-
མདུན་ངོས།
- གཞུང་ཆེན་ཁག

གཞུང་ཆེན་ཁག (165)
དྲང་ངེས་འཇུག་ངོགས། [སྟོད་ཆ།]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། འཇིགས་མེད་དམ་ཆོས་རྒྱ་མཚོ།
བརྗོད་བྱ། མདོའི་དྲང་ངེས་དོན་གྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0350
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.9MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༡ ཟླ་ ༡ ཚེས་ ༣༠ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གནས་ལྔ་ཀུན་གཟིགས་པཎྜིཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་པའི་ས་ཁྱི་སྤྱི་ལོ་ ༡༨༩༨ ལོར་མདོ་སྨད་རེབ་གོང་འགར་རྩེ་ཉིན་ནམ་ཨ་བར་དུ་གྲགས་པའི་འབྲོག་སྡེར་ཡབ་དགེ་འདུན་བསོད་ནམས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རེབ་གོང་སྐྱབས་མགོན་ཤར་ཐམས་ཅད་མཁྱེན་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་ཞྭ་དམར་པཎྜིཏ་རྣམ་གཉིས་ཀྱིས་གྲུབ་དབང་འཇིགས་མེད་བསམ་གཏན་གྱི་སྤྲུལ་སྐུར་ངེས་འཛིན་མཛད། དགུང་ལོ་བདུན་པར་ཞྭ་དམར་པཎྜིཏ་ལས་རབ་ཏུ་བྱུང་སྟེ་མཚན་ལ་འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ། དགུང་ལོ་བརྒྱད་པར་གཅན་ཚའི་བྲག་ལུང་དགོན་དུ་ཕེབས་ཏེ་ཞྭ་དམར་པ་ལས་དགེ་ལྡན་པའི་ཟབ་ཆོས་དང་ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་མནོས། བཅུ་པར་སྐུ་འབུམ་དུ་རྒྱལ་དབང་བཅུ་གསུམ་པ་དང་མཇལ་ནས་བཀའ་ཆོས་གསན། དེ་ནས་རིམ་བཞིན་ཡོངས་འཛིན་བློ་བཟང་དཔལ་ལྡན་སོགས་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་མ་ལུས་པ་མཁས་པར་སྦྱངས་ནས་གནས་ལྔ་ཀུན་གཟིགས་འཇིགས་མེད་པཎྜིཏ་ཞེས་གྲགས་པ་ཀུན་ལ་ཁྱབ། དགུང་ལོ་སུམ་ཅུ་པར་རོང་བོ་དགོན་ཆེན་གྱི་ཁྲིར་བཞུགས་ཏེ་ཟབ་རྒྱས་ཆོས་འཁོར་བསྐོར་བ་དང་། སྐྱབས་མགོན་བདུན་པ་ཆེན་པོའི་རིགས་ཀྱི་ཅོད་པན་དུ་དབང་བསྐུར། གསུང་རྩོམ་ལ་ལམ་སྔགས་ཚིགས་བཅད་མ་དང་། རྟོགས་བདུན་འགྲེལ་ཆེན། དྲང་ངེས་འཇུག་ངོགས་སོགས་པོ་ཏི་ཉི་ཤུ་ཉེ་བར་བརྩམས་ཤིང་། ཞྭ་དམར་སྤྲུལ་སྐུ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་། རྗེ་ཤར་གདོང་རིན་པོ་ཆེ་སོགས་བུ་སློབ་མང་དུ་བསྐྱངས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་དགུང་ལོ་ཞེ་དགུ་བ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་སྤྱི་ལོ་ ༡༩༤༦ ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།
PDF ཕབ་ལེན། |
---|
དེ་ལས་མང་བ།...
