ཆོས་ལུགས་ལ་མ་བརྟེན་པའི་སྒྲོམ་གཞི་ཞིག་གི་ནང་རྒྱུན་གནས་ཐུབ་པར་ངོས་ལ་ཐེ་ཚོམ་མེད། |
རྗེ་ཙོང་ཁ་པའི་གསུང་འབུམ། [མ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། དབུ་མ་དགོངས་པ་རབ་གསལ་སོགས།
རིག་མཛོད་དེབ་ཨང་། SJRB-0041
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.6MB
༢༠༡༧ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་མ་པ་འདིའི་ནང་དུ། ༡ བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ༢ རྒྱལ་ཚབ་ཆོས་རྗེས་རྗེ་ལ་གསན་པའི་དབུ་མ་རྒྱན་གྱི་བརྗེད་བྱང་། ༣ མངོན་གསུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ། ༤ ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་རྒྱ་ཆེར་གསུངས་པའི་ཚིག་དོན་བློ་ལ་ངེས་པ་རྣམས་བརྗེད་བྱང་དུ་བྲིས་པ་སྤྱོད་འཇུག་ཤེས་རབ་ལེའུའི་ཊཱིཀྐ་བློ་གསལ་བ་ཞེས་པ་བཅས་ཆོས་ཚན་བཞི་ལྷན་དུ་བཞུགས།
| PDF ཕབ་ལེན། |
|---|
སེར་བྱེས་གྲྭ་ཚང་གི་ཆོས་སྤྱོད། སྨད་ཆ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། སྣ་ཚོགས།
བརྗོད་བྱ། ཞལ་འདོན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0250
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 217 ལྗིད་ཚད། 1.6MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༥ ཟླ་བདུན་པར་བསྐྱར་བཅོས་ཐེངས་གཉིས་པ་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི་དད་ལྡན་དོན་གཉེར་ཅན་དག་གི་ཞལ་འདོན་སོགས་ཀྱི་ཆེད་དུ། འདི་ག་རྩོམ་སྒྲིག་པས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྤྱོད་རབ་གསལ་ལ་སྟོད་སྨད་གཉིས་བྱས་ཏེ་རྩོམ་སྒྲིག་བྱས་པ་ལས་སྨད་ཆ་ཡིན་ལ། པར་རྩའི་ནང་དུ་མ་དག་པ་ཡོད་པ་དག་ལས་ལག་ལ་གང་ཐོགས་ཤིག་ནོར་བཅོས་བྱས་ཡོད།
| PDF ཕབ་ལེན། |
|---|
རྗེ་ཙོང་ཁ་པའི་གསུང་འབུམ། [བ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། རྩ་ཤེའི་ཊཱིཀ་ཆེན་སོགས།
རིག་མཛོད་དེབ་ཨང་། SJRB-0040
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.4MB
༢༠༡༧ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་བ་པ་འདིའི་ནང་དུ། ༡ དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ། ༢ དཀའ་གནད་བརྒྱད་ཀྱི་ཟིན་བྲིས་རྗེའི་གསུང་བཞིན་དགེ་སློང་དར་མ་རིན་ཆེན་གྱིས་བརྗེད་བྱང་དུ་བཀོད་པ། ༣ རིགས་པ་དྲུག་ཅུ་བའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ། ༤ རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་མངོན་སུམ་ལེའུའི་བརྗེད་བྱང་། ༥ དབུ་མ་ལྟ་བའི་ཁྲིད་ཡིག ༦ ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གི་ལམ་ནས་དྲངས་པའི་བློ་སྦྱོང་། ༧ དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ་བཅས་ཆོས་ཚན་བདུན་ལྷན་དུ་བཞུགས།
| PDF ཕབ་ལེན། |
|---|
དེ་ལས་མང་བ།...
