-
མདུན་ངོས།
- ཐོར་བུ།
ཐོར་བུ། (116)
ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ།
བརྗོད་བྱ། རྒྱ་གར་དང་བོད་དུ་ཆོས་བྱུང་ཚུལ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0496
མ་ཕྱི། མི་རིགས་དཔེ་སྐྲུན་ཁང་གི་དཔེ་ལྟར་བསྒྲིགས།
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 960 ལྗིད་ཚད། 5.1MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གཞུང་འདིའི་མཛད་པ་པོ་དཔའ་བོ་གཙུག་ལག་ཕྲེང་བ་ནི། རབ་བྱུང་བརྒྱད་པའི་ཤིང་བྱི་ཕྱི་ལོ་༡༥༠༤ལ་སྙེ་ཐང་ཕྱོགས་སུ་འཁྲུངས། དགུང་ལོ་ལྔ་པར་དཔའ་བོ་སྐུ་ཕྲེང་དང་པོ་ཆོས་དབང་ལྷུན་གྲུབ་ཀྱི་སྐུ་སྐྱེར་ངོས་འཛིན་ཞུས། བླ་མ་རྟོགས་ལྡན་དགེ་འདུན་རྒྱ་མཚོ་ལས་འབྲི་ཀློག་སོགས་སྦྱངས། དགུང་ལོ་དགུ་པ་ལ་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་དུ་བསྒྲུབས། དགུང་ལོ་བཅུ་གཉིས་པར་ནཱ་རོ་ཆོས་དྲུག་སོགས་གསང་སྔགས་གསར་རྙིང་གི་དབང་ཆོས་མང་པོ་དང་ཕྱག་ཆེན་མ་རིག་མུན་སེལ་སོགས་ཀྱི་ཟབ་གནད་བཀའ་ཁྲིད་གསན། ཕྱི་ལོ་༡༥༢༦ལོར་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་དགུ་པར་རྒྱལ་དབང་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་མཇལ་ཞིང་། ནཱ་རོ་ཆོས་དྲུག་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། དུས་ཀྱི་འཁོར་ལོའི་དབུས་རྒྱུད་སྡེ་བཞིའི་དབང་བཀའ་རྫོགས་པར་གསན་ནས་རྡོ་རྗེ་ཐེག་པའི་བསྟན་པ་རྫོགས་པར་མཇལ། དབུ་ཚད་འདུལ་མངོན་ཕར་ཕྱིན་དང་། ནང་བརྟག་རྒྱུད་གསུམ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་ཟབ་ཆོས་མཐའ་དག་གསན་སྦྱང་མཛད་དེ། ཤེས་བྱ་རིག་གནས་ཀུན་ལ་མཁས་པ་ཕུལ་དུ་ཕྱིན་ཏེ་དཔའ་བོ་གཙུག་ལག་ཕྲེང་བ་ཞེས་སྙན་པའི་གྲགས་པ་འབར། ཕྱི་ལོ་༡༥༣༣ལོ་ནས་ལོ་མང་པོར་སྒར་ཆེན་གྱི་ཀློག་པའི་གནས་བརྟན་གྱི་སློབ་དཔོན་གནང་། དགུང་ལོ་སོ་བདུན་ནས་བཟུང་ཙ་རི་སོགས་སུ་ལོ་ངོ་དུ་མར་སྒོམ་སྒྲུབ་མཛད། ཞྭ་དམར་དཀོན་མཆོག་འབངས་དང་། དཔལ་ཁང་ལོ་ཙཱ་བ། ཀརྨ་པ་དབང་ཕྱུག་རྡོ་རྗེ་སོགས་སློབ་མ་མང་དུ་བསྐྱངས། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་དུ་མ་གསར་འཛུགས་མཛད། རྟེན་རྙིང་ཞིག་གསོ་དང་གསར་བཞེངས་མཛད་པ་སོགས་བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བར་མཛད། མཐར་དགུང་ལོ་རེ་གསུམ་ཕྱི་ལོ་༡༥༦༦ལོར་གཟུགས་སྐུའི་བཀོད་པ་བསྡུས། སྤྱོད་འཇུག་འགྲེལ་ཆེན་དང་། རྩིས་ཀྱི་བསྟན་བཅོས། གསོ་བ་རིག་པའི་རྒྱུད་བཞིའི་རྣམ་བཤད། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་གསུང་རྩོམ་པོད་བཞི་བཞུགས།
འཕྲུལ་དེབ་འདིར་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་། ཡན་ལག་གཉིས་པ་རྒྱ་གར་གྱི་སྐབས་ཀྱི་ལེའུ་ཆ་ཚང་། ཡན་ལག་གསུམ་པ་བོད་ཀྱི་སྐབས་ཀྱི་ལེའུ་དྲུག་པ་ཡན་ཆད་བཅས་བཞུགས།
| PDF ཕབ་ལེན། |
|---|
དེ་ལས་མང་བ།...
ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ།
བརྗོད་བྱ། རྒྱ་གར་དང་བོད་དུ་ཆོས་བྱུང་ཚུལ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0497
མ་ཕྱི། མི་རིགས་དཔེ་སྐྲུན་ཁང་གི་དཔེ་ལྟར་བསྒྲིགས།
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 1048 ལྗིད་ཚད། 5.5MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གཞུང་འདིའི་མཛད་པ་པོ་དཔའ་བོ་གཙུག་ལག་ཕྲེང་བ་ནི། རབ་བྱུང་བརྒྱད་པའི་ཤིང་བྱི་ཕྱི་ལོ་༡༥༠༤ལ་སྙེ་ཐང་ཕྱོགས་སུ་འཁྲུངས། དགུང་ལོ་ལྔ་པར་དཔའ་བོ་སྐུ་ཕྲེང་དང་པོ་ཆོས་དབང་ལྷུན་གྲུབ་ཀྱི་སྐུ་སྐྱེར་ངོས་འཛིན་ཞུས། བླ་མ་རྟོགས་ལྡན་དགེ་འདུན་རྒྱ་མཚོ་ལས་འབྲི་ཀློག་སོགས་སྦྱངས། དགུང་ལོ་དགུ་པ་ལ་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་དུ་བསྒྲུབས། དགུང་ལོ་བཅུ་གཉིས་པར་ནཱ་རོ་ཆོས་དྲུག་སོགས་གསང་སྔགས་གསར་རྙིང་གི་དབང་ཆོས་མང་པོ་དང་ཕྱག་ཆེན་མ་རིག་མུན་སེལ་སོགས་ཀྱི་ཟབ་གནད་བཀའ་ཁྲིད་གསན། ཕྱི་ལོ་༡༥༢༦ལོར་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་དགུ་པར་རྒྱལ་དབང་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་མཇལ་ཞིང་། ནཱ་རོ་ཆོས་དྲུག་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། དུས་ཀྱི་འཁོར་ལོའི་དབུས་རྒྱུད་སྡེ་བཞིའི་དབང་བཀའ་རྫོགས་པར་གསན་ནས་རྡོ་རྗེ་ཐེག་པའི་བསྟན་པ་རྫོགས་པར་མཇལ། དབུ་ཚད་འདུལ་མངོན་ཕར་ཕྱིན་དང་། ནང་བརྟག་རྒྱུད་གསུམ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་ཟབ་ཆོས་མཐའ་དག་གསན་སྦྱང་མཛད་དེ། ཤེས་བྱ་རིག་གནས་ཀུན་ལ་མཁས་པ་ཕུལ་དུ་ཕྱིན་ཏེ་དཔའ་བོ་གཙུག་ལག་ཕྲེང་བ་ཞེས་སྙན་པའི་གྲགས་པ་འབར། ཕྱི་ལོ་༡༥༣༣ལོ་ནས་ལོ་མང་པོར་སྒར་ཆེན་གྱི་ཀློག་པའི་གནས་བརྟན་གྱི་སློབ་དཔོན་གནང་། དགུང་ལོ་སོ་བདུན་ནས་བཟུང་ཙ་རི་སོགས་སུ་ལོ་ངོ་དུ་མར་སྒོམ་སྒྲུབ་མཛད། ཞྭ་དམར་དཀོན་མཆོག་འབངས་དང་། དཔལ་ཁང་ལོ་ཙཱ་བ། ཀརྨ་པ་དབང་ཕྱུག་རྡོ་རྗེ་སོགས་སློབ་མ་མང་དུ་བསྐྱངས། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་དུ་མ་གསར་འཛུགས་མཛད། རྟེན་རྙིང་ཞིག་གསོ་དང་གསར་བཞེངས་མཛད་པ་སོགས་བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བར་མཛད། མཐར་དགུང་ལོ་རེ་གསུམ་ཕྱི་ལོ་༡༥༦༦ལོར་གཟུགས་སྐུའི་བཀོད་པ་བསྡུས། སྤྱོད་འཇུག་འགྲེལ་ཆེན་དང་། རྩིས་ཀྱི་བསྟན་བཅོས། གསོ་བ་རིག་པའི་རྒྱུད་བཞིའི་རྣམ་བཤད། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་གསུང་རྩོམ་པོད་བཞི་བཞུགས།
འཕྲུལ་དེབ་འདིར་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ཀྱི་ལེའུ་བདུན་པ་མན་ཆད་དང་། ཡན་ལག་བཞི་པ་དང་ཡན་ལག་ལྔ་པ་ཆ་ཚང་བར་བཞུགས།