དབུ་མའི་སྐོར་གྱི་རྒྱ་གཞུང་ཕྱོགས་བསྒྲིགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བརྗོད་བྱ། ཟབ་མོ་དབུ་མའི་ལྟ་བའི་སྐོར།
ཆོས་ཚན་གྲངས། དབུ་མའི་སྐོར་རྒྱ་གཞུང་གྲངས་དགུ་བཞུགས།
ཕྱོགས་སྒྲིག་པ། སེར་བྱེས་བྱ་བྲལ་དགེ་བཤེས་ལྷ་རམས་པ་དགེ་འདུན་བློ་བཟང་།
པར་གཞིའི་ཡོང་ཁུངས། དགེ་བཤེས་དགེ་འདུན་བློ་བཟང་།
རིག་མཛོད་དེབ་ཨང་། SJRB-0363
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2MB
༢༠༢༡ ཟླ་ ༡ ཚེས་ ༡༨ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔེ་དེབ་འདི་ནི། སེར་བྱེས་བྱ་བྲལ་དགེ་བཤེས་ལྷ་རམས་པ་དགེ་འདུན་བློ་བཟང་ནས་པར་རྩ་གནང་བ་གཞིར་བཞག་གིས་སྒྲིག་སྦྱོར་བྱས་པ་ཡིན་ལ། འདིར་དབུ་མ་རིགས་ཚོགས་དྲུག་ལས་རྩོད་བཟློག་དང་། རྩོད་བཟློག་རང་འགྲེལ། སྟོང་ཉིད་བདུན་ཅུ་པ་དང་དེའི་རང་འགྲེལ། དཔལ་ལྡན་ཟླ་བའི་སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། རིགས་པ་དྲུག་ཅུ་པ་དང་། དཔལ་ལྡན་ཟླ་བའི་རིགས་པ་དྲུག་ཅུ་པའི་འགྲེལ་པ། ཞིབ་མོ་རྣམ་འཐག་དང་དེའི་རང་འགྲེལ་བཅས་དབུ་མའི་སྐོར་གྱི་རྒྱ་གཞུང་ཁག་དགུ་ལྷན་དུ་བཞུགས་ཡོད།
PDF ཕབ་ལེན། |
---|
རྗེ་བཙུན་པའི་རྣམ་འགྲེལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
བརྗོད་བྱ། རྟོག་གེའི་ཚིག་དོན་བརྒྱད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0068
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.74MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༡༦ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་༡༤༦༩ ལོར་ཉང་སྟོད་དུ་སྐུ་འཁྲུངས། དགུང་ལོ་བདུན་པར་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད། དགུང་ལོ་ཉེར་གསུམ་པར་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་མཛད། དཔལ་འཁོར་བདེ་ཆེན་སོགས་སུ་གྲྭ་སྐོར་གནང་། རྗེ་ཤེས་རབ་བཟང་པོ་སོགས་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བདུན་པར་གཙང་དུ་མདོ་སྔགས་ཀྱི་ཆོས་འཁོར་བསྐོར། དགུང་ལོ་ཞེ་གསུམ་པར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོ་མཛད། དགུང་ལོ་ང་ལྔ་པར་སྟག་རྩེ་རིན་ཆེན་སྒང་གི་མཁན་པོ་གནང་། དགུང་ལོ་རེ་དགུ་པར་སེ་རའི་མཁན་ཁྲིར་ཕེབས་ཏེ་འཆད་ཉན་ལེགས་པར་བསྐྱངས། ༡༥༤༤ ལོར་ཞི་བར་གཤེགས་སོ། །བཀའ་རྩོམ་གྱི་སྐོར་ལ། སེར་བྱེས་གྲྭ་ཚང་གི་རྗེ་བཙུན་པའི་གསུང་འབུམ་དཔེ་བསྡུར་མའི་རྩོམ་སྒྲིག་པས་ལེགས་བསྒྲིགས་བྱས་པའི་དཔེ་གཟུགས་གླེགས་བམ་བཅོ་ལྔ་བཞུགས།
ཚད་མ་མདོའི་རྣམ་བཤད་རིགས་པའི་རྒྱ་མཚོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན།
བརྗོད་བྱ། ཚད་མ།
ཡོང་ཁུངས། བཤད་སྒྲུབ་ཟུང་འབྲེལ་དཔར་སྐྲུན་ལྷན་ཚོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0048
