དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jul ཚེས། 20 རེས་གཟའ། Wed

རྣམ་རྒྱལ་སྟོང་མཆོད་དང་བརྟན་བཞུགས།

དྲ་འཇུག་པ།

sjrb-0243མཛད་པ་པོ། སེར་སྔགས་བླ་ཟུར་ཤཱི་ལའི་མིང་ཅན།
བརྗོད་བྱ།
སྒྲུབ་ཐབས་སོགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0243
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
768KB
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ལྷའི་བུ་བློ་གྲོས་བརྟན་པ་ཞེས་བྱ་བ་ཞིག་གི་ཆེད་དུ། བརྒྱ་བྱིན་གྱིས་སྟོན་པ་བཅོམ་ལྡན་འདས་ལ་ཞུས་པ་ན། བཅོམ་ལྡན་ཀྱིས་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཕན་ཡོན་དང་བཅས་པ་བཀའ་སྩལ་བ་ཡིན་ལ། བློ་གྲོས་བརྟན་པས་ཉིན་བདུན་གྱི་བར་དུ་ཉིན་མཚན་དུས་དྲུག་ཏུ་གཟུངས་འདི་ལ་བརྩོན་པར་བྱས་པས། ངན་འགྲོ་ལས་ཡོངས་སུ་ཐར། ཚེ་ཞག་བདུན་ལས་མེད་པ་ཡང་རིང་དུ་གྱུར་པ་ཡིན་ནོ། །སྒྲུབ་ཐབས་འདི་ནི་སེར་སྔགས་བླ་ཟུར་ཤཱི་ལའི་མིང་ཅན་གྱིས་རྒྱལ་དབང་གི་གསུང་གཞིར་བཞག་སྟེ། བླ་བརྒྱུད་དང་ཤིས་བརྗོད་གསར་དུ་བསྣན་ཏེ་ཆོག་སྒྲིག་མཛད་པ་ཡིན་ལ། རྒྱུན་འཁྱེར་ཚོགས་འདོན་གྱི་ཆོ་གའང་འདི་ཉིད་ཡིན་ནོ། །

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jul ཚེས། 20 རེས་གཟའ། Wed

བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག

དྲ་འཇུག་པ།

sjrb-0279མཛད་པ་པོ། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བརྗོད་བྱ།
མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0279
ཡིག་ཆའི་རྣམ་པ།
PDF
དེབ་ཀྱི་ལྗིད་ཚད།
356KB
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག་ནི། ༡༧༦༢ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། དགུང་ལོ་ལྔའི་སྐབས་གུང་ཐང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྐབས་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་སྒོར་ཞུགས་ཤིང་། ལོ་ལྔའི་རིང་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་སློབ་གཉེར་ལ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་གསར་ནས་དབུ་ཚུགས་ཏེ། ལོ་དགུའི་རིང་གཞུང་ཆེན་སློབ་གཉེར་དང་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་གི་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་ཞུས། དབུས་སུ་བཞུགས་རིང་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་ཞིག་གསན། དགུང་ལོ་ཉེར་ལྔའི་སྐབས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་སོ་གཅིག་གི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། མདོ་སྨད་ཀྱི་ཆོས་སྡེ་མང་པོར་ཆོས་རྒྱུན་འཆད་སྤེལ་སོགས་གནང་། སློབ་མ་ལ་སྐྱེས་ཆེན་དམ་པ་མང་པོ་བྱུང་། ༡༨༢༣ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་བརྒྱད་བཞུགས།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 11 རེས་གཟའ། Sat

སྡོམ་གསུམ་རབ་དབྱེ།

དྲ་འཇུག་པ།

sjrb-0280མཛད་པ་པོ། ཨ་མྱེས་ཀུན་དགའ་བསོད་ནམས།
བརྗོད་བྱ།
སྡོམ་པ་གསུམ་གྱི་དབྱེ་བ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0280
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
522KB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༡༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

