དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jul ཚེས། 20 རེས་གཟའ། Wed

རྒྱལ་སྲས་ལག་ལེན་སོ་བདུན་མ།

དྲ་འཇུག་པ།

sjrb-0241མཛད་པ་པོ། རྒྱལ་སྲས་ཐོགས་མེད་བཟང་པོ།
བརྗོད་བྱ།
རྒྱལ་སྲས་ཀྱི་སྤྱོད་པའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0241
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
347KB
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྒྱལ་སྲས་ཐོགས་མེད་བཟང་པོ་མཆོག་ནི། ཕྱི་ལོ་ ༡༢༩༥ ལོར་འཁྲུངས། དགུང་ལོ་བཅུ་བཞིའི་སྐབས་བསམ་གླིང་པ་དཔལ་འབར་ལས་རབ་ཏུ་བྱུང་། མཚན་ལ་བཟང་པོ་དཔལ་དུ་གསོལ། དགུང་ལོ་བཅོ་ལྔའི་སྐབས་སློབ་དཔོན་ཀུན་དགའ་རྒྱལ་མཚན་ལས་མངོན་པ་སོགས་ལ་ཐོས་བསམ་མཛད། འཇམ་དབྱངས་ཉི་མ་རྒྱལ་མཚན་གྱིས་མངོན་པའི་སྐོར་ལ་དྲི་བ་གནང་བར་ལན་ཐོགས་མེད་དུ་གནང་བས། ཐོགས་མེད་བཟང་པོ་དཔལ་ཞེས་གྲགས། དགུང་ལོ་ཉེར་གཅིག་ནས་གཞུང་ཆེན་འཆད་ཁྲིད་ཀྱི་དབུ་བཙུགས། དགུང་ལོ་སུམ་ཅུའི་སྐབས་མཁན་པོ་བྱང་སེམས་རིན་ཆེན་སོགས་ལས་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་ཀྱི་སྐབས་རྟ་རའི་གདན་ས་མཛད། སློབ་མའི་གཙོ་བོ་ལ་རེད་འདའ་བ་གཞོན་ནུ་བློ་གྲོས་སོགས་བྱུང་། ཕྱི་ལོ་༡༣༦༩ ལོར་སྐུ་གཤེགས། གསུང་རྩོམ་ལ། རྒྱལ་སྲས་ལག་ལེན་སོགས་ཆོས་ཚན་བརྒྱ་དང་བཅོ་ལྔ་བཞུགས།

PDF  འདི་ནས་ཕབ་ལེན་གནང་རོགས།  ཁྲིད་ཡོད།  | 1
དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 10 རེས་གཟའ། Mon

འཇིག་རྟེན་གྱི་མི་སྡེ་དང་ཀུན་ཁྱབ་སེམས་འཁུར།

དྲ་འཇུག་པ།

sjrb-0146མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ།
ཀུན་ཁྱབ་ཕན་པའི་སེམས་བསྐྱེད་སོགས།
བོད་ཡིག་ཏུ་སྒྱུར་པ་པོ།
ན་ག་སངས་རྒྱས་བསྟན་དར།
རིག་མཛོད་དེབ་ཨང་།
SJRB-0146
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
509KB
༢༠༡༦ ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༠ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདིར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། འཛམ་གླིང་གོ་ལ་ཧྲིལ་བོའི་མི་རྣམས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ལམ་ལས་མི་སྡེའི་ཁྱིམ་ཚང་གཅིག་ལྟ་བུར་འགྱུར་བཞིན་ཡོད་པ་དང་། དེ་དང་ཆབས་ཅིག་རང་བྱུང་ཐོན་ཁུངས་ཟད་གྲོན། གོ་ལའི་རླུང་ཁམས་ཀྱི་འགྱུར་བ། ཆུ་དང་མཁའ་རླུང་སོགས་ལ་གནོད་སྐྱོན་ཐེབས་པས་གོ་ལ་ཡོངས་ལ་གཅིག་གྱུར་གྱི་དཀའ་ངལ་འཕྲད་བཞིན་པར་བརྟེན། ནུས་པ་མཉམ་སྤུངས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱེད་ཆེད་ཀུན་ཁྱབ་ཕན་བདེའི་སེམས་བསྐྱེད་ཡར་རྒྱུས་སུ་གཏོང་རྒྱུ་གལ་ཆེ་བ་སོགས་ཀྱི་སྐོར་གསུངས་ཡོད།