| PDF ཕབ་ལེན། |
|---|
གུ་རུའི་འབུམ་ཚོགས་ཀྱི་ཞལ་འདོན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྒྱལ་དབང་ལྔ་པ་སོགས།
བརྗོད་བྱ། ཞལ་འདོན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0331
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 475 ལྗིད་ཚད། 3MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལ་གསར་དུ་བསྒྲིགས།
༢༠༢༦ ཟླ་བརྒྱད་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མ་ཧཱ་གུ་རུའི་འབུམ་ཚོགས་སུ་གསུང་རྒྱུའི་ཞལ་འདོན་གྱི་ཕྱག་དེབ་འདི་ནི་ཕྱི་ལོ་༢༠༡༥ལོར་ཨ་རིའི་སེར་བྱེས་གྲྭ་ཚང་གི་ཆོས་ཚོགས་སུ། འཛམ་གླིང་སྤྱིར་ནད་མུག་འཁྲུག་རྩོད་སོགས་རང་སར་ཞི་བ་དང་། ༸གོང་ས་མཆོག་གཙོ་བྱས་པའི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་པ་དང་། མཛད་འཕྲིན་རྒྱས་པ། མཐའ་ཡས་པའི་མ་རྒན་སེམས་ཅན་སྐྱེ་འགྲོ་ཡོངས་ཀྱིས་ཞི་བདེའི་དཔལ་ལ་ལོངས་སྤྱོད་ཐུབ་པ་དང་། བོད་ཁ་པ་གངས་ཅན་པ་སོགས་གཞན་གྱིས་བཙན་གནོན་ཡ་ང་བ་ལས་གྲོལ་ཏེ་རང་དབང་བདེ་སྐྱིད་ཀྱིས་འཚོ་ཐུབ་པ་བཅས་ལ་དམིགས་ཏེ། ཉིན་ཤས་ལ་གུ་རུའི་འབུམ་ཚོགས་འཚོག་གཏན་འཁེལ་བའི་ཞལ་འདོན་གྱི་ཆེད་དུ་གྲྭ་ཚང་རིན་པོ་ཆེ་ནས་བཀའ་གནང་བ་ལྟར། སྐབས་ཐོག་དེའི་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་སྡེ་ཚན་ནས་ཞུ་སྒྲིག་དང་དེབ་གཟུགས་སུ་སྒྲིག་སྦྱོར་བྱས་པ་ཡིན་ལ། ༢༠༢༦ལོར་སྔར་གྱི་མ་ཕྱིར་ལེགས་བཅོས་ཅུང་ཟད་བྱས་ནས་བསྐྱར་སྒྲིག་བྱས་པ་ཡིན།
| PDF ཕབ་ལེན། |
|---|
ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། ཞང་སྟོན་བསྟན་པ་རྒྱ་མཚོ།
བརྗོད་བྱ། བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0503
མ་ཕྱི། འབྲས་སྤུངས་སྒོ་མང་གི་དཔེ་དང་མཐུན་པར་བསྒྲིགས།
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 89 ལྗིད་ཚད། 1.1MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཞང་སྟོན་བསྟན་པ་རྒྱ་མཚོ་ནི། མདོ་སྨད་དུ་ཡབ་སྙིང་དཀར་འབུམ་དང་ཡུམ་ཨ་རིག་བཟའ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ ༡༨༢༥ ལོར་སྐུ་འཁྲུངས། དགུང་ལོ་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བཅུ་གཅིག་པར་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕེབས། དགུང་ལོ་བཅུ་གསུམ་པར་ཚོགས་ཞུགས་ཀྱིས་བཀའ་པོད་ལྔར་གསན་བཞེས་དབུ་ཚུགས། དགུང་ལོ་ཉེར་གཅིག་པར་རྗེ་བཙུན་ཐུབ་བསྟན་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་མཚན་བསྟན་པ་རྒྱ་མཚོ་ཞེས་གསོལ། དགུང་ལོ་ཉེར་གཉིས་པ་ལ་དཀའ་བཅུ་གླིང་བསྲེའི་མཚན་གནས་བཞེས། ལོ་དེའི་དགུན་ཆོས་ལ་ཚོགས་བསགས་རབ་འབྱམས་པའི་མཚན་བཏགས་ཀྱང་གནང་། དེ་ནས་སྐྱབས་མཆོག་འཇིགས་མེད་རྒྱ་མཚོ་དང་། རྗེ་ཤེས་རབ་རྒྱ་མཚོ། རྗེ་བཙུན་ངག་དབང་ཐུབ་བསྟན་རྒྱ་མཚོ་སོགས་ལས་སྔ་ཕྱིར་ཟབ་ཆོས་དུ་མ་གསན་ཅིང་མི་རིང་བར་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པའི་མཁས་པ་ཆེན་པོར་གྱུར། དགུང་ལོ་སུམ་ཅུ་པར་ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་དུ་ཕེབས། དགོན་ལུང་དུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། ལོ་ངོ་བདུན་ཙམ་གྱི་རིང་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་མཚན་ཞབས་གནང་། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས་ལ་བཀའ་ཆོས་མཐའ་ཡས་པ་གནང་། སྔགས་ཀྱི་ས་ལམ་བགྲོད་ཚུལ་ལེགས་བཤད་ངག་གི་སྣང་བ། བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་རང་རྒྱུད་གླང་སྨྱོན་འདུལ་བའི་ལྕགས་ཀྱུ། བླ་མའི་རྣལ་འབྱོར་ཁག །ཆབ་ཤོག་གི་སྐོར། ལྷག་ལྷ་དུ་མའི་སྒྲུབ་ཐབས། མཆོད་ཆོག །རྣམ་ཐར། འཁྲུངས་རབས་གསོལ་འདེབས། རྟོགས་བརྗོད། རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་སོགས་གསུང་རྩོམ་པོད་འབྲིང་བཞི་ཙམ་བཞུགས་ཡོད་དོ། །
| PDF ཕབ་ལེན། |
|---|
ཆང་རག་སྤྱད་པའི་མཇུག་འབྲས་གླེང་བ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། བློ་གླིང་དགེ་བཤེས་ཚེ་རིང་ནོར་བུ།
བརྗོད་བྱ། ཆང་རག་གི་སྐྱོན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0512
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 34 ལྗིད་ཚད། 4.8MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་དགུ་པར་གསར་དུ་འགྲེམ་སྤེལ་བྱས།
ངོ་སྤྲོད་མདོར་བསྡུས།
བློ་གླིང་དགེ་བཤེས་ལྷ་རམས་པ་ཚེ་རིང་ནོར་བུ་ནི། ཕྱི་ལོ་༡༩༦༧ ལོར་མདོ་ཁམས་ཏྲེ་ཧོར་བྲག་མགོ་རུ་སྐྱེས། བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་ཆོས་སྒོར་ཞུགས་ཏེ། དགོན་པའི་ཆོས་སྤྱོད་བློ་འཛིན་དང་བསྡུས་གྲྭ་སོགས་སྦྱངས། ཕྱི་ལོ་༡༩༨༦ ལོར་འཕགས་ཡུལ་དུ་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་བྱས། ཕྱི་ལོ་༢༠༠༧ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག །ཕ་ཡུལ་ལ་ཕྱིན་ཏེ་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་སྤྱོད་འཇུག་ཆེན་མོ་དང་། ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན་སོགས་ཀྱི་བཤད་ལུང་ཕུལ། སླར་ཡང་འཕགས་ཡུལ་དུ་འབྱོར་ནས་ད་ལྟའི་བར་དུ་སློབ་མ་རྣམས་ལ་དཔེ་ཁྲིད་བྱས་དང་བྱེད་མུས་སུ་གནས། གསུང་རྩོམ་དེབ་འདིར། ཆང་རག་སྤྱད་པའི་མཇུག་འབྲས་ཞིབ་རྒྱས་སུ་གླེང་ཡོད།
