དྲ་ཐོག་འཇུག་དུས། 2015 ལོའི་ཟླ་བ། Feb ཚེས། 19 རེས་གཟའ། Thu

མིང་མཛོད།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

rndtm333301དེབ་ཨང་།  RNDTM333301
རིག་གནས། ༼སྒྲ་རིག་པ།༽
སྤྱིའི་ཨང་། ༡༤༣
ཁ་བྱང་། མིང་མཛོད།
ཕྱོགས་སྒྲིག་མཁན། རིག་མཛོད་རྩོམ་སྒྲིག་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ཚོད་ལྟ། བསྐྱར་ཞིབ་བྱས་མེད།
༢༠༡༥ ལོའི་ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

འཕྲུལ་དེབ་འདི་ནི་མིང་མཛོད་ཀྱི་ཚན་པར་དཀར་ཆག་གི་འབྲེལ་སྣེ་མཐུད་རྒྱུ་སོགས་ལ་འཕྲུལ་དེབ་ཅིག་མ་བྱུང་ཐབས་མེད་ཀྱིས། རྩོམ་སྒྲིག་པས་བོད་དབྱིན་རྒྱ་གསུམ་ཤན་སྦྱར་གྱི་མིང་སྣ་གང་མང་ཞིག་ཕྱོགས་བསྒྲིགས་བྱས་ཏེ་རྩོམ་སྒྲིག་བྱས་པ་ཡིན་ན། སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་ཤིང་། རྒྱུ་ཆ་འདི་ཉིད་གང་ལས་བྱུང་བའི་རྩོམ་སྒྲིག་པ་དང་། ཡིག་སྒྱུར་པ་སོགས་དང་། གཟིགས་མཁན་རྣམ་པར་སྙིང་ནས་བཟོད་གསོལ་ཞུས་པ་ཡིན་ལ། རྗེས་འཆར་མིང་མཛོད་སྐོར་གྱི་འཕྲུལ་དེབ་གང་མང་ཞིག་རྩོམ་སྒྲིག་བྱ་རྒྱུར་འབད་བརྩོན་བྱེད་ངེས་ཡིན།

ཕབ་ལེན།   PDF  ཕབ་ལེན།   EPUB  ཕབ་ལེན།

ཤོག་ངོས་འདི་ལ་ཐེངས་ 1330 གཟིགས་འདུག
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com