-
མདུན་ངོས།
-
སྒྲ་རིག་པ།
- བོད།

བོད། (18)
སུམ་རྟགས་ཀྱི་དྲི་ལན་གསེར་གྱི་ལྡེ་མིག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དགེ་བཤེས་སྐལ་བཟང་ཨེ་ལགས།
བརྗོད་བྱ། སུམ་ཅུ་པ་དང་རྟགས་འཇུག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0182
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.5MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༡ ཟླ་ ༢ ཚེས་ ༢༧ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དགེ་བཤེས་སྐལ་བཟང་ལྷུན་འགྲུབ་བམ་སྐལ་བཟང་ཨེ་ལགས་མཆོག་ནི། ཕྱི་ལོ་ ༡༩༥༩ ལོར་ཆབ་མདོ་ས་སྒང་ཕག་རིར་སྔོ་གསར་ཚང་ཡབ་མཁྱེན་རབ་བསྟན་འཛིན་དང་། ཡུམ་ལྷ་མོ་ཚེ་རིང་གཉིས་ཀྱི་སྲས་སུ་འཁྲུངས་ནས་ལོ་དེར་བཙན་བྱོལ་དུ་འབྱོར། དགུང་ལོ་བདུན་གྱི་ཐོག་མེ་སོར་བོད་མིའི་གཞིས་ཆགས་ཀྱི་སློབ་གྲྭར་འཛིན་གྲྭ་ལྔ་པའི་བར་ཕེབས། ཕྱི་ལོ་ ༡༩༧༢ ལོར་བྲག་རྒྱབ་རིན་པོ་ཆེའི་དྲུང་དུ་རབ་ཏུ་བྱུང་སྟེ་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༨༥ ལོར་སེར་བྱེས་སློབ་གྲྭའི་དགེ་རྒན་གནང་ནས་བཟུང་ལོ་ངོ་ཉི་ཤུ་རྩ་ལྔ་ཧྲིལ་པོ་བོད་ཀྱི་རིག་གནས་དང་། རྒྱལ་རབས་ཆོས་འབྱུང་། དབུ་མེད་ཡིག་གཟུགས་ཁག་བདུན། དག་ཡིག་སོགས་སློབ་ཁྲིད་ཀྱི་ཕྱག་ལས་གནང་། མཐའ་མའི་ལོ་ལྔའི་རིང་སློབ་གྲྭའི་དགེ་རྒན་ཆེན་མོའི་མཚན་གནས་ཐོག་ཤེས་ཡོན་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༧ བོད་གཞུང་ཆོས་རིག་ལྷན་ཁང་གི་གོ་སྒྲིག་འོག་དམིགས་གསལ་བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་དགེ་རྒན་འོས་སྦྱོང་གི་ལོ་གཅིག་མཛད། ཕྱི་ལོ་ ༡༩༩༤ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་དགེ་བཤེས་དམ་འཇོག་གནང་སྟེ་བོད་ལ་གཉེན་འཕྲད་དུ་ཕེབས། སྐབས་དེར་ལྷ་ས་སྨན་རྩིས་ཁང་གི་དགེ་རྒན་གྱི་སྐུ་མདུན་ནས་ལཉྫ་དང་ཝར་ཏུའི་ཡིག་གཟུགས་བཅས་ལ་ཞིབ་པར་སྦྱངས། ཕྱིས་སུ་སེར་བྱེས་ཆོས་རའི་ཚོགས་ཁང་ནང་དགེ་འདུན་བགྲེས་གཞོན་ཆིག་སྟོང་ལ་ཉེ་བའི་སར་ཚོགས་ཡོངས་སུ་སུམ་ཅུ་པ་དང་རྟགས་འཇུག་ཟབ་ཁྲིད་ཐེངས་གསུམ་དང་། ཁང་ཚན་ཁག་ཏུའང་སུམ་རྟགས་བཤད་ཁྲིད་ལོ་མང་མཛད། སེར་བྱེས་གྲྭ་ཚང་གི་གོ་སྒྲིག་འོག་བོད་སློབ་རྣམས་ལ་བོད་ཀྱི་སྐད་ཡིག་རིག་གནས་ཟབ་སྦྱོང་ཐེངས་མང་མཛད། ལོ་འཁོར་གུང་གསེང་དང་སྟབས་བསྟུན་ས་གནས་ཉིན་སློབ་སློབ་ཕྲུག་རྣམས་ལ་ཟབ་ཁྲིད་ཐེངས་གསུམ་དང་། རྒྱུན་དུ་རང་ཤག་ཏུའང་རིག་གནས་ཟུར་སྦྱོང་བ་སྐྱ་སེར་སློབ་ཕྲུག་རྣམས་དང་། ཕྱི་རྒྱལ་བ་བཅས་ལ་བོད་ཡིག་དང་དབུས་སྐད་བསླབས་དང་སློབ་བཞིན་པ་མ་ཟད་ཁོང་གི་གནང་བའི་མཛད་རིམ་སྙིང་བསྡུས་ལས་ ༢༠༡༧ ཡན་ལ་སུམ་རྟགས་བཤད་ཁྲིད་ཚར་དྲུག་ཅུ་རེ་བདུན་ཙམ་མཛད་པ་དང་། དེ་ནས་རྒྱ་གར་བྱང་ཕྱོགས་ཀ་དར་སྒང་གསུམ་གྱི་གནས་སྡོད་པ་རྣམས་ལ་བོད་ཡིག་དང་སུམ་རྟགས་སློབ་ཁྲིད་ལོ་འགར་མཛད། ཏཱ་ལའི་བླ་མའི་མཐོ་སློབ་ཏུ་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་མུས་བཅས་ལོ་རྒྱུས་མདོར་བསྡུས་སུ།
PDF ཕབ་ལེན། |
---|
དེ་ལས་མང་བ།...