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.98MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༡༦ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གཞུང་འདི་ནི་འཕགས་ཡུལ་གྱི་པཎྜིཏ་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་བསྟན་བཅོས་ཀུན་གྱི་ཕྱི་མོར་གྱུར་པ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་མང་པོ་ཡོད་པའི་ཁྲོད་ནས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པ་དེ་ཉིད་ཡིན་ལ། པར་རྩའི་ཡོང་ཁུངས་བཤད་སྒྲུབ་ཟུང་འབྲེལ་དཔར་སྐྲུན་ལྷན་ཚོགས་ཡིན་པ་གོང་འཁོད་ལྟར་དོ་བདག་གི་པར་རྩ་སོར་བཞག་གིས་རྩོམ་སྒྲིག་བྱས་ཡོད།
PDF ཕབ་ལེན། |
---|
རིགས་གཏེར་དར་ཊཱིཀ
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན།
བརྗོད་བྱ། ཚད་མ།
ཡོང་ཁུངས། བཤད་སྒྲུབ་ཟུང་འབྲེལ་དཔར་སྐྲུན་ལྷན་ཚོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0049
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.4MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༡༦ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གཞུང་འདི་ནི་བོད་གངས་ཅན་གྱི་མཁས་པའི་གཙུག་རྒྱན་ས་སྐྱ་པཎྜིཏས་མཛད་པའི་ཚད་མ་རིགས་གཏེར་གྱི་འགྲེལ་པ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པ་དེ་ཉིད་ཡིན་ལ། པར་རྩའི་ཡོང་ཁུངས་བཤད་སྒྲུབ་ཟུང་འབྲེལ་དཔར་སྐྲུན་ལྷན་ཚོགས་ཡིན་པ་གོང་འཁོད་ལྟར་དོ་བདག་གི་པར་རྩ་སོར་བཞག་གིས་རྩོམ་སྒྲིག་བྱས་ཡོད།
PDF ཕབ་ལེན། |
---|
རྣམ་འགྲེལ་རིགས་པའི་འདོད་འཇོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས།
བརྗོད་བྱ། རྟོག་གེའི་ཚིག་དོན་བརྒྱད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0087
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.6MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ལོའི་ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༡༦ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་མཆོག་ནི། ཕྱི་ལོ་ ༡༣༤༩ ལོར་ས་སྐྱ་དང་ཁད་ཉེ་པར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་པ་ལ་རབ་ཏུ་བྱུང་སྟེ་མཚན་ལ་གཞོན་ནུ་བློ་གྲོས་གསོལ། ས་སྐྱར་ཉ་དབོན་དང་། མཁན་ཆེན་སངས་རྒྱས་འཕེལ། ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་ལས་ཚད་མ། ཕར་ཕྱིན། མངོན་པ་གོང་འོག་སོགས་གསན་སྦྱངས་མཛད། མཁན་ཆེན་ཀུན་དགའ་དཔལ་ལས་བསྙེན་པར་རྫོགས་ཤིང་། འདུལ་བ་དང་ལམ་འབྲས་གསན། མཁན་ཆེན་བྱང་སེམས་པ་ལས་དབུ་མ་གསན། ལོ་ཙཱ་བ་སྐྱབས་མཆོག་དཔལ་སོགས་ལས་གསང་འདུས་ཀྱིས་མཚོན་པའི་རྒྱུད་མན་ངག་དང་། རྒྱུད་གསང་བ་འདུས་པ་སོགས་གསན། བུལ་རོང་གི་དབེན་གནས་སུ་ལོ་མང་ཐུགས་དམ་ཉམས་བཞེས་གནང་། གདུལ་བྱ་མང་པོར་ཟབ་ཆོས་གང་མང་སྤེལ། དགུང་ལོ་དྲུག་ཅུ་རེ་བཞི་པ་ཕྱི་ལོ་ ༡༤༡༢ ལོར་སྐུ་གཤེགས། རྗེ་ཙོང་ཁ་པ་སོགས་སློབ་མ་མང་དུ་བྱུང། གསུང་རྩོམ་ནི་པོད་བཅུ་གཅིག་ལྷག་བཞུགས།
PDF ཕབ་ལེན། |
---|