-
མདུན་ངོས།
- བློ་སྦྱོང་།
བློ་སྦྱོང་། (13)
ཆང་རག་སྤྱད་པའི་མཇུག་འབྲས་གླེང་བ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། བློ་གླིང་དགེ་བཤེས་ཚེ་རིང་ནོར་བུ།
བརྗོད་བྱ། ཆང་རག་གི་སྐྱོན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0512
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 34 ལྗིད་ཚད། 4.8MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་དགུ་པར་གསར་དུ་འགྲེམ་སྤེལ་བྱས།
ངོ་སྤྲོད་མདོར་བསྡུས།
བློ་གླིང་དགེ་བཤེས་ལྷ་རམས་པ་ཚེ་རིང་ནོར་བུ་ནི། ཕྱི་ལོ་༡༩༦༧ ལོར་མདོ་ཁམས་ཏྲེ་ཧོར་བྲག་མགོ་རུ་སྐྱེས། བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་ཆོས་སྒོར་ཞུགས་ཏེ། དགོན་པའི་ཆོས་སྤྱོད་བློ་འཛིན་དང་བསྡུས་གྲྭ་སོགས་སྦྱངས། ཕྱི་ལོ་༡༩༨༦ ལོར་འཕགས་ཡུལ་དུ་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་བྱས། ཕྱི་ལོ་༢༠༠༧ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག །ཕ་ཡུལ་ལ་ཕྱིན་ཏེ་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་སྤྱོད་འཇུག་ཆེན་མོ་དང་། ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན་སོགས་ཀྱི་བཤད་ལུང་ཕུལ། སླར་ཡང་འཕགས་ཡུལ་དུ་འབྱོར་ནས་ད་ལྟའི་བར་དུ་སློབ་མ་རྣམས་ལ་དཔེ་ཁྲིད་བྱས་དང་བྱེད་མུས་སུ་གནས། གསུང་རྩོམ་དེབ་འདིར། ཆང་རག་སྤྱད་པའི་མཇུག་འབྲས་ཞིབ་རྒྱས་སུ་གླེང་ཡོད།
དེབ་འདི་རྩོམ་པ་པོའི་རེ་སྐུལ་ལྟར་འདི་གའི་དྲ་ཚིགས་སུ་བཀོད་པ་ཡིན་ལ། སེར་བྱེས་རིག་མཛོད་འཕྲུལ་དེབ་ཀྱི་གྲས་སུ་བགྲང་བའི་ཆེད་དུ་ཤོག་ངོས་གཅིག་ཁ་སྣོན་བྱས་པ་ལས་གཞན་མ་ཕྱི་དང་སྒྲིག་བཀོད་རང་འཇགས་སུ་བཞག་ཡོད།
དེ་ལས་མང་བ།...
བློ་སྦྱོང་སྐོར་གྱི་མཆན་འགྲེལ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། སེར་བྱེས་དགེ་བཤེས་བློ་བཟང་གྲགས་པ།
བརྗོད་བྱ། བློ་སྦྱོང་།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0515
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 96 ལྗིད་ཚད། 854KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༦ ཟླ་དགུ་པར་གསར་དུ་འགྲེམ་སྤེལ་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་ནི། ཕྱི་ལོ་༡༩༦༩ལོར་མདོ་ཁམས་དཀར་མཛེས་སུ་སྐྱེས་ཤིང་། ཕྱི་ལོ་༡༩༧༦ལོ་ནས་དམའ་རིམ་སློབ་གྲྭར་འགྲིམ་ཞིང་རིམ་བཞིན་ཕྱི་ལོ་༡༩༨༤ལོར་དཀར་མཛེས་མི་རིགས་སློབ་འབྲིང་དུ་ཞུགས་ཏེ་ཕྱི་ལོ་༡༩༨༧ལོར་སློབ་མཐར་སོན། ཕྱི་ལོ་༡༩༨༨ལོར་དཀར་མཛེས་བཤད་སྒྲུབ་ནོར་བུ་གླིང་གི་ཆོས་སྒོར་ཞུགས་ནས་ལོ་ངོ་བཞི་ཙམ་མཚན་ཉིན་གྱི་གཞུང་ལ་སློབ་སྦྱོང་བྱས། ཕྱི་ལོ་༡༩༩༡ལོར་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་ཏེ་སེར་བྱེས་མཁས་སྙས་གྲྭ་ཚང་གི་ཆོས་སྒོར་ཞུགས། ཕྱི་ལོ་༢༠༠༤ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལ་ཞུགས། ཕྱི་ལོ་༢༠༠༩ལོར་སེར་བྱེས་གྲྭ་ཚང་དུ་སྔོན་འགྲོའི་གྲྭ་སྐོར་དམ་འཇོག་དང་། ཕྱི་ལོ་༢༠༡༠ལོའི་ལོ་འགོར་དགེ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་དགེ་བཤེས་ཀྱི་དམ་བཅའ་བཞག །ཕྱི་ལོ་ ༢༠༡༠ ལོར་གསང་སྡེ་སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ལོ་གཅིག་གི་རིང་སྔགས་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༡༡ ནས་བཟུང་ད་ལྟ་བར་རྫོང་དཀར་ཆོས་སྡེར་གྲྭ་ཚང་གི་གཞུང་ཆེན་དཔེ་ཁྲིད་དགེ་རྒན་བྱེད་མུས་ཡིན།
འཕྲུལ་དེབ་འདིར། ལམ་གཙོ་རྣམ་གསུམ་གྱི་མཆན་འགྲེལ་དང་། བློ་སྦྱོང་ཚིག་བརྒྱད་མའི་མཆན་འགྲེལ། བདེན་བཞིའི་ངོ་སྤྲོད། སྐྱབས་འགྲོའི་ངོ་སྤྲོད། མ་ཎི་འབྲུ་དྲུག་གི་འབྲུ་འགྲེལ། གཉེན་པོ་སྟོབས་བཞིའི་ངོ་སྤྲོད། གང་ཟག་གི་བདག་ལ་དཔྱད་པ་བཅས་ཉེར་མཁོའི་ཆོས་ཚན་ཐུང་ངུ་སྐོར་ཞིག་བཞུགས།
དེབ་འདི་རྩོམ་པ་པོའི་རེ་སྐུལ་ལྟར་འདི་གའི་དྲ་ཚིགས་སུ་བཀོད་པ་ཡིན་ལ། སེར་བྱེས་རིག་མཛོད་འཕྲུལ་དེབ་ཀྱི་གྲས་སུ་བགྲང་བའི་ཆེད་དུ་ཤོག་ངོས་གཅིག་ཁ་སྣོན་བྱས་ཡོད་པ་ལས་གཞན་མ་ཕྱི་དང་སྒྲིག་བཀོད་རང་འཇགས་སུ་བཞག་ཡོད།
སྤྱོད་འཇུག་ཆེན་མོ་དང་བློ་སྦྱོང་ཉི་མའི་འོད་ཟེར།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། རྒྱལ་སྲས་ཞི་བ་ལྷ་དང་ཧོར་སྟོན་ནམ་མཁའ་དཔལ།
བརྗོད་བྱ། བྱང་ཆུབ་སེམས་སྦྱོང་གི་གདམས་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0481
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 281 ལྗིད་ཚད། 1.8MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༥ ལོའི་ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་རུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཧོར་སྟོན་ནམ་མཁའ་དཔལ་གྱིས་མཛད་པའི་བློ་སྦྱོང་ཉི་མའི་འོད་ཟེར་གཉིས་ལྷན་དུ་བཞུགས་ལ། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༢༠༠༣ལོའི་དཔྱིད་ཆོས་སྐབས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱོད་འཇུག་ཆེན་མོ་དང་བློ་སྦྱོང་ཉི་མའི་འོད་ཟེར་སྦྲགས་ནས་བཤད་ལུང་གནང་སྐབས་སྒྲ་འཇུག་ཞུས་པའི་བཀའ་ཆོས་ཀྱི་དྲ་ཐག་དང་མཉམ་སྦྱར་བྱས་ཏེ་གྲུབ་པ་ཞིག་ཡིན་པས་དཔེ་ཆ་ཀློག་པ་དང་མཉམ་དུ་གསུང་ཆོས་ཀྱང་ཉན་བདེ་བ་བཟོས་ཡོད།
བློ་སྦྱོང་ཉི་མའི་འོད་ཟེར།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། ཧོར་སྟོན་ནམ་མཁའ་དཔལ།
བརྗོད་བྱ། བྱང་ཆུབ་སེམས་སྦྱོང་གི་གདམས་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0480
