ཐོག་མའི་བཟོ་དུས། Thu 22 Nov 2018 | 15:14

སྔགས་ཀྱི་བཀླག་ཐབས།

དྲ་འཇུག་པ།
ཚད་གཞི།
(3 འོས་འཕེན།)

rndss145203དེབ་ཨང་།  RNDSS145203
རིག་གནས། [སྒྲ་རིག་པ།]
སྤྱིའི་ཨང་། ༢༥
མཚན་བྱང་། སྔགས་བཀླག་ཐབས་བསྡུས་པའི་ཊཱིཀྐ་མཐོང་བ་དོན་གསལ།
མཛད་པ་པོ། སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ། [དུས་རབས་བཅུ་བཞི་པའི་སྨད་ཙམ།]
བརྗོད་བྱ། ལེགས་སྦྱར་གྱི་ཡི་གེ་ཀློག་ཐབས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ་ལམ་སྣར་ཐང་ལོ་ཙཱ་བ་སཾགྷཤྲཱི་ནི། དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དཔལ་སྣར་ཐང་དགོན་པའི་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང་བ་དང་། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་འགོས་ལོ་གཞོན་ནུ་དཔལ་དང་འདུལ་ནག་པ་དཔལ་ལྡན་བཟང་པོ་སོགས་ལ་སྒྲ་དང་། སྙན་ངག་མངོན་བརྗོད། རྩིས་སོགས་ཀྱི་ཁྲིད་གནང་སྟེ་སློབ་བུ་མང་དུ་གསོ་སྐྱོང་མཛད། རབ་བྱུང་བདུན་པའི་ལྕགས་བྱི་ལོ་སྟེ་ཕྱི་ལོ་༡༤༢༠ལོར་བཤེས་གཉེན་བློ་གྲོས་དཔལ་འབར་གྱིས་ཡང་ཡང་བསྐུལ་ངོར་ཐང་པོ་ཆེའི་གཙུག་ལག་ཁང་དུ་སྔགས་བཀླག་ཐབས་བསྡུས་པའི་ཊཱིཀྐ་མཐོང་བ་དོན་གསལ་བརྩམས། ད་དུང་ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ཊཱིཀྐ་གཞུང་དོན་གསལ་བ་དང་། སྙན་ངག་མེ་ལོང་གི་བཤད་པ་བཀླགས་པས་དོན་ཐམས་ཅད་འགྲུབ་པ། དོན་རྒྱན་གསལ་བའི་མེ་ལོང་མཁས་པ་དགའ་བྱེད་འོད་ཟེར་འབུམ་ཕྲག་བརྒྱ་པ་སོགས་བཞུགས། འདིའི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གསལ་པོ་མ་ངེས་ཤིང་། རྣམ་ཐར་རྒྱས་པ་ཞིག་མཇལ་རྒྱུ་མ་བྱུང་པས་འདི་ཙམ་ཞིག་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལས་བཏུས་ཏེ་བཀོད་པའོ།།

PDF       ཕབ་ལེན།
ཤོག་ངོས་འདི་ཐེངས་ 1139 བཀླགས་འདུག མཐའ་མའི་བསྐྱར་བཅོས། Thu 22 Nov 2018 | 15:21
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

སྡེ་ཚན་འདིའི་ནང་དུ་མང་། « དབྱངས་ཅན་སྒྲ་མདོ།