ཡིག་བསྐུར་གྱི་རྣམ་གཞག་མེ་ཏོག་ཕྲེང་བ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
བརྗོད་བྱ། ཡིག་བསྐུར་རྣམ་གཞག་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0238
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 368KKB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི། ༡༨༤༦ ལོར་སྡེ་དགེའི་ཉེ་འདབས་ཡ་ཆུ་དིང་ཆུང་གི་ས་ཆར་སྐུ་འཁྲུངས། དགུང་ལོ་དྲུག་བདུན་ནས་ཡབ་དང་ཞང་པོའི་དྲུང་ནས་ཡི་གེའི་འབྲི་ཀློག་སོགས་ལ་གཞོལ། དགུང་ལོ་བཅུ་གཉིས་ཀྱི་སྐབས་གསང་སྔགས་ཆོས་གླིང་དགོན་དུ་ཆོས་ཞུགས་མཛད། དགུང་ལོ་བཅོ་བརྒྱད་ཀྱི་སྐབས་ཞང་པོ་དང་འགྲོགས་ནས་ལྷ་ལྡན་དུ་གནས་སྐོར་ལ་བྱོན། ཕྱིར་ལོག་རྗེས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་ལ་སྦྱངས། སློབ་མ་གྲགས་ཆེ་བ། རྡོ་སྤྲུལ་རྡོ་རྗེ་སོགས་མང་དུ་བྱུང། ༡༩༡༢ ལོར་འཇུ་རི་ཁྲོད་དུ་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། པར་དུ་བརྐོས་པ་པོ་ཏི་སུམ་ཅུ་ལྷག་བཞུགས།
PDF ཕབ་ལེན། |
---|
བཤེས་སྤྲིངས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ།
བརྗོད་བྱ། ངན་སོང་གི་སྡུག་བསྔལ་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0010
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 465KB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༥ ཚེས་ ༢༧ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས། ནཱ་ལེནྡྲར་ཕེབས་ཏེ་ཆོས་མང་པོ་གསན། མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས། མཚན་དགེ་སློང་དཔལ་ལྡན་ཞེས་གསོལ། དགེ་སློང་བདེ་བྱེད་ཅེས་པ་སུན་ཕྱུང་། སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་དཔལ་གྱི་རིར་བཞུགས་ཤིང་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཆོས་དབྱིངས་བསྟོད་པ་སོགས་མཛད་ནས་གདུལ་བྱ་མང་པོ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད། རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་གྱིས་དབུ་བསླངས་པར། སློབ་དཔོན་གྱིས་སྟེར་བར་ཞལ་གྱིས་བཞེས་ཏེ། རྒྱལ་བུ་དེས་དབུ་བཅད་ནས་བཀྲོངས་སོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། དབུ་མ་རིགས་ཚོགས་སོགས་མང་ཞིང་། སློབ་མའི་གཙོ་བོར་གྱུར་པ་ཤཱཀྱ་མི་ཏྲ་དང་སོགས་མང་དུ་བྱུང་ངོ་། །
ཕབ་ལེན། PDF ཕབ་ལེན།
རྒྱ་གར་གནས་ཡིག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། དགེ་འདུན་ཆོས་འཕེལ།
བརྗོད་བྱ། རྒྱ་གར་གྱི་གནས་ཆེན་ཁག་ངོ་སྤྲོད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0176
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 476KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། མཁས་དབང་དགེ་འདུན་ཆོས་འཕེལ་ནི། མདོ་སྨད་རེབ་གོང་ཞོ་འཕོང་དུ་སྐུ་འཁྲུངས། གཡའ་མ་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས། དེར་སུམ་རྟགས་དང་སྙན་ངག་སོགས་སྦྱངས། དགུང་ལོ་བཅོ་ལྔ་ནས་ལྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞུགས་ཏེ་གཞུང་ལ་སློབ་གཉེར་གནང་། དགུང་ལོ་བཅུ་དགུའི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་འདུན་ཆོས་འཕེལ་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཚད་མ་དང་ཕར་ཕྱིན་ལ་སྦྱངས་པ་མཛད། དགུང་ལོ་ཉེར་ལྔའི་སྐབས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། དགུང་ལོ་སུམ་ཅུའི་སྐབས་པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། དགུང་ལོ་ཞེ་གཉིས་པར་ཁྲི་བྱང་རིན་པོ་ཆེ་དང་ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས་པ་ལྟ་བོད་དུ་ཕྱིར་ཕེབས། དགུང་ལོ་ཞེ་བཞི་པར་བཙོན་དུ་བཅུག །༡༩༥༡ ལོར་སྐུ་གཤེགས་སོ། །ད་ལྟ་ཁོང་གི་གསུང་རྩོམ་ལག་སོན་བྱུང་བ་ཆོས་ཚན་ཉེར་བཞི་བཞུགས་ལ། བསྒྱུར་རྩོམ་ལ་ཆོས་ཚན་དགུ་བཞུགས།
