དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Sep ཚེས། 13 རེས་གཟའ། Sun

དབུ་མ་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ།

དྲ་འཇུག་པ།
ཚད་གཞི།
(21 འོས་འཕེན།)

sjrb-0104མཛད་པ་པོ། སློབ་དཔོན་འཕགས་པ་ལྷ།
བརྗོད་བྱ།
ཟབ་མོ་སྟོང་པ་ཉིད།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0104
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
666KB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༣ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

སློབ་དཔོན་ཨཱརྱ་དེ་ཝའམ་སློབ་དཔོན་འཕགས་པ་ལྷ་ནི། སིངྒ་གླིང་གི་རྒྱལ་པོའི་སྐྱེད་མོས་ཚལ་དུ་པདྨ་ལས་བརྫུས་ཏེ་སྐྱེས་ཤིང༌། རྒྱལ་པོས་ཀྱང་སྲས་ཀྱི་དོད་དུ་བསྐྱངས། ཆེར་སྐྱེས་ནས་རྒྱལ་ཚབ་ཀྱི་ས་ལ་བཞག་ཀྱང་རབ་ཏུ་བྱུང་བ་ལ་ལྷག་པར་མོས་པར་གྱུར་ཏེ། མཁན་པོ་ཧེ་མ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་སྦྱངས། མགོན་པོ་ཀླུ་སྒྲུབ་ཀྱི་ཞབས་པད་བསྟེན་ཞིང་བཅུད་ལེན་ལ་སོགས་པའི་དངོས་གྲུབ་མང་པོ་ཐོབ། ཁྱད་པར་དུ་མདོ་སྔགས་ཀྱི་གཞུང་མཐའ་དག་ལ་དཔྱིས་ཕྱིན་པར་སྦྱངས་ཤིང་། མགོན་པོ་ཀླུ་སྒྲུབ་སྐུ་འདའ་ཁར་བསྟན་པ་གཏད། བྲམ་ཟེ་ཐུབ་དཀའ་ནག་པོ་རྩོད་པས་ཕམ་པར་བྱས་ཏེ་སློབ་མར་གྱུར་པ་སློབ་དཔོན་དཔའ་བོ་ཡིན། ནཱ་ལེནྡྲར་ཡུན་རིང་དུ་བཞུགས་ཤིང༌། སྐུ་ཚེ་སྨད་ལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ཡུལ་ཀཉྩི་དང་ཉེ་བའི་རཾ་ག་ནཱ་ཐ་ཞེས་བྱ་བར་སྒྲ་གཅན་འཛིན་བཟང་པོ་ལ་བསྟན་པ་གཏད་ནས་སྐུ་འདས། སློབ་མ་ལ། སློབ་དཔོན་དཔའ་བོ་སོགས་མང་ངོ་། །

ཕབ་ལེན།   PDF  ཕབ་ལེན།

ཤོག་ངོས་འདི་ལ་ཐེངས་ 6288 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2020 ལོའི་ཟླ་བ། Oct ཚེས། 04 རེས་གཟའ། Sun
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com