དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Sep ཚེས། 09 རེས་གཟའ། Sun

དགེ་ལུགས་རྒྱུགས་སྤྲོད་ལེགས་པར་གྲུབ།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

སེ་ར་ཐེག་ཆེན་གླིང་དུ་ཉིན་གྲངས་ཉི་ཤུ་ལྷག་ལ་བླངས་ཏེ་དགེ་ལུགས་རྒྱུགས་སྤྲོད་ལེགས་པར་གྲུབ་སོང་།

      དེ་ཡང་བོད་རྒྱལ་ལོ་ ༢༡༤༥ དང་བོད་ཟླ་ ༧ པའི་ཚེས་ ༡ དང་ཕྱི་ལོ་ ༢༠༡༨ ཟླ་བ་ ༨ ཚེས་ ༡༢ ཉིན་གདན་ས་གསུམ་གཙོ་བྱས་པའི་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་དགོས་པའི་སློབ་གཉེར་བ་རྣམས་སེ་ར་ཐེག་ཆེན་གླིང་དུ་འདུ་འཛོམས་བྱུང་སྟེ་སེར་བྱེས་མཁན་རིན་པོ་ཆེ་དང་མཁན་ཚབ་རྣམ་པ། དགེ་ལུགས་དྲུང་ཡིག་སོགས་ཀྱིས་སྣེ་ཁྲིད་འོག་རྒྱུགས་སྤྲོད་དབུ་འབྱེད་ཀྱི་ཚོགས་འདུ་བསྐོངས་ཏེ་ལམ་སྟོན་བཀའ་སློབ་སོགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༣ ནས་རྒྱུགས་སྤྲོད་དངོས་སུ་འགོ་ཚུགས་ནས་ཕྱི་ཟླ་ ༩ ཚེས་ ༧ ཉིན་ལེགས་པར་གྲུབ་སྟེ་ཁ་སང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་མཇུག་སྡོམ་ཚོགས་འདུ་དང་། སློབ་དཔོན་མང་དུ་ཐོས་པ་དང་བཀའ་རམས་གཞུང་ལུགས་འཛིན་པའི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་སོང་། རྒྱུགས་སྤྲོད་ཀྱི་སྐབས། རྒྱུགས་ཞིབ་དོ་དམ་པ་དགེ་བཤེས་ལྷ་རམས་པ་གསུམ། བྲིས་རྒྱུགས་ལྟ་རྟོག་པ་དགེ་བཤེས་བཅུ། རྩོད་རྒྱུགས་རྒྱུགས་བཞེས་པ་དགེ་བཤེས་ལྷ་རམས་པ་ ༣༠ དང་བྲིས་རྒྱུགས་ཞིབ་འཇུག་པ་དགེ་བཤེས་ལྷ་རམས་པ་༡༨། ཐོག་མར་འགེང་ཤོག་བཀང་ནས་སྙན་ཞུའི་ཐོ་འགོད་བྱེད་མཁན་རྒྱུགས་སྤྲོད་པ་སློབ་གཉེར་བའི་གྲངས་བསྡོམས་ ༨༦༢ བྱུང་ཡོད་པ་ལས། ལྷ་རམས་ལོ་རིམ་གཉིས་པའི་རྒྱུགས་སྤྲོད་པ་གྲངས་༡༡༤དང་། ལྷ་རམས་ལོ་རིམ་དང་པོའི་རྒྱུགས་སྤྲོད་པ་གྲངས་༡༠༨། སློབ་དཔོན་ལོ་རིམ་གཉིས་པའི་རྒྱུགས་སྤྲོད་པ་གྲངས་༡༣༩། སློབ་དཔོན་རིམ་དང་པོའི་རྒྱུགས་སྤྲོད་པ་གྲངས་༡༠༥། བཀའ་རམས་ལོ་རིམ་གཉིས་པའི་རྒྱུགས་སྤྲོད་པ་གྲངས་༡༤༦། བཀའ་རམས་ལོ་རིམ་དང་པོའི་རྒྱུགས་སྤྲོད་པ་གྲངས་༢༥༡། ནད་མནར་གྱི་རྐྱེན་གྱིས་སྔ་ཕྱིར་རྒྱུགས་སྤྲོད་ནས་དགོངས་པ་ཞུས་ནས་ཕྱིར་འཐེན་བྱས་པ་གྲངས་ ༢༣ བྱུང་ཡོད་འདུག
        གཞན་གནས་ཚུལ་གསར་པ་ཞིག་ནི་ལོ་ཤས་སྔོན་དུ་དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་ཚན་རིམ་པའི་ནང་དུ་ཚན་རིག་སློབ་ཚན་ཁ་སྣོན་བྱ་རྒྱུའི་གྲོས་ཆོད་བྱུང་བར་མ་ཟད། གྲྭ་ཚང་སོ་སོས་ཀྱང་ཚན་རིག་འཛིན་གྲྭ་འཚོགས་བཞིན་ཡོད་པ་ལས། ད་ལོ་སྟེ་ ༢༠༡༨ ལོར་དགེ་ལུགས་རྒྱུགས་སྤྲོད་ལ་གསར་དུ་ཞུགས་པ་བཀའ་རམས་ལོ་རིམ་དང་པོ་རྣམས་ལ་ཚན་རིག་སློབ་ཚན་ལས། སྐྱེ་དངོས། དངོས་ཁམས། དབང་རྩའི་ཚན་རིག །ཚན་རིག་ལྟ་གྲུབ་བཅས་དངོས་སུ་རྒྱུགས་སྤྲོད་ཁོངས་སུ་བཏང་ཡོད་འདུག