PDF ཕབ་ལེན། |
---|
རྗེ་ཙོང་ཁ་པའི་གསུང་འབུམ་གྱི་དཀར་ཆག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། TBK145001
ཐོར་བུ། ༼དཀར་ཆག༽
སྤྱིའི་ཨང་། ༡༧༨
མཚན་བྱང་། རྗེ་ཙོང་ཁ་པའི་གསུང་འབུམ་གྱི་དཀར་ཆག
ཕྱོགས་སྒྲིག་པ། རིག་མཛོད་རྩོམ་སྒྲིག་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། དགུང་ལོ་གསུམ་པར་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་དང་། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་བདུན་པར་སློབ་གཉེར་གྱི་ཆེད་དུ་དབུས་སུ་ཕེབས། དགུང་ལོ་སོ་དྲུག་གི་སྐབས་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་སྒྲུབ་པ་གཙོ་བོར་མཛད། དགུང་ལོ་སོ་བདུན་པར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་གསུམ་གྱི་སྐབས་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུའི་སྐབས། དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། སློབ་མ་གྲགས་ཆེ་བ། རྒྱལ་ཚབ་དར་མ་རིན་ཆེན་སོགས་མང་དུ་བྱུང་། ༡༤༡༩ ལོར་སྐུ་གཤེགས། གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་སོགས་པོ་ཏི་བཅུ་དགུ་བཞུགས།
ས་སྐྱ་ལེགས་བཤད།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན།
བརྗོད་བྱ། ལུགས་ཟུང་གི་བསླབ་བྱའམ་སྡོམ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0091
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 554KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ཆོས་རྗེ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་མཆོག་ནི། ས་སྐྱར་ཡབ་དཔལ་ཆེན་འོད་པོ་ཆེའི་སྲས་སུ་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང་། ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་གསོལ། དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་སོགས་ལ་སྦྱངས། རྒྱ་གར་གྱི་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་སོགས་རྩོད་པས་བཏུལ། དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔའི་སྐབས་ས་སྐྱའི་ཁྲིར་ཕེབས། དགུང་ལོ་རེ་གཉིས་པར་སོག་རྒྱལ་གོ་དན་གྱིས་གདན་ཞུས་ལྟར་ལང་གྲུར་ཕེབས། ཁོང་ནི་ས་སྐྱ་གོང་མ་ལྔའི་ནང་གི་བཞི་པ་ཡིན། ༡༢༥༡ ལོར་ལང་གྲུའུ་སྤྲུལ་པའི་སྡེ་ཞེས་བྱ་བར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། པོད་གསུམ་ཙམ་ཡོད།
PDF ཕབ་ལེན། |
---|
རྒྱལ་རབས་དེབ་ཐེར་དཀར་པོ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། དགེ་འདུན་ཆོས་འཕེལ།
བརྗོད་བྱ། བོད་ཀྱི་རྒྱལ་རབས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0177
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 838KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། མཁས་དབང་དགེ་འདུན་ཆོས་འཕེལ་ནི། མདོ་སྨད་རེབ་གོང་ཞོ་འཕོང་དུ་སྐུ་འཁྲུངས། གཡའ་མ་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས། དེར་སུམ་རྟགས་དང་སྙན་ངག་སོགས་སྦྱངས། དགུང་ལོ་བཅོ་ལྔ་ནས་ལྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞུགས་ཏེ་གཞུང་ལ་སློབ་གཉེར་གནང་། དགུང་ལོ་བཅུ་དགུའི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་འདུན་ཆོས་འཕེལ་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཚད་མ་དང་ཕར་ཕྱིན་ལ་སྦྱངས་པ་མཛད། དགུང་ལོ་ཉེར་ལྔའི་སྐབས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། དགུང་ལོ་སུམ་ཅུའི་སྐབས་པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། དགུང་ལོ་ཞེ་གཉིས་པར་ཁྲི་བྱང་རིན་པོ་ཆེ་དང་ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས་པ་ལྟ་བོད་དུ་ཕྱིར་ཕེབས། དགུང་ལོ་ཞེ་བཞི་པར་བཙོན་དུ་བཅུག །༡༩༥༡ སྐུ་གཤེགས་སོ། །ད་ལྟ་ཁོང་གི་གསུང་རྩོམ་ལག་སོན་བྱུང་བ་ཆོས་ཚན་ཉེར་བཞི་བཞུགས་ལ། བསྒྱུར་རྩོམ་ལ་ཆོས་ཚན་དགུ་བཞུགས།
PDF ཕབ་ལེན། |
---|
བཀའ་ཆེམས་ཀ་ཁོལ་མ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོ།
བརྗོད་བྱ། བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0224
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.6MB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། འཁྲུངས་འདས་ཀྱི་སྐོར་ལ་མི་མཐུན་པ་མང་ན་ཡང་། དུང་དཀར་ཚིག་མཛོད་དུ། ཕྱི་ལོ་༦༡༧ ལོར་འཁྲུངས་པ་དང་། ༦༥༠ ལོར་སྐུ་གཤེགས་པར་བཤད། རྒྱལ་པོ་འདི་སྐུ་ན་ཕྲ་བའི་སྐབས་ནས་རྒྱལ་སྲིད་བཟུང་སྟེ། ཕྱི་ནང་གི་དུས་ཟིང་ལྷིང་འཇགས་དང་། རྒྱལ་ཕྲན་ཁ་ཐོར་ཚང་མ་མངའ་འོག་ཏུ་བསྡུས་ཏེ་བོད་རྒྱལ་ཁབ་གཅིག་གྱུར། པོ་ཏཱ་ལའི་རི་ལ་ཕོ་བྲང་བརྩིགས་ཤིང་། བོད་ཡིག་གི་སྲོལ་བཏོད། དམ་པའི་ཆོས་ཐོག་མར་བོད་ཡིག་ཏུ་བསྒྱུར། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་མཛད། རྒྱལ་ཁབ་གཞན་ནས་ཆོས་དང༌། སྨན། རྩིས། སྒྱུ་རྩལ། དཔལ་འབྱོར་སོགས་ཀྱི་སྲོལ་རྒྱུན་སྣ་ཚོགས་བོད་དུ་དྲངས། བོད་ཁམས་དར་ཞིང་རྒྱས་པར་གྱུར་ཅིང༌། རྗེ་འདི་དང་མོང་བཟའ་གཉིས་ལ་སྲས་གུང་རི་གུང་བཙན་བྱུང་ཡང་ཡབ་རྗེའི་གོང་དུ་འདས་པས་རྒྱལ་ས་དབོན་སྲས་མང་སྲོང་མང་བཙན་ལ་བསྐུར། དེ་དག་གི་ལོ་ཚིགས་ལ་བཞེད་ཚུལ་མི་འདྲ་བ་མང་ངོ་། །
PDF ཕབ་ལེན། |
---|
ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ཨ་མྱེས་ཀུན་དགའ་བསོད་ནམས།
བརྗོད་བྱ། གདུང་རབས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0251
ཡིག་ཆའི་རྣམ་པ། PDF
དེབ་ཀྱི་ལྗིད་ཚད། 3.3MB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ཨ་མེས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་མཆོག་ནི། ཕྱི་ལོ་༡༥༣༧ ལོར་ས་སྐྱའི་ལྷ་ཁང་ཆེན་མོ་ཕུན་ཚོགས་གླིང་གི་བླ་བྲང་དུ་སྐུ་འཁྲུངས། དཔལ་ས་སྐྱའི་གདན་ས་ཆེན་པོའི་ཁྲི་རབས་ཉེར་དྲུག་པ་དང་། གདུང་རབས་བཅུ་པ་ཡིན། ཡོངས་གྲགས་སུ་མཚན་གཞན་ལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཞུ། མདོ་རྒྱུད་སྤྱི་དང་དཔལ་ས་སྐྱའི་གསུང་ངག་ལམ་འབྲས་དང་བཅས་པ་ལ་སྦྱངས། དགུང་གྲངས་ཉི་ཤུ་རྩ་དགུ་[ཁ་ཤས་སུ་རྩ་བཞི་གསུངས།]ལ་དཔལ་ས་སྐྱའི་གདན་ས་ཆེན་པོའི་ཁྲིར་བཞུགས་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་དུ་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས། འདས་ལོ་མི་གསལ།
PDF ཕབ་ལེན། |
---|
རྒྱ་གར་ཆོས་འབྱུང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
བརྗོད་བྱ། འཕགས་ཡུལ་དུ་དམ་པའི་ཆོས་ཀྱི་བྱུང་རབས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0201