གསེར་ཏོག་སུམ་རྟགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེབ་ཨང་། RNDTS1940008
རིག་གནས། [སྒྲ་རིག་པ།]
སྤྱིའི་ཨང་། ༣༢༦
མཚན་བྱང་། སུམ་རྟགས་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག
མཛད་པ་པོ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། [༡༨༤༥-༡༩༡༥]
བརྗོད་བྱ། བོད་ཀྱི་བརྡ་སྤྲོད་པའི་རྣམ་གཞག
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནི། ཕྱི་ལོ ༡༨༤༥ ལོར་ཙོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་སྐུ་འཁྲུངས། དགུང་ལོ་གསུམ་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། རྗེ་གསེར་ཁང་བ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། ལོ་དེར་གསེར་ཏོག་དགོན་དུ་གདན་སར་བཀོད། དགུང་ལོ་ལྔ་པ་ནས་ཡི་གེ་སྦྱོར་ཀློག་སོགས་ལ་སྦྱངས། དགུང་ལོ་བདུན་པར་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བརྒྱད་པར་སྐུ་འབུམ་དགོན་དུ་ཆོས་ཞུགས་དང་། བསྡུས་གྲྭ་སོགས་གསན་བསམ་གནང་། དགུང་ལོ་ཉི་ཤུའི་སྐབས་བསྙེན་པར་རྫོགས། དགུང་ལོ་ཉེར་གཅིག་པར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། དགུང་ལོ་ཉེར་གཉིས་པར་རྒྱུད་པ་མཁན་པོའི་ཁྲི་ལ་ཕེབས། གྲུབ་དབང་འཇིགས་མེད་བསམ་གཏན་སོགས་ལས་ཆོས་བཀའ་གསན། དགུང་ལོ་ཉེར་བདུན་པར་སྐུ་འབུམ་དགོན་པའི་ཁྲི་ལ་ཕེབས། ཁྲི་ཟུར་ནས་ཁལ་ཁ་སོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། དགུང་ལོ་སོ་བདུན་ལ་བྱ་ཁྱུང་དགོན་པའི་ཁྲི་ལ་ཕེབས། སྐུ་འབུམ་སོགས་སུ་རྟེན་དང་བརྟེན་པ་མང་དུ་བཞེངས། དགུང་ལོ་དོན་གཅིག་ལ་ཕེབས་པ་ཕྱི་ལོ་ ༡༩༡༥ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་འབྲིང་པོ་ཏི་བཅུ་ཙམ་བཞུགས།
PDF ཕབ་ལེན། |
---|
བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེབ་ཨང་། RNDTS204010
རིག་གནས། ༼སྒྲ་རིག་པ།༽
སྤྱིའི་ཨང་། ༣༠༧
མཚན་བྱང་། བོད་ཀྱི་བརྡ་སྤྲོད་གཞུང་ལ་འཇུག་པའི་ལམ་སྟོན་ཟླ་བ་གང་བའི་ཉམས་སྣང་།
མཛད་པ་པོ། བཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན། ༼ ༡༩༤༧- ༽
བརྗོད་བྱ། བོད་ཀྱི་བརྡའི་རྣམ་གཞག
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་བཅུ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིའི་པར་རྩ་དོ་བདག་གཞན་གྱིས་གནང་འབྱོར་བྱུང་བ་ལྟར་རྩོམ་སྒྲིག་བྱས་པ་ཡིན་ལ་རྩོམ་པ་པོའི་ལོ་རྒྱུས་འཕྲུལ་དེབ་ཏུ་གསལ་བ་ལྟར་དང་། དོ་བདག་གི་པར་རྩ་སོར་བཞག་བྱས་པ་ལས་འདི་ག་རྩོམ་སྒྲིག་ཁང་ནས་ཞུས་དག་བཏང་མེད།
དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེབ་ཨང་། RNDTD124001
རིག་གནས། ༼སྒྲ་རིག་པ།༽
སྤྱིའི་ཨང་། ༤
མཚན་བྱང་། དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།
མཛད་པ་པོ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ༼༡༡༨༢-༡༢༥༡༽