སེར་བྱེས་གྲྭ་ཚང་གི་ཆོས་སྤྱོད། སྟོད་ཆ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། སྣ་ཚོགས།
བརྗོད་བྱ། ཞལ་འདོན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0249
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 270 ལྗིད་ཚད། 1.7MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༥ ཟླ་བདུན་པར་བསྐྱར་བཅོས་ཐེངས་གཉིས་པ་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི་དད་ལྡན་དོན་གཉེར་ཅན་དག་གི་ཞལ་འདོན་སོགས་ཀྱི་ཆེད་དུ། འདི་ག་རྩོམ་སྒྲིག་པས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྤྱོད་རབ་གསལ་ལ་སྟོད་སྨད་གཉིས་བྱས་ཏེ་རྩོམ་སྒྲིག་བྱས་པ་ལས་སྟོད་ཆ་ཡིན་ལ། པར་རྩའི་ནང་དུ་མ་དག་པ་ཡོད་པ་དག་ལས་ལག་ལ་གང་ཐོགས་ཤིག་ནོར་བཅོས་བྱས་ཡོད།
| PDF ཕབ་ལེན། |
|---|
ཁྲིད་ཚན། དཔྱིད་ཆོས་ཀྱི་སྔོན་འགྲོའི་གསུང་ཆོས། [མ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADN203074
སྟོན་པ་འཇིག་རྟེན་དབང་ཕྱུག [ནང་ཆོས་ངོ་སྤྲོད།] སྤྱིའི་ཨང་། ༡༣༥
རྣམ་པ། MP3 རྣམ་གྲངས། 31 ཆེ་ཆུང་། 296.8 MB
ཁྲིད་ཚན། དཔྱིད་ཆོས་ཀྱི་སྔོན་འགྲོའི་གསུང་ཆོས།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས། རྡ་སའི་གཙུག་ལག་ཁང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༤ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། ཁོང་ཁྲོའང་རྟག་ཏུ་གནོད་འཚེ་ཅན་ཞིག་མིན་ཀྱང་། དཔེར་ན། གནས་སྟངས་འགའ་ཞིག་ཁྲོད་སྙིང་རྗེ་ཤུགས་དྲག་པོས་དྲང་བདེན་མིན་པ་ཞིག་གི་ཐད་ཡིད་མ་རངས་པའི་ཚོར་བ་ཤུགས་ཆེན་པོ་ཞིག་སློང་སྲིད། དེ་ནི་ཁོང་ཁྲོ་ཡིན། མ་ཟད་ཁོང་ཁྲོས་འཕྲལ་དུ་ང་ཚོའི་སེམས་ཀྱི་རིག་པ་སྒྲིམ་ཤུགས་ཆེ་བ་བཟོ་བ་དང་ང་ཚོར་ཐོལ་བྱུང་གི་ནུས་ཤུགས་དང་ཆོད་སེམས་འཕར་མ་ཞིག་སྦྱིན་གྱི་ཡོད། དེ་ལྟའི་ལམ་ནས་གནས་སྟངས་ངེས་ཅན་ཞིག་གི་ཁྲོད། ང་ཚོས་ལས་དོན་གང་ཞིག་མཐར་སྐྱེལ་བ་དང་ཚུལ་བཞིན་དུ་གང་འཚོལ་སྒྲུབ་བྱེད་པ་ལེགས་གྲུབ་ཡོང་བར་ཁོང་ཁྲོས