༢༠༡༨ ལོར་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་པའི་གྲྭ་ཚང་སོ་སོའི་སློབ་གཉེར་བའི་གྲངས་འབོར་གྱི་རེའུ་མིག
གྲྭ་ཚང་།བཀའ་རམས། ༡བཀའ་རམས། ༢སློབ་དཔོན། ༡སློབ་དཔོན། ༢ལྷ་རམས། ༡ལྷ་རམས། ༢བསྡོམས།
བྱང་རྩེ། 37 26 18 26 17 20 144
ཤར་རྩེ། 6 14 9 5 8 10 52
སྒོ་མང་། 55 29 14 18 15 15 146
བློ་གླིང་། 60 24 24 26 28 24 186
སེར་སྨད། 21 20 21 32 11 17 122
སེར་བྱེས། 65 26 16 25 25 28 185
བཀྲས་ལྷུན། 2 3   4 2   11
རྭ་སྟོད། 2     1 2   5
བསྡོམས། 248 142 102 137 108 114 851

དགེ་ལུགས་རྒྱུགས་སྤྲོད་ཀྱི་སྐོར་རྒྱས་པར་གཟིགས་འདོད་ཡོད་ཚེ་འོག་གི་སྦྲེལ་སྣེ་ལས་གཟིགས་པར་ཞུ།

https://www.gelugpa-university.org/copy-of-2022-%E0%BD%82-%E0%BD%96-%E0%BD%A0%E0%BD%96-%E0%BD%A6-1

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༨.༠༩.༠༩.ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 6107 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2023 ལོའི་ཟླ་བ། Jul ཚེས། 12 རེས་གཟའ། Wed
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

འཕྲིན་གསར་དཀར་ཆག

༢༠༡༥ ལོའི་འཕྲིན་མཛོད། ༢༠༡༦ ལོའི་འཕྲིན་མཛོད། ༢༠༡༧ ལོའི་འཕྲིན་མཛོད། ༢༠༡༨ ལོའི་འཕྲིན་མཛོད། ༢༠༡༩ ལོའི་འཕྲིན་མཛོད། ༢༠༢༠ ལོའི་འཕྲིན་མཛོད། ༢༠༢༡ ལོའི་འཕྲིན་མཛོད། ༢༠༢༢ ལོའི་འཕྲིན་མཛོད། ༢༠༢༣ ལོའི་འཕྲིན་མཛོད། ༢༠༢༤ ལོའི་འཕྲིན་མཛོད། ༢༠༢༥ ལོའི་འཕྲིན་མཛོད། ༢༠༢༦ ལོའི་འཕྲིན་མཛོད། ༧གོང་ས་མཆོག གནས་འཕྲིན་གཞན། གསུང་ཆོས་འཕྲིན་གསར། གསུང་ཆོས། ཆོས་ཕྱོགས་ཀྱི་གནས་འཕྲིན་གཞན། དགེ་ལྡན་ལྔ་མཆོད་ཆེན་མོ། ཕྱོགས་གཞན་གྱི་གནས་འཕྲིན། བགྲོ་གླེང་འཕྲིན་གསར། ཟབ་སྦྱོང་འཕྲིན་གསར། འཚམས་འདྲི་སོགས། རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་སྐབས་བཞི་པ། ལོ་གཅིག་གི་གནས་འཕྲིན་ཉུང་བཏུས། སྐུའི་འཁྲུངས་སྐར་འཚམས་འདྲི།