ཨ་མེས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན། ཕྱི་ལོ་༡༥༣༧ ལོར་ས་སྐྱའི་ལྷ་ཁང་ཆེན་མོ་ཕུན་ཚོགས་གླིང་གི་བླ་བྲང་དུ་སྐུ་འཁྲུངས། དཔལ་ས་སྐྱའི་གདན་ས་ཆེན་པོའི་ཁྲི་རབས་ཉེར་དྲུག་པ་དང་། གདུང་རབས་བཅུ་པ་ཡིན། ཡོངས་གྲགས་སུ་མཚན་གཞན་ལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཞུ། མདོ་རྒྱུད་སྤྱི་དང་དཔལ་ས་སྐྱའི་གསུང་ངག་ལམ་འབྲས་དང་བཅས་པ་ལ་སྦྱངས། དགུང་གྲངས་ཉི་ཤུ་རྩ་དགུ་༼ཁ་ཤས་སུ་རྩ་བཞི་གསུངས།༽ལ་དཔལ་ས་སྐྱའི་གདན་ས་ཆེན་པོའི་ཁྲིར་བཞུགས་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་དུ་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས། འདས་ལོ་མི་གསལ།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 11 རེས་གཟའ། Sat

རོ་ལངས་གསེར་འགྱུར་གྱི་སྒྲུང་།

དྲ་འཇུག་པ།

sjrb-0013མཛད་པ་པོ། མགོན་པོ་ཀླུ་སྒྲུབ།
བརྗོད་བྱ།
འཇིག་རྟེན་མི་ཆོས་ལ་སྦྱར་བའི་དམ་ཆོས་ཀྱི་སྙིང་པོ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0013
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
613KB
བསྐྱར་སྒྲིག་པ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་བ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༩ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རོ་སྒྲུང་འདིའི་པར་རྩ་རྣམ་གྲྭ་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་གྱིས་གནང་བ་དང་། ལས་ཀའི་བྲེལ་ཟིང་ཞིག་གི་འོག་ཏུ་ཞུས་དག་བཏང་བ་ཡིན་ཞིང་། མཇུག་གི་ལེའུ་གཉིས་གསུམ་ཞིག་གི་སྐབས་སུ་གཤིབ་བསྡུར་བྱེད་སའི་མ་དཔེ་ [༢༠༠༢ ལོར་ཤེས་རིག་པར་ཁང་གིས་པར་དུ་བསྐྲུན་པ།] ཞིག་ལག་ཏུ་འབྱོར་ན་ཡང་ལེའུ་གཞན་དག་ལ་དུས་ཚོད་ཀྱི་དབང་གིས་རགས་བསྡུར་ཞིག་མ་གཏོགས་བྱེད་མ་ཐུབ། མ་དཔེ་དེ་ལ་ཡང་ཡིག་ནོར་དང་ཆད་ལྷག་མང་བ། ཡིག་འབྲུ་མི་གསལ་བ། སྒྲུང་ཉིད་ཀྱི་ནང་དུའང་ཕལ་སྐད་དང་བརྡ་རྙིང་མང་ཞིང་། བརྡ་རྙིང་དང་ཕལ་སྐད་དེ་དག་ཀྱང་ཡོངས་གྲགས་ཀྱི་འབྲི་ཚུལ་དང་མི་མཐུན་པ། གོ་བ་ལེན་མི་བདེ་བ་དང་། བརྗོད་དོན་སྔ་ཕྱི་མི་མཐུན་པ། རྗོད་བྱེད་སྔ་ཕྱི་འབྲེལ་མེད་པ། ཚིག་དོན་གྱི་བར་མཚམས་ཁ་ཤས་སུ་ཕལ་ཆེར་ཆད་ལྷག་ཤོར་བ་ལྟ་བུ་སོགས་ཡོད་ན་ཡང་། ཞུས་དག་གི་སྐབས་སུ་ནང་དོན་ལ་འགྱུར་བ་མེད་པའི་སྟེང་ནས་ནོར་བཅོས་ཕྲན་བུ་བྱས་པ་ལས་གཞན་རང་སོར་བཞག་ཡོད།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 04 རེས་གཟའ། Sat

རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད།

དྲ་འཇུག་པ།

sjrb-0240མཛད་པ་པོ། ཞང་ཞུང་ཆོས་དབང་གྲགས་པ།
བརྗོད་བྱ།
རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0240
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
613KB
བསྐྱར་སྒྲིག་པ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༣ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