ཕབ་ལེན།   PDF   ཕབ་ལེན།

དྲ་ཐོག་འཇུག་དུས། 2023 ལོའི་ཟླ་བ། Jan ཚེས། 28 རེས་གཟའ། Sat

སློབ་དཔོན་ཀ་མ་ལ་ཤཱི་ལའི་བསྒོམ་རིམ།

དྲ་འཇུག་པ།

sjrb-0108མཛད་པ་པོ། ཀ་མ་ལ་ཤཱི་ལ།
བརྗོད་བྱ།
བློ་སྦྱོང་བའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0108
ཡིག་ཆའི་རྣམ་པ།
PDF
ཤོག་གྲངས།
138 ལྗིད་ཚད། 999KB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༣ ཟླ་ ༡ ཚེས་ ༢༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

སློབ་དཔོན་ཀ་མ་ལ་ཤཱི་ལ་ནི། མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན་ཞིང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་རང་ལུགས་འཛིན་པའི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་སྐུ་གཤེགས་ཁའི་ཞལ་ཆེམས་ལྟར། བལ་ཡུལ་ནས་བསམ་ཡས་སུ་གདན་དྲངས། སློབ་དཔོན་གྱིས་ཧཱ་ཤང་མ་ཧཱ་ཡ་ན་དང་རྩོད་པ་མཛད་དེ་ཧཱ་ཤང་ཕམ་པར་བྱས་ཤིང་བོད་ནས་ཕར་བསྐྲད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསྐུལ་བ་ལྟར། བསྒོམ་རིམ་དང་པོ་དང་། བར་པ། ཐ་མ་བཅས་ཆེད་དུ་རྩོམ་པར་མཛད། སླར་ཡང་སྒོམ་རིམ་གསུམ་གྱི་དོན་འགྲེལ་དུ་དབུ་མ་སྣང་བ་བརྩམས། གཞན་ཁོང་གིས་མཛད་པའི་ཤེར་ཕྱིན་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ་སོགས་ཡོད། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གསལ་པོ་ཞིག་ལོ་རྒྱུས་རྣམས་སུ་མཐོང་མ་སོང་ལ། གཤེགས་རྐྱེན་ལའང་མི་མཐུན་པ་ཁ་ཤས་ཤིག་འབྱུང་བ་ནི་འདིར་མ་བཀོད་དོ། །

དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 05 རེས་གཟའ། Wed

དོལ་རྒྱལ་སྐོར་ལམ་སྟོན་བཀའ་སློབ་གསུམ་པ།

དྲ་འཇུག་པ།

sjrb-0130མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ།
བླང་དོར་ལམ་སྟོན་ཚན་པ་བཅུ་གསུམ་བཞུགས། (༢༠༡༠-༢༠༡༣)
ཕྱོགས་སྒྲིག་པ།
རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
ཡིག་འབེབས་པ།
རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས།
རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་།
SJRB-0130
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.1MB
༢༠༡༥ ཟླ་ ༥ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། སྤྱིར་སྐྱེ་འགྲོ་ཀུན་གྱི་བདེ་དགེ་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་ཁུངས་ཐུབ་པའི་བསྟན་པ་རིན་པོ་ཆེ་མི་ཉམས་ཡུན་གནས་ཡོང་བ་དང་། སྒོས་གངས་ལྗོངས་ཆོས་བརྒྱུད་རིས་མེད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཕན་ཚུན་མུས་གུས་དག་སྣང་དང་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་བ། སྤྱི་སྒེར་གང་ཟག་སོ་སོས་སྤང་བླང་འཇུག་ལྡོག་གི་འདམ་ག་མ་ནོར་བ་ཞིག་ཡོང་བ་བཅས་ཀྱི་ཆེད་དུ་རྒྱུ་མཚན་ཡང་དག་དང་ལྡན་པའི་ལམ་སྟོན་བཀའ་སློབ་དུས་ནས་དུས་སུ་མཛད་བཞིན་པ་ལས་གསུང་རྩོམ་འདིར་ལམ་སྟོན་བཀའ་སློབ་དེབ་དང་པོ་གཉིས་སུ་མ་ཚུད་པའི་བཀའ་སློབ་གཉིས་དང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༣ བར་གནང་བའི་ལམ་སྟོན་བཀའ་སློབ་ཚན་པ་ ༡༡ བཅས་ལྷན་དུ་བཞུགས།