བརྗོད་བྱ། བརྡ་དག་གི་སྐོར།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཆོས་རྗེ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ནི། ས་སྐྱར་ཡབ་དཔལ་ཆེན་འོད་པོ་ཆེའི་སྲས་སུ་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང་། ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་གསོལ། དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་སོགས་ལ་སྦྱངས། རྒྱ་གར་གྱི་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་སོགས་རྩོད་པས་བཏུལ། དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔའི་སྐབས་ས་སྐྱའི་ཁྲིར་ཕེབས། དགུང་ལོ་རེ་གཉིས་པར་སོག་རྒྱལ་གོ་དན་གྱིས་གདན་ཞུས་ལྟར་ལང་གྲུར་ཕེབས། ཁོང་ནི་ས་སྐྱ་གོང་མ་ལྔའི་ནང་གི་བཞི་པ་ཡིན། ༡༢༥༡ ལོར་ལང་གྲུའུ་སྤྲུལ་པའི་སྡེ་ཞེས་བྱ་བར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། པོད་གསུམ་ཙམ་ཡོད།
སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེབ་ཨང་། RNDTS071002
རིག་གནས། ༼སྒྲ་རིག་པ།༽
སྤྱིའི་ཨང་། ༢༡
མཚན་བྱང་། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ།
མཛད་པ་པོ། སློབ་དཔོན་ཐོན་མི།
བརྗོད་བྱ། བོད་ཀྱི་བརྡའི་རྣམ་གཞག
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཐོན་མི་ནི། ཕྱི་ལོ་༦༡༩ ལོར་འཁྲུངས། དགུང་ལོ་བཅོ་ལྔ་པར་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་གར་དུ་མངགས་ནས་ལོ་ངོ་བདུན་གྱི་རིང་དུ་བྲམ་ཟེ་ལི་བྱིན་ཀ་ར་དང་ལྷ་རིག་པའི་སེང་གེ་སོགས་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བོད་དུ་ཕེབས། སྐུ་མཁར་མ་རུར་མཚམས་ལ་བཞུགས་ནས་རྒྱ་ཡིག་ལྔ་བཅུ་ཐམ་པ་ལས་བོད་ཡིག་སུམ་ཅུ་གཏན་ལ་ཕབ་སྟེ་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་གྱི་བོད་ཀྱི་ཡིག་གཟུགས་གསར་བཟོ་ལེགས་པར་མཛད། མཛངས་མི་བདུན་གྱི་བཞི་པ་དང་། གསུང་རྩོམ་ནི། སུམ་ཅུ་པ་སོགས་གཞུང་བརྒྱད་མཛད་པར་གྲགས་ལ། བསྒྱུར་རྩོམ་ནི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་ཡོད། འདས་ལོ་མི་གསལ།
སི་ཏུའི་སུམ་རྟགས་འགྲེལ་ཆེན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེབ་ཨང་། RNDTS179004
རིག་གནས། ༼སྒྲ་རིག་པ།༽
སྤྱིའི་ཨང་། ༢༧
མཚན་བྱང་། སུམ་རྟགས་ཀྱི་རྣམ་བཤད་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།
མཛད་པ་པོ། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ། ༼༡༦༩༩-༡༧༧༤༽
བརྗོད་བྱ། བོད་ཀྱི་བརྡའི་རྣམ་གཞག
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ་ནི། ༡༦༩༩ ལོར་འཁྲུངས། དགུང་ལོ་ཆུང་དུས་ནས་སི་ཏུ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། ཡབ་ཀྱིས་ཡི་གེའི་སྦྱོར་ཀློག་བསླབས། ཞྭ་དམར་བརྒྱད་པ་དཀོན་མཆོག་རྣམ་རྒྱལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། བལ་ཡུལ་སོགས་ཡུལ་ཁམས་མང་པོར་ཆོས་འཁོར་བསྐོར། ཞྭ་དམར་བརྒྱད་པའི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་སོགས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་མང་པོ་སློབ་དཔོན་དུ་བསྟེན། ཐུན་མོང་གི་རིག་གནས་ཀུན་ལ་མཁས་པའི་ཡང་རྩེར་སོན། སྔར་བསྒྱུར་ལ་འགྱུར་བཅོས་དང་། སྔོན་མེད་རྣམས་གསར་བསྒྱུར་མཛད། དཔལ་སྤུངས་དགོན་པ་གསར་འདེབས་མཛད། ༡༧༧༤ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོ་ཏི་བཅུ་བཞི་ཡོད།