ཞང་ཞུང་ཆོས་དབང་གྲགས་པ་ནི། མངའ་རིས་ཞང་ཞུང་དུ་སྐུ་འཁྲུངས། ཆུང་དུས་ནས་ཡི་གེའི་ཕྱི་མོ་སློབ་པ་ནས་བཟུང་བསླབ་པར་བྱ་བའི་གནས་ཐམས་ཅད་སློབ་དཔོན་གྱིས་ལན་རེ་གཉིས་བརྡ་སྤྲད་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དབུས་སུ་ཕེབས་ཏེ་རྗེ་ཡབ་སྲས་གསུམ་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་རྒྱུད་ཀྱི་བཤད་ལུང་དང་ཟབ་མོའི་དབང་ཁྲིད་རྗེས་གནང་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་། སྒྲ་ཚད་སྙན་ངག་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་པས་མཁས་པའི་གོ་འཕང་བརྙེས། རྗེ་ཙོང་ཁ་པའི་སློབ་མ་རྣམས་ལས་རྣམ་དཔྱོད་ཕུལ་དུ་བྱུང་བའི་སློབ་མ་ཟུང་གི་ཡ་གྱལ་དུ་བགྲངས། དགུང་ལོ་སོ་ལྔ་པར་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་འདི་མཛད་པས་སྙན་ངག་ལ་མཁས་པའི་གྲགས་པ་རྒྱས། ནགས་ཤོད་སྤུས་མདའི་གདན་སར་ཕེབས་ནས་འཆད་ཉན་མཛད། ཆབ་མདོ་བྱམས་པ་གླིང་དང་། གུ་རུ་དཔལ་འཁོར་གྱི་ཁྲི་ལ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ༡༤༦༩ ལོར་ནགས་ཤོད་སྤུས་མདའ་རྣམ་རྒྱལ་དཔལ་འབར་དུ་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། དཔལ་དུས་ཀྱི་འཁོར་ལོའི་རྣམ་བཞག་སོགས་ཆོས་ཚན་བཅོ་ལྔ་བཞུགས།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 11 རེས་གཟའ། Sat

སྟོན་པའི་གཏད་རབས་བདུན་གྱི་བྱུང་རིམ།

དྲ་འཇུག་པ།

sjrb-0335མཛད་པ་པོ། དགེ་འདུན་དགྲ་བཅོམ་འཕེལ་སོགས།
བརྗོད་བྱ།
གཏད་རབས་བདུན་སོགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0335
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
465KB
ཁ་སྣོན་དང་བཅས་གསར་དུ་སྒྲིག་པ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༦ ཚེས་ ༢ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་རིང་ལུགས་དྲི་མ་མེད་པ་ཕན་བདེ་འབྱུང་གནས་བསྟན་པ་རིན་པོ་ཆེ་འདི་ཉིད། སྟོན་པ་ཉིད་ཀྱི་ཉན་ཐོས་དགྲ་བཅོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་གཏད་པའི་བྱུང་རིམ་གསལ་བའི་འཕྲུལ་དེབ་འདི་ནི། གཏད་རབས་འདི་དག་གི་བྱུང་རིམ་མདོར་བསྡུས་ཤིག་ངོ་སྤྲོད་ཙམ་གྱི་ཆེད་དུ་རྩོམ་སྒྲིག་པས་དུས་ཐུང་ནང་བཏུས་བསྒྲིགས་བྱས་པ་ཡིན་ཞིང་། སྟོན་པ་ཐུགས་རྗེ་ཅན་དང་གཏད་རབས་བདུན་གྱི་བྱུང་རིམ་འཚོལ་སྡུད་བྱས་པ་ཡིན།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 04 རེས་གཟའ། Sat

སྐྱེས་རབས་སོ་བཞི་པ།

དྲ་འཇུག་པ།

sjrb-0099མཛད་པ་པོ། སློབ་དཔོན་དཔའ་བོ།
བརྗོད་བྱ།
སྟོན་པ་བཅོམ་ལྡན་འདས་ཀྱི་སྐྱེས་པའི་རབས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0099
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.9MB
བསྐྱར་སྒྲིག་པ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༥ ཚེས་ ༢༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