་གཞོགས་འདེགས་བྱེད་ཐུབ། དེ་ལྟ་ནའང་། ཁོང་ཁྲོའི་གནས་སྟངས་དེ་ལས་བརྒལ་བའི་ཚེ། དེས་ང་ཚོར་སྟེར་བའི་ནུས་ཤུགས་མང་ཆེ་བར་ཕན་ཐོགས་ཅི་ཡང་མེད། སྐབས་ཤིག་ལ། ཧ་ལམ་ང་ཚོ་ཚང་མ་མི་གཞན་གྱི་ཁོང་ཁྲོའི་ཡུལ་དུ་གྱུར་མ་མྱོང་བ་མེད་སྟབས། ཚང་མས་དེའི་འབྲས་བུ་ངན་པ་རྣམས་མྱངས་ཡོད། གང་ལྟར་ཡང་སྐབས་འགར་ཁོང་ཁྲོ་ལ་ཕན་ཐོགས་ཆེ་བའི་ཁྱད་ཆོས་ལྡན་ནའང་ཞེ་སྡང་ལ་རྩ་བ་ནས་མེད། ཞེ་སྡང་ནི་དུས་རྟག་ཏུ་གནོད་འཚེ་ཅན་ཞིག་ཡིན། |
ཁྲིད་ཚན། སྔོན་འགྲོའི་ཆོས་བཤད་ཕྱོགས་བཏུས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADN203085
སྟོན་པ་འཇིག་རྟེན་དབང་ཕྱུག [ནང་ཆོས་ངོ་སྤྲོད།] སྤྱིའི་ཨང་། ༢༠༥
རྣམ་པ། MP3 རྣམ་གྲངས། 46 ཆེ་ཆུང་། 660.5 MB
ཁྲིད་ཚན། ནང་ཆོས་ངོ་སྤྲོད།
གསལ་བཤད། སྔོན་འགྲོའི་ཆོས་བཤད་ཕྱོགས་བཏུས།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། ང་ཚོའི་བདེ་ཐབས་ནི། ཕྱོགས་ཡོངས་ནས་ང་ཚོ་རང་གིས་གང་ཡང་མ་བྱས་པར་གཞན་གྱིས་ང་ཚོར་ཚུར་ལྟ་སྐྱོང་བྱེད་པ་ཉག་གཅིག་ལ་བརྟེན་པ་ཡིན་ཞེས་ངས་བརྗོད་ཀྱི་མེད། ང་ཚོར་ཚུར་བྱམས་པ་དང་བརྩེ་བ་ཐོབ་པ་དེ་ལས་ང་ཚོས་ཕར་བྱམས་པ་དང་བརྩེ་སྤྲོད་པ་དེ་གལ་ཆེ་བ་ཡིན། དེ་ནི་གཞན་ལ་བཅོས་མིན་གྱི་སེམས་ཁུར་བྱེད་པ་བརྒྱུད་བྱམས་པ་དང་བརྩེ་བ་སྤྲོད་པ་ལས་ཡོང་ཐུབ། ཕྱོགས་གཞན་ཞིག་ནས་བརྗོད་ན། སྙིང་རྗེའི་ཐོག་ནས་ང་ཚོར་ཁ་ཡོད་ལག་ཡོད་ཀྱི་བདེ་སྐྱིད་བསྐྲུན་པའི་ཆ་རྐྱེན་ཞིག་ཐོབ་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཕར་བརྩེ་བ་བྱེད་པ་ནི། ཚུར་བརྩེ་བ་བྱེད་པ་ལས་རྦད་དེ་གལ་འགངས་ཆེ་བ་ཡིན། |
ཁྲིད་ཚན། བརྟན་བཞུགས་སྐབས་ཀྱི་ཞལ་འདོན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADN203086
སྟོན་པ་འཇིག་རྟེན་དབང་ཕྱུག [ནང་ཆོས་ངོ་སྤྲོད།] སྤྱིའི་ཨང་། ༢༠༦
རྣམ་པ། MP3 རྣམ་གྲངས། 8 ཆེ་ཆུང་། 117.8 MB
ཁྲིད་ཚན། བརྟན་བཞུགས་སྐབས་ཀྱི་ཞལ་འདོན།
གསལ་བཤད། སྟོན་པ་འཇིག་རྟེན་དབང་ཕྱུག་ལ་བརྟན་བཞུགས།