ཕབ་ལེན།   PDF   ཕབ་ལེན།  

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jul ཚེས། 20 རེས་གཟའ། Wed

བློ་སྒོ་འབྱེད་པའི་ལྡེ་མིག

དྲ་འཇུག་པ།

sjrb-0300མཛད་པ་པོ། བླ་མ་ཐུབ་བསྟན་བཟོད་པ།
བརྗོད་བྱ།
བློ་སྦྱོང་སྐོར།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0300
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
996KB
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་ནི། ཕྱི་ལོ་༡༩༤༦ཤར་ཁུམ་བུའི་ཁུལ་དུ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྐབས་ལཱའུ་རྡོ་བླ་མ་ཞེས་པའི་ཡང་སྲིད་དུ་ངོས་འཛིན་གནང། སྦག་ས་ཆོས་སྒར་དུ་གཞུང་ཆེན་ཁག་ལ་ཐོས་བསམ་མཛད། ༡༩༦༧ ལོར་བླ་མ་ཐུབ་བསྟན་ཡེ་ཤེས་དང་ལྷན་དུ་བལ་ཡུལ་དུ་བྱོན་ཏེ་འོག་མིན་བྱང་ཆུབ་ཆོས་གླིང་སོགས་དགེ་འདུན་གྱི་སྡེ་མང་པོ་རིམ་གྱི་བཙུགས། ༡༩༧༤ལོར་བླ་མ་ཐུབ་བསྟན་ཡེ་ཤེས་དང་ལྷན་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐྱོད་དེ་ནང་པའི་ཆོས་ཚོགས་བརྒྱ་དང་གྱ་བཞི་ཙམ་བཙུགས་ཤིང་སྤྱི་ཚོགས་ལ་ཕན་བདེ་རྒྱ་ཆེར་སྒྲུབ་བཞིན་བཞུགས་པ་ལགས་སོ། །

དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 05 རེས་གཟའ། Wed

དོལ་རྒྱལ་སྐོར་ལམ་སྟོན་བཀའ་སློབ་གཉིས་པ།

དྲ་འཇུག་པ།

sjrb-0129མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ།
བླང་དོར་ལམ་སྟོན་ཚན་པ་སོ་གཅིག་བཞུགས། (༢༠༠༠-༢༠༡༠)
ཡིག་འབེབས་པ།
རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས།
རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་།
SJRB-0129
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.5MB
༢༠༡༥ ཟླ་ ༥ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། སྤྱིར་སྐྱེ་འགྲོ་ཀུན་གྱི་བདེ་དགེ་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་ཁུངས་ཐུབ་པའི་བསྟན་པ་རིན་པོ་ཆེ་མི་ཉམས་ཡུན་གནས་ཡོང་བ་དང་། སྒོས་གངས་ལྗོངས་ཆོས་བརྒྱུད་རིས་མེད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཕན་ཚུན་མུས་གུས་དག་སྣང་དང་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་བ། སྤྱི་སྒེར་གང་ཟག་སོ་སོས་སྤང་བླང་འཇུག་ལྡོག་གི་འདམ་ག་མ་ནོར་བ་ཞིག་ཡོང་བ་བཅས་ཀྱི་ཆེད་དུ་རྒྱུ་མཚན་ཡང་དག་དང་ལྡན་པའི་ལམ་སྟོན་བཀའ་སློབ་དུས་ནས་དུས་སུ་གནང་བཞིན་པ་ལས་གསུང་རྩོམ་འདིར་ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་གནང་བའི་ལམ་སྟོན་བཀའ་སློབ་ཚན་པ་ ༣༡ བཞུགས།