སློབ་དཔོན་དཔའ་བོ་ནི། རྒྱ་གར་ནུབ་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བྲམ་ཟེའི་ཆོས་རིག་བྱེད་བཞི་སོགས་ལསྦྱངས། ཕྱི་པའི་བསྟན་པ་ལ་ཞུགས། གསུང་སྙན་པས་རྟ་དབྱངས་དང་བྲམ་ཟེ་ཐུབ་དཀའ་ནག་པོ་ཞེས་ཀྱང་ཟེར། འཕགས་པ་ལྷ་དང་རྩོད་པ་བྱས་པར་སློབ་དཔོན་གྱིས་དེ་ལན་གསུམ་དུ་ཚར་བཅད་དེ་གཙུག་ལག་ཁང་དུ་བཅུག་པ་ལ་གླེགས་བམ་རྣམས་བཀླགས་པས་རང་ཉིད་ལུང་བསྟན་པའི་མདོ་སྡེ་མཐོང་ནས། རབ་ཏུ་བྱུང་། དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་མཛད། ཕྱི་ནང་གཉིས་ཀྱི་གྲུབ་མཐའ་ལ་མཁས་པར་གྱུར། མཚན་དཀོན་ཅོག་འབངས་ཞེས་དང་། དཔའ་བོ་དང༌། རྟ་དབྱངས། མ་ཁོལ། ཕ་ཁོལ། ཐུབ་དཀའ། ཆོས་ལྡན་རབ་འབྱོར། མ་ཏི་ཙི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ། །

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 04 རེས་གཟའ། Sat

སྤྲིན་གྱི་བཞོན་པའི་རྟོགས་བརྗོད།

དྲ་འཇུག་པ།

sjrb-0110མཛད་པ་པོ། སྲས་ཟླ་བའི་དབང་པོ།
བརྗོད་བྱ།
བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0110
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
503KB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༥ ཚེས་ ༢༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

སྤྲིན་བཞོན་རྟོགས་བརྗོད་ནི། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་མཐའ་མ་སྟེ། ཡལ་འདབ་བརྒྱ་དང་བརྒྱད་པ་དེ་ཡིན། གསུང་རྒྱུན་ལ། རྒྱལ་པོ་དགེ་བའི་དབང་པོས་སྲས་ཀྱི་སྙན་ངག་གི་རྩོམ་རྩལ་དེ་གཞན་ལ་ངོམ་ཕྱིར་ཡལ་འདབ་མཐའ་མ་དེ་སྲས་ཀྱི་བགོ་སྐལ་དུ་བཞག་སྟེ་སྲས་ཟླ་བའི་དབང་པོ་ལ་རྩོམ་དུ་བཅུག་པར་གྲགས་ཤིང་། སྲས་ནི་ཡབ་ལས་ཀྱང་སྙན་ངག་མཁན་ཆེན་པོ་ཞིག་ཡིན་པའི་བཤད་སྲོལ་ཡོད། བསྟན་བཅོས་འདི། སྡེ་དགེ་བསྟན་འགྱུར་གྱི་པོད་[ཁེ]ནང་དུ་བཞུགས། རྒྱ་གར་གྱི་སྙན་ངག་པ་ལབྡྷ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན་ནོ། །

དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Jan ཚེས། 18 རེས་གཟའ། Mon

རྣམ་ཐར་དད་པའི་འཇུག་ངོགས།

དྲ་འཇུག་པ།

sjrb-0056མཛད་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་།
བརྗོད་བྱ།
རྗེ་ཙོང་ཁ་པའི་རྣམ་པར་ཐར་པ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0056
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.5MB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་ནི། ༡༣༨༥ ལོར་ལ་སྟོད་བྱང་གི་ས་ཆའི་ལྡོག་གཞུང་དུ་འཁྲུངས། བྱིས་པའི་དུས་ནས་ན་མཉམ་གཞན་དང་མི་འདྲ་བའི་མཁྱེན་རབ་ཀྱི་རྩལ་དང་མཛད་སྤྱོད་ཁྱད་པར་འཕགས་པ་ཞིག་བྱུང་། དགུང་ལོ་བདུན་གྱི་སྐབས་ཆོས་སྒོར་ཞུགས། མཚན་ལ་དགེ་ལེགས་དཔལ་བཟང་གསོལ། རྗེ་བཙུན་རེད་མདའ་བ་སོགས་ལས་གཞུང་ཆེན་ཁག་དང་གསང་སྔགས་ཀྱི་ཆོས་སྐོར་མང་པོ་གསན་ནས་སྦྱངས་པ་མཐར་ཕྱིན་པ་མཛད། ༡༤༠༠ ལོར་བོ་དོང་པཎ་ཆེན་དང་རྩོད་གླེང་མཛད། བོ་དོང་པཎ་ཆེན་རིན་པོ་ཆེས་མཁས་གྲུབ་རིན་པོ་ཆེའི་མཁྱེན་དཔྱོད་ལ་དགྱེས་ནས། མཁས་གྲུབ་རྗེ་ལ་ཆེད་དུ་བསྔགས་པའི་སྙན་ཚིག་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་མཛད་པ་དམ་པ་དེའི་གསུང་འབུམ་དུ་བཞུགས། དགུང་ལོ་ཉི་ཤུའི་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་གྱི་སྐབས་རྗེ་ཙོང་ཁ་པ་སེ་ར་ཆོས་སྡིངས་སུ་བཞུགས་པ་དང་མཇལ་ཞིང་། མདོ་སྔགས་ཀྱི་ཆོས་རྒྱུན་སྤྱི་དང་ཐུན་མོང་མ་ཡིན་པའི་གདམས་པ་ཡོངས་རྫོགས་ཆ་ཚང་བར་གནང་། དགུང་ལོ་ཞེ་བདུན་གྱི་སྐབས་དགའ་ལྡན་གྱི་ཁྲིར་ཕེབས། སློབ་མ་གྲགས་ཆེན་མང་དུ་བྱུང་། ༡༤༣༨ ལོར་སྐུ་གཤེགས། གདུང་རྟེན་རྗེ་ཙོང་ཁ་པའི་གདུང་རྟེན་གྱི་གཡོན་ཕྱོགས་སུ་བཞུགས། གསུང་རྩོམ་ལ། པོད་ཆེན་བཅུ་གསུམ་ཙམ་བཞུགས།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 24 རེས་གཟའ། Fri

ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ངོ་སྤྲོད།

དྲ་འཇུག་པ།

sjrb-0228མཛད་པ་པོ། སྐྱོབ་པ་འཇིག་རྟེན་མགོན་པོ།
བརྗོད་བྱ།
ཕྱག་རྒྱ་ཆེན་པོའི་ཆོས་སྐོར།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0228
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
632KB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སྐྱོབ་པ་འཇིག་རྟེན་མགོན་པོ་མཆོག་ནི། ཕྱི་ལོ་ ༡༡༤༣ ལོར་སྐུ་འཁྲུངས། ཡབ་ལས་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་དང་། ཁུ་བོ་དར་མ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ༡༡༦༧ ལོར་དབུས་ཀྱི་གདན་ས་ཕག་མོ་གྲུར་ཕེབས་ཏེ། འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་བླ་མར་བསྟེན། མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། དགུང་ལོ་སོ་ལྔ་པར་བསྙེན་པར་རྫོགས། ༡༡༧༩ ལོར་འབྲི་གུང་དུ་ཕེབས། གདན་ས་འབྲི་གུང་མཐིལ་བྱང་ཆུབ་གླིང་ཕྱག་བཏབ་ནས་འདུས་ཚོགས་ཤིན་ཏུ་རྒྱས་ཤིང་། སྒྲུབ་པ་ཉམས་བཞེས་མཛད་མཁན་ཁྲི་ཕྲག་མང་པོ་བྱུང་བར་བཤད། དེ་ནས་འབྲི་གུང་སྐྱོབ་པའི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་འབྲི་གུང་བཀའ་བརྒྱུད་པ་ཞེས་དང་། ཁོང་ལ་ཡང་འབྲི་གུང་སྐྱོབ་པ་ཞེས་གྲགས། སློབ་མ་མཆོག་ཏུ་གྱུར་པ་དབོན་བསོད་ནམས་གྲགས་པ་སོགས་མང་དུ་བྱུང་། ༡༢༡༧ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་བཅུ་ཙམ་བཞུགས།

ངོ་ཤོག 109 ནས་ 116