དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Jan ཚེས། 20 རེས་གཟའ། Wed

ཞྭ་དམར་ལམ་ཁྲིད་དང་ལྷག་མཐོང་དཀའ་འགྲེལ།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

sjrb-0232མཛད་པ་པོ། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ།
བརྗོད་བྱ།
སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་བའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0232
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.2MB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༢༠ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ནི། ཕྱི་ལོ་ ༡༨༥༢ ལོར་མདོ་སྨད་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་བཞི་པར་ལ་མོ་བདེ་ཆེན་དགོན་དུ་རོང་པོ་ཨ་ལགས་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་སྦྱངས། དགུང་ལོ་བརྒྱད་པར་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ལས་རབ་ཏུ་བྱུང་། བདེ་ཆེན་དགོན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་ལེགས་པར་མཛད། དགུང་ལོ་བཅུ་དྲུག་པར་བླ་གཞུང་གི་དྲུང་ཡིག་མཛད། དགུང་ལོ་ཉེར་བདུན་པར་ཁུ་ལུགས་དགེ་བཤེས་ཉི་མ་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་བསྒྲུབས། དགུང་ལོ་སོ་བཞི་ལ་རྭ་རྒྱ་དགོན་དུ་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་བཞག །དགུང་ལོ་ལྔ་བཅུ་བར་མཚམས་ལ་བཞུགས། དགུང་ལོ་ང་གཅིག་ལ་ཐར་ཤུལ་རིན་པོཆེའི་གསུང་འབུམ་ལ་དཀར་ཆག་གསར་རྩོམ་མཛད། དགུང་ལོ་ང་གཉིས་ལ་ཕེབས་སྐབས་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་གསར་དུ་བཏབ། དགུང་ལོ་ང་བདུན་ལོར་ལ་མོ་བདེ་ཆེན་དགོན་པར་རྒྱུན་ཇའི་ཐེབས་རྩ་བཙུགས། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་གསུང་ཆོས་ཀྱང་ཕུལ། ཕྱི་ལོ་ ༡༩༡༢ ལོར་སྐུ་གཤེགས། ཁོང་ནི་ཞྭ་དམར་སྐུ་ཕྲེང་བཞི་པ་ཡིན། ཁོང་གི་གསུང་རྩོམ་ལ་པོད་དགུ་བཞུགས།

PDF       ཕབ་ལེན།
ཤོག་ངོས་འདི་ལ་ཐེངས་ 2408 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2021 ལོའི་ཟླ་བ། Jan ཚེས། 20 རེས་གཟའ། Wed
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com