ཞལ་འདོན་མཁན། སེར་བྱེས་གྲྭ་ཚང་གི་འདུས་མང་གཙོ་བྱས་པ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། ཆོས་ལ་དད་པ་ཡོད་མཁན་ཚོར་སྙིང་རྗེ་གོང་སྤེལ་གཏོང་བའི་མཐུན་རྐྱེན་འཛོམས་པོ་ཡོད་ལ། ཆོས་ལུགས་ཀྱི་ཐབས་ལམ་ནི་འགྲོ་བ་མི་སྤྱི་ཡོངས་ལ་རླབས་ཆེ་བའི་འབྱུང་ཁུངས་ཤིག་ཀྱང་ཆགས་ཐུབ། འོན་ཀྱང་སྙིང་རྗེ་རྒྱུད་ལ་སྦྱོང་བར་ཆོས་ལུགས་དགོས་ངེས་ཅན་མ་ཡིན། མདོར་ན། སྙིང་རྗེ་སྦྱོང་བརྡར་བྱེད་པར་ཆོས་ལུགས་ལ་མ་བརྟེན་པའི་ཐབས་ཚུལ་སྔ་ས་ནས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཐ་ན་དེ་དག་གི་ཕན་ནུས་ཀྱང་ཚན་རིག་གི་ཐོག་ནས་ར་སྤྲོད་བྱུང་། ནང་གི་རིན་ཐང་ཡར་རྒྱས་གཏོང་བ་ནི་ལུས་ཀྱི་སྦྱོང་བརྡར་དང་ཧ་ཅང་འདྲ་པོར་སྣང་། ང་ཚོས་སོ་སོའི་ནུས་པར་སྦྱོང་བརྡར་ཇི་ཙམ་སྤྲད་པ་དེའི་ཚོད་ཀྱིས་སྟོབས་ཤུགས་ཆེ་རུ་འགྲོ་གི་ཡོད། དཔེར་ན། ངོས་ཀྱི་གྲོགས་པོ་རྙིང་པ་སློབ་དཔོན་ཆེན་པོ་རི་ཆར་ཌེ་ཌེ་ལྦི་ཌེ་སན་ ( Richard Davidson ) ལགས་ཀྱིས་དབང་རྩའི་ཚན་རིག་ཐོག་ནས་ཉམས་ཞིབ་ཅིག་གནང་བ་བརྒྱུད། ཐ་ན་གཟའ་འཁོར་གཉིས་ལྟ་བུ་དུས་ཡུན་ཐུང་ཐུང་ཅིག་གི་རིང་སྙིང་རྗེ་སྦྱོང་བརྡར་བྱས་པས། ཀླད་པའི་འགྲོས་རིམ་ནང་མངོན་གསལ་དོད་པའི་འགྱུར་བ་འགྲོ་བ་དང་། དེ་བཞིན་ཉམ་ཐག་ལ་སྦྱིན་པ་གཏོང་བའི་འདུན་པ་སྐྱེད་པར་རྐྱེན་བྱེད་ཐུབ་སྐོར་དངོས་སུ་ར་སྤྲོད་གནང་ཡོད། དེ་ལྟའི་ཉམས་ཞིབ་ཐོག་ནས་སློབ་གྲྭ་ཁག་ནང་སྙིང་རྗེ་ངོ་སྤྲོད་བྱ་རྒྱུར་བློ་སྟོབས་སྤེལ་བར་ངོས་ནས་རེ་བ་ཆེན་པོ་བྱེད་ཅིང་། དེ་ནི་ཧ་ཅང་དགེ་མཚན་ཆེན་པོ་ཞིག་ཏུ་འགྱུར་ངེས་ཡིན། དེང་དུས་ཀྱི་ཤེས་ཡོན་ནི་ཤུགས་ཆེན་པོས་དངོས་གཙོ་སྨྲ་བའི་རིན་ཐང་ཐོག་གཞི་བཞག་ཡོད། འོན་ཀྱང་ངོས་ནས་རྒྱུན་དུ་བརྗོད་པ་བཞིན། ང་ཚོས་སོ་སོའི་བུ་ཕྲུག་ཚོའི་ཀླད་པར་སློབ་སྦྱོང་སྤྲོད་སྐབས་ཁོང་ཚོའི་སེམས་ལ་སློབ་སྦྱོང་སྤྲོད་རྒྱུར་སྣང་ཆུང་བྱ་མི་ཉན། ཁོང་ཚོའི་སེམས་ལ་སློབ་སྦྱོང་སྤྲོད་པའི་རྐྱེན་གཙོ་བོ་དེ་ནི་ཁོང་ཚོའི་སྙིང་རྗེའི་རང་བཞིན་དེ་གསོ་སྐྱོང་བྱེད་དགོས། འདི་ནི་ངོས་ནས་བསྐྱར་གླེང་བྱ་རྒྱུའི་བརྗོད་གཞི་ཞིག་ཡིན། |