དེབ་འདི་རྩོམ་པ་པོའི་རེ་སྐུལ་ལྟར་འདི་གའི་དྲ་ཚིགས་སུ་བཀོད་པ་ཡིན་ལ། སེར་བྱེས་རིག་མཛོད་འཕྲུལ་དེབ་ཀྱི་གྲས་སུ་བགྲང་བའི་ཆེད་དུ་ཤོག་ངོས་གཅིག་ཁ་སྣོན་བྱས་པ་ལས་གཞན་མ་ཕྱི་དང་སྒྲིག་བཀོད་རང་འཇགས་སུ་བཞག་ཡོད།
བློ་སྦྱོང་སྐོར་གྱི་མཆན་འགྲེལ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། སེར་བྱེས་དགེ་བཤེས་བློ་བཟང་གྲགས་པ།
བརྗོད་བྱ། བློ་སྦྱོང་།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0515
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 96 ལྗིད་ཚད། 854KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་དགུ་པར་གསར་དུ་འགྲེམ་སྤེལ་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་ནི། ཕྱི་ལོ་༡༩༦༩ལོར་མདོ་ཁམས་དཀར་མཛེས་སུ་སྐྱེས་ཤིང་། ཕྱི་ལོ་༡༩༧༦ལོ་ནས་དམའ་རིམ་སློབ་གྲྭར་འགྲིམ་ཞིང་རིམ་བཞིན་ཕྱི་ལོ་༡༩༨༤ལོར་དཀར་མཛེས་མི་རིགས་སློབ་འབྲིང་དུ་ཞུགས་ཏེ་ཕྱི་ལོ་༡༩༨༧ལོར་སློབ་མཐར་སོན། ཕྱི་ལོ་༡༩༨༨ལོར་དཀར་མཛེས་བཤད་སྒྲུབ་ནོར་བུ་གླིང་གི་ཆོས་སྒོར་ཞུགས་ནས་ལོ་ངོ་བཞི་ཙམ་མཚན་ཉིན་གྱི་གཞུང་ལ་སློབ་སྦྱོང་བྱས། ཕྱི་ལོ་༡༩༩༡ལོར་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་ཏེ་སེར་བྱེས་མཁས་སྙས་གྲྭ་ཚང་གི་ཆོས་སྒོར་ཞུགས། ཕྱི་ལོ་༢༠༠༤ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལ་ཞུགས། ཕྱི་ལོ་༢༠༠༩ལོར་སེར་བྱེས་གྲྭ་ཚང་དུ་སྔོན་འགྲོའི་གྲྭ་སྐོར་དམ་འཇོག་དང་། ཕྱི་ལོ་༢༠༡༠ལོའི་ལོ་འགོར་དགེ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་དགེ་བཤེས་ཀྱི་དམ་བཅའ་བཞག །ཕྱི་ལོ་ ༢༠༡༠ ལོར་གསང་སྡེ་སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ལོ་གཅིག་གི་རིང་སྔགས་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༡༡ ནས་བཟུང་ད་ལྟ་བར་རྫོང་དཀར་ཆོས་སྡེར་གྲྭ་ཚང་གི་གཞུང་ཆེན་དཔེ་ཁྲིད་དགེ་རྒན་བྱེད་མུས་ཡིན།
འཕྲུལ་དེབ་འདིར། ལམ་གཙོ་རྣམ་གསུམ་གྱི་མཆན་འགྲེལ་དང་། བློ་སྦྱོང་ཚིག་བརྒྱད་མའི་མཆན་འགྲེལ། བདེན་བཞིའི་ངོ་སྤྲོད། སྐྱབས་འགྲོའི་ངོ་སྤྲོད། མ་ཎི་འབྲུ་དྲུག་གི་འབྲུ་འགྲེལ། གཉེན་པོ་སྟོབས་བཞིའི་ངོ་སྤྲོད། གང་ཟག་གི་བདག་ལ་དཔྱད་པ་བཅས་ཉེར་མཁོའི་ཆོས་ཚན་ཐུང་ངུ་སྐོར་ཞིག་བཞུགས།
དེབ་འདི་རྩོམ་པ་པོའི་རེ་སྐུལ་ལྟར་འདི་གའི་དྲ་ཚིགས་སུ་བཀོད་པ་ཡིན་ལ། སེར་བྱེས་རིག་མཛོད་འཕྲུལ་དེབ་ཀྱི་གྲས་སུ་བགྲང་བའི་ཆེད་དུ་ཤོག་ངོས་གཅིག་ཁ་སྣོན་བྱས་ཡོད་པ་ལས་གཞན་མ་ཕྱི་དང་སྒྲིག་བཀོད་རང་འཇགས་སུ་བཞག་ཡོད།