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.9MB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྗེ་བཙུན་ཏཱ་ར་ནཱ་ཐ་མཆོག་ནི། ཕྱི་ལོ་༡༥༧༥ལོར་དབུས་ཀྱི་ཇོ་མོ་ཁ་རག་དང་ཉེ་བར་སྐུ་འཁྲུངས། དགུང་ལོ་བཞི་པར་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་ཡང་སྤྲུལ་དུ་ངོས་འཛིན་མཛད། སྟག་ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་ནས་བཀའ་གདམས་གླེགས་བམ་གྱི་ལུང་ཞུས་པ་དང་སྦྲགས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པའང་མནོས། རྗེ་གྲུབ་པའི་དབང་ཕྱུག་ལས་རས་ཆུང་སྙན་བརྒྱུད་ཀྱི་ཆོས་རྫོགས་པར་ཞུས། དགུང་ལོ་བཅུ་བདུན་པར་བསྙེན་པར་རྫོགས། དབུས་སུ་ཕེབས་ཏེ་རིས་མེད་ཀྱི་བླ་མ་མང་པོ་ལས་ཆོས་མང་དུ་གསན། དགུང་ལོ་སོ་གཅིག་ནས་རིས་མེད་ཀྱི་བླ་སློབ་མང་པོར་མདོ་སྔགས་འཆད་མཉན་མཛད། དགུང་ལོ་ཞེ་གཅིག་པར་རྟག་བརྟན་དམ་ཆོས་གླིང་གི་གནས་གཞི་གསར་དུ་བཙུགས། ༡༦༣༤ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོ་ཏི་ཀ་ནས་ཙའི་བར་བཅུ་བདུན་བཞུགས།
PDF ཕབ་ལེན། |
---|
རྗེ་ཙོང་ཁ་པའི་གསན་ཡིག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བློ་བཟང་གྲགས་པ།
བརྗོད་བྱ། གསན་ཡིག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0046
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 967KB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ནི། མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། རི་བོ་དགེ་ལྡན་པའི་ཆོས་བརྒྱུད་སྲོལ་གཏོད་མཁན་དང་། དགའ་ལྡན་ཁྲི་པའི་ཁྲི་རབས་དང་པོ་ཡིན། དགུང་ལོ་གསུམ་པར་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་དང་། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ། རྗེ་བཙུན་རེད་མདའ་བ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་ལེགས་པར་སྦྱངས། དགུང་ལོ་ཉེར་བཞིའི་སྐབས་བསྙེན་པར་རྫོགས། དགུང་ལོ་སོ་དྲུག་གི་སྐབས་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་སྒྲུབ་པ་གཙོ་བོ་མཛད། དགུང་ལོ་སོ་བདུན་པར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་བར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཅིག་གི་སྐབས་རྒྱ་ནག་གི་རྒྱལ་པོས་ཕྱག་རྟེན་བཅས་ལན་གསུམ་དུ་རྒྱ་ནག་ཏུ་གདན་འདྲེན་ཞུས་ཀྱང་མ་ཕེབས། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་གསུམ་གྱི་སྐབས་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུའི་སྐབས། དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། སློབ་མ་གྲགས་ཆེ་བ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མང་དུ་བྱུང་། ༡༤༡༩ ལོར་སྐུ་གཤེགས། གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་སོགས་པོ་ཏི་བཅུ་དགུ་བཞུགས།
PDF ཕབ་ལེན། |
---|
དེ་ལས་མང་བ།...
དཔལ་ལྡན་བི་རཱུ་པ་ལ་བསྟོད་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ས་ཆེན་ཀུན་དགའ་སྙིང་པོ།
བརྗོད་བྱ། བསྟོད་ཚོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0097
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 326KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ས་ཆེན་ཀུན་དགའ་སྙིང་པོ། བོད་དུ་དཔལ་ས་སྐྱར་འཁོན་དཀོན་མཆོག་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ས་སྐྱ་གོང་མ་ལྔའི་ནང་གི་དཀར་པོ་རྣམ་གསུམ་གྱི་ཡ་གྱལ་དུ་བགྲངས། བ་རི་ལོ་ཙཱ་བ་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་གཙོ་བོ་སྔགས་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་ནས་དྲུག་ཅུ་རེ་བདུན་གྱི་བར་ས་སྐྱའི་གདན་ས་མཛད། འདིས་མཛད་པའི་གསུང་རྩོམ་ལ་པོད་གཉིས་བཞུགས། གཡས་རུ་སྐྱ་བོ་ཁ་གདངས་སུ་སྐུ་གཤེགས། རྣམ་ཐར་རྒྱས་པ། བདག་ཆེན་ཨ་མེས་ཞབས་ཀྱིས་མཛད་པའི་[ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་]དུ་གསལ།