ཕབ་ལེན།   PDF   ཕབ་ལེན།   

དྲ་ཐོག་འཇུག་དུས། 2017 ལོའི་ཟླ་བ། Aug ཚེས། 21 རེས་གཟའ། Mon

ཁྲིད་གཞུང་། དབུ་མ་བཞི་བརྒྱ་པ།

དྲ་འཇུག་པ།

སྒྲ་ཨང་།  H-ADZU2030124
སྟོན་པ་འཇིག་རྟེན་དབང་ཕྱུག [གཞུང་ཆེན།] སྤྱིའི་ཨང་། ༣༩༠
རྣམ་པ།
MP3 རྣམ་གྲངས། 8 ཆེ་ཆུང་། 267.7 MB
ཁྲིད་གཞུང་།
དབུ་མ་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ།
མཛད་པ་པོ།
སློབ་དཔོན་འཕགས་པ་ལྷ།
འཁྲིད་མཁན།
སྟོན་པ་འཇིག་རྟེན་དབང་ཕྱུག
གནས་དུས།
༢༠༡༦.༡༠.༠༣-༠༦.རྡ་སའི་གཙུག་ལག་ཁང་།
སྒྲ་སྒྲིག་བཟོ་བ།
ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་ ༠༦།༡༧ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།

གདམས་པ་རིན་ཆེན་དང་པོ། ཉེ་འབྲེལ་ཞིག་དང་ཁ་རྩོད་ཤོར་བའི་གནས་སྟངས་ནང་ང་ཚོ་ལྷུང་བར་མཚོན་ན། འདི་ལ་གདོང་ལེན་ཇི་ལྟར་བྱེད་མིན་ང་ཚོའི་ཀུན་སློང་ལ་གཙོ་བོ་རག་ལས་ཡོད། ཐ་ན་ཕ་རོལ་པོ་ལ་དུང་སེམས་ཆེན་པོ་ཞིག་བཅངས་ཡོད་ཀྱང༌། ང་ཚོའི་བློ་ཅི་ཙམ་མ་ཞི་བ་དེ་ཙམ་གྱིས་ང་ཚོས་ཕར་ལ་ཁ་རྡུང་གཏོང་བར་མ་ཟད། ཕྱིས་སུ་འགྱོད་པ་སྐྱེ་དགོས་པའི་བྱ་བའང་བྱེད་སྲིད། ད་དུང་གོམ་པ་སྤོ་བཞིན་མི་ཞིག་ལ་གདོང་ཐུག་བྱས་པ་དང༌། མི་དེས་རང་ལ་སྐད་ལོག་བརྒྱབ་པའི་གནས་སྟངས་ལྟ་བུར་མཚོན་ན། ང་ཚོའི་ཡིད་ཞི་ཞིང་བློ་ལ་སྙིང་རྗེ་ལྡན་པ་དང་ཀུན་སློང་གཙང་མ་ཞིག་ཡོད་ཚེ། ང་ཚོས་མི་དེར་ཕར་རྒོལ་བྱེད་ཀྱི་མ་རེད་མོད། མི་དགེ་བའི་མྱོང་ཚོར་གྱི་ཤུགས་རྐྱེན་འོག་ཏུ་ཡོད་ན། ང་ཚོས་ཕར་རྒོལ་བྱེད་ངེས་རེད། ང་ཚོའི་བྱ་སྤྱོད་ཀྱི་ཀུན་སློང་དགེ་བ་ཡིན་སྐབས། བྱ་སྤྱོད་དེས་གཞན་གྱི་བདེ་བར་རང་ཤུགས་ཀྱིས་ཕན་ཐོགས་པ་དང༌། འདི་ལྟར་ང་ཚོའི་བྱ་སྤྱོད་དེ་ནི་རང་བཞིན་གྱིས་བཟང་སྤྱོད་ཅིག་ཡིན། ད་དུང་ང་ཚོ་སྤྱོད་པ་འདིའི་རིགས་ལ་གོམས་འདྲིས་ཆེ་ན། ཕྱིའི་དཀྲོག་རྐྱེན་བྱུང་ཡང་ང་ཚོའི་བློ་ནི་དེའི་དབང་ཤུགས་ཀྱི་འོག་ཏུ་འཚུད་མི་དགོས་ཏེ། ཐ་ན་ང་ཚོ་ཁོང་ཁྲོ་ལངས་ནས་ཁ་རྡུང་བྱས་ཀྱང༌། སྡང་སེམས་དང་འཁོན་སེམས་སོགས་རང་གི་སེམས་གཏིང་དུ་མེད། ཆོས་དང་བླང་དོར་གྱི་དགོས་དམིགས་ནི། མི་སྒེར་སོ་སོའི་ཀུན་སློང་སྦྱངས་ནས་གཙང་མར་བསྒྱུར་རྒྱུ་འདི་ཡིན་ཞིང༌། འདི་ལྟར་ང་ཚོ་ནི་མི་ཇེ་བཟང་ཞིག་ཏུ་འགྱུར་ཆོག
དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Aug ཚེས། 05 རེས་གཟའ། Wed