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 156 ལྗིད་ཚད། 1.3MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༥ ལོའི་ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་ནི། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཧོར་སྟོན་ནམ་མཁའ་དཔལ་གྱིས་མཛད་པའི་ཐེག་པ་ཆེན་པོའི་བློ་སྦྱོང་སྙན་བརྒྱུད་ཆེན་མོའི་རྣམ་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་ཡིན་ལ། གཞུང་འདིར་བྱང་ཆུབ་སེམས་སྦྱོང་གི་གདམས་པ་ཡིད་བཞིན་དབང་གི་རྒྱལ་པོ་ཉིད་གང་ལས་ཇི་ལྟར་བརྒྱུད་པའི་ཁུངས་དང་གདམས་པའི་ཆེ་བའི་ཁྱད་ཆོས་བརྗོད་པ་སྔོན་དུ་འགྲོ་བའི་སྒོ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཇི་ལྟར་རྒྱུད་ལ་བསྐྱེད་པའི་ཚུལ་གཞུང་ཉུང་དོན་འདུས་ཁ་གསལ་གོ་བདེའི་སྒོ་ནས་བསྟན་པར་མཛད་ཡོད་པ་དང་། གཞུང་འདིའི་གཤམ་དུ་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་བློ་སྦྱོང་འདིའི་བརྡ་དོན་བཀྲལ་བའི་གཞུང་ཉུང་ངུ་ཞིག་ཀྱང་ལྷན་སྦྱར་ཞུས་ཡོད།
བཀའ་གདམས་སྐྱེས་བུ་རྣམས་ཀྱི་གསུང་སྒྲོས་ཐོར་བུ་སོགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། བཀའ་གདམས་པའི་སྐྱེས་བུ་རྣམས།
བརྗོད་བྱ། བློ་སྦྱོང་བའི་ཐབས་སྣ་ཚོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0466
ཡིག་ཆའི་རྣམ་པ། PDF པར་གཞི། ལྷ་སའི་འཕྲུལ་པར་ལ་གཞི་བཅོལ།
ཤོག་གྲངས། 113 ལྗིད་ཚད། 983KB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༤ ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། བཀའ་གདམས་སྐྱེས་བུ་རྣམས་ཀྱི་གསུང་སྒྲོས་ཐོར་བུ། བཀའ་གདམས་དགེ་བཤེས་ཁ་རག་སྒོམ་ཆུང་གིས་མཛད་པའི་བློ་སྦྱོང་ཨང་ཡིག་བདུན་ཅུ་པ། བདག་ཉིད་ཆེན་པོ་སྐྱེས་མཆོག་པོ་ཏོ་བའི་ཆིག་ལབ་རིང་པོ་དང་། རྣམ་ཐིག་དང་གནས་ཐིག་བཅས། ཆོས་རྗེ་བྱང་ཆུབ་འོད་ཀྱི་ཞལ་གདམས། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ། བཀའ་གདམས་དགེ་བཤེས་གླང་ཐང་པའི་བློ་སྦྱོང་ཚིག་བརྒྱད་མ། བཀའ་གདམས་གླེགས་བམ་རིན་པོ་ཆེའི་རྩ་ཚིག་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་བཅས་བཞུགས་ཡོད།
ཀུན་བཟང་བླ་མའི་ཞལ་ལུང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྫ་དཔལ་སྤྲུལ།
བརྗོད་བྱ། ཀློང་ཆེན་སྙིང་ཏིག་གི་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0421
ཡིག་ཆའི་རྣམ་པ། PDF པར་རྩ། ཞོལ་ཤིང་པར།
ཤོག་གྲངས། 443 ལྗིད་ཚད། 2.7MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཡིན་ཞིང་། གཞུང་འདིའི་མཛད་པ་པོ་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཡིན་ལ། གཞུང་འདི་ནི། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནས། མཚན་སྔོན་འགྲོ་གསུངས་ཀྱང་དོན་ཉམས་ལེན་གྱི་སྔོན་དངོས་རྗེས་གསུམ་གྱི་གཞུང་ཤིང་། ནང་པ་སངས་རྒྱས་པའི་མདོ་སྔགས་ལམ་ཡོངས་རྫོགས་ཀྱི་ཉིང་ཁུ་མེད་དུ་མི་རུང་བའི་ཟབ་གནད་ཁྱད་འཕགས་སུ་གྲུབ་པ། ཞེས་བསྔགས་པ་མཛད་པ་ལྟར་ཉམས་ལེན་གྱི་ཟབ་གནད་མང་དུ་འདུས་ཤིང་། ཚིག་ཚོགས་ཉུང་ལ་གོ་བདེ་བ་སོགས་ཀྱི་ཁྱད་ཆོས་མང་དུ་མཆིས་པ་ལགས།
| PDF ཕབ་ལེན། ཁྲིད་ཡོད། 1 ྋགོང་ས་མཆོག 2 སངས་རྒྱས་མཉན་པ་རིན་པོ་ཆེ། |
|---|