PDF ཕབ་ལེན། |
---|
མི་རྟག་པས་རྒྱུད་བསྐུལ་བའི་མགུར།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྟ་ཚག་ཡེ་ཤེས་བློ་བཟང་།
བརྗོད་བྱ། དཔེ་སྣ་ཚོགས་དང་འབྲེལ་ཏེ་མི་རྟག་པའི་ངང་ཚུལ་སྟོན་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0231
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 325KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་གདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྟ་ཚག་ཡེ་ཤེས་བློ་བཟང་ནི། ཕྱི་ལོ་ ༡༧༦༠ ལོར་སྤོ་བོ་མལ་ཇོའི་གྲོང་དུ་སྐུ་འཁྲུངས། དགུང་ལོ་ལྔ་པར་རྗེ་དྲུང་བློ་བཟང་དཔལ་ལྡན་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ་གདན་ས་དཔའ་ཤོད་དགོན་དུ་གདན་དྲངས། དགུང་ལོ་བརྒྱད་པར་མཁན་ཆེན་དཔལ་ལྡན་སྙན་གྲགས་ལས་དགེ་བསྙེན་དང་། ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། སོག་ཡུལ་དོ་ལོ་ནོར་དུ་ལོ་བཅུ་རིང་བཞུགས་ཏེ་དཔལ་ལྡན་གྲགས་པ་ཡོངས་འཛིན་དུ་བསྟེན་ནས་གཞུང་ལུགས་དག་ལ་གསན་སྦྱངས་མཛད། དགུང་ལོ་བཅོ་ལྔ་པར་ཤར་རྩེ་མཁན་པོ་བློ་བཟང་འཇམ་དཔལ་ཡོངས་འཛིན་དུ་བསྟེན་ནས་ལམ་རིམ་བཅས་ཆོས་མང་དུ་གསན། དགུང་ལོ་ཉེར་གསུམ་པར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་ལོ་བརྒྱད་རིང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། སྲིད་སྐྱོང་གི་ལས་འགན་ཡང་བཞེས། ལྷ་སར་ཀུན་བདེ་གླིང་ཞེས་པའི་གདན་ས་གསར་དུ་བཏབ། རྒྱལ་བ་ལུང་རྟོགས་རྒྱ་མཚོ་ངོས་འཛིན་གནང་། ཕྱི་ལོ་ ༡༨༡༠ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོད་གཉིས་བཞུགས།
PDF ཕབ་ལེན། |
---|
དཀོན་མཆོག་རྗེས་དྲན་ཡོན་སྦྱོང་དང་བཅས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། TBCZ624002
ཐོར་བུ། ༼ ཆོས་སྤྱོད། ༽
སྤྱིའི་ཨང་། ༣༢
མཚན་བྱང་། དཀོན་མཆོག་རྗེས་དྲན་ཡོན་སྦྱོང་དང་བཅས།
མཛད་པ་པོ། སྟོན་པ་བཅོམ་ལྡན་འདས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སྟོན་པ་བཅོམ་ལྡན་འདས། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་མངོན་པར་རྗོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད། དེ་ཡང་ཐེག་པ་ཆེ་ཆུང་གི་གདུལ་བྱ་ཐུན་མོང་ལ་ཡོངས་སུ་གྲགས་པའི་མཛད་པ་བཅུ་གཉིས་ནི། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་ལྟར་རོ།
༧གོང་ས་མཆོག་ལ་བསྟེན་པའི་བླ་མའི་རྣལ་འབྱོར།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། བླ་མའི་རྣལ་འབྱོར།
རིག་མཛོད་དེབ་ཨང་། SJRB-0116
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 534KB
༢༠༡༥ ཟླ་ ༤ པར་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་བློན་ལས་རོགས་ཤན་ཁ་བ་འགྱུར་མེད་བསོད་ནམས་སྟོབས་རྒྱལ་ནས་ཞུས་པའི་ངོར་གནང་བའི་བླ་མའི་རྣལ་འབྱོར་ཞིག་ཡིན། འདིར་བླ་མ་སྤྱན་རས་གཟིགས་སེམས་དཔའ་སུམ་བརྩེགས་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་ཞིང་། ཡན་ལག་བདུན་པ་མཎྜལ་དང་བཅས་ཕུལ་ནས་མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ལ་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང་འབྲེལ་ཤར་སྒོམ་བྱས་ཆོག་ཅིང་། བླ་མ་སྙིང་ཞུགས་ཀྱི་མན་ངག་དང་འབྲེལ་ཡིག་དྲུག་གི་བཟླས་པའང་བྱས་ཆོག་པ་ཆ་ཚང་ཞིང་འཁྱེར་བདེ་ལ་མདོར་བསྡུས་པ་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་བཞུགས།
ཕབ་ལེན། PDF ཕབ་ལེན།