དོལ་རྒྱལ་སྐོར་ལམ་སྟོན་བཀའ་སློབ་དང་པོ།

དྲ་འཇུག་པ།

sjrb-0128མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ།
བླང་དོར་ལམ་སྟོན་ཚན་པ་ཉེར་གཅིག་བཞུགས། (༡༩༧༨-༡༩༩༨)
ཡིག་འབེབས་པ།
རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས།
རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་།
SJRB-0128
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.4MB
༢༠༡༥ ཟླ་ ༤ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། སྤྱིར་སྐྱེ་འགྲོ་ཀུན་གྱི་བདེ་དགེ་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་ཁུངས་ཐུབ་པའི་བསྟན་པ་རིན་པོ་ཆེ་མི་ཉམས་ཡུན་གནས་ཡོང་བ་དང་། སྒོས་གངས་ལྗོངས་ཆོས་བརྒྱུད་རིས་མེད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཕན་ཚུན་མུས་གུས་དག་སྣང་དང་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་བ། སྤྱི་སྒེར་གང་ཟག་སོ་སོས་སྤང་བླང་འཇུག་ལྡོག་གི་འདམ་ག་མ་ནོར་བ་ཞིག་ཡོང་བ་བཅས་ཀྱི་ཆེད་དུ་རྒྱུ་མཚན་ཡང་དག་དང་ལྡན་པའི་ལམ་སྟོན་བཀའ་སློབ་དུས་ནས་དུས་སུ་གནང་བཞིན་པ་ལས་གསུང་རྩོམ་འདིར་ཕྱི་ལོ་ ༡༩༧༨ ནས་ ༡༩༩༨ བར་གནང་བའི་ལམ་སྟོན་བཀའ་སློབ་ཚན་པ་ ༢༠ དང་། དབྱིན་ཡུལ་དུ་གནང་ཞིང་ཟླ་དུས་ཚེས་གྲངས་མ་ངེས་པའི་བཀའ་སློབ་གཅིག་བཅས་ལམ་སྟོན་བཀའ་སློབ་ཚན་པ་ ༢༡ བཞུགས།

ཕབ་ལེན།   PDF   ཕབ་ལེན།  

དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Mar ཚེས། 27 རེས་གཟའ། Tue

མཁན་རིན་པོ་ཆེས་ལམ་རིམ་གྱི་ཁྲིད་གནང་།

དྲ་འཇུག་པ།

སེར་བྱེས་གྲྭ་ཚང་གི་ཆོས་རར་༧སྐྱབས་རྗེ་མཁན་རིན་པོ་ཆེས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་གནང་སོང་།
 སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རར་ཆོས་ཐོག་གི་སྐབས་རྣམས་སུ་རྗེའི་བྱང་ཆུབ་ལམ་རིམ་ཆེན་མོའི་འཆད་ཉན་གནང་སྲོལ་ཡོད་པ་ལྟར། ལོ་གཅིག་གི་ཆོས་ཐོག་གི་དང་པོ་དཔྱིད་ཆོས་ཆེན་མོར་གྲགས་པ་དེའི་ཉིན་གཉིས་ཀྱི་རིང་སྟེ། ཕྱི་ལོ་༢༠༡༨ ཟླ་བ་༣ ཚེས་༢༤ ཉིན་སྔ་དྲོའི་ཆོས་རའི་སྐབས་དང་བསྟུན། མཁན་པོ་གོང་མ་དག་གི་ཕྱག་སྲོལ་དེ་ཉིད་རྒྱུད་འཛིན་གནང་སྟེ། ༧སྐྱབས་རྗེ་མཁན་རིན་པོ་ཆེ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་གིས་འདི་ག་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་༧རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་གནང་སོང་།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༨།༠༣།༢༧ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Jan ཚེས། 20 རེས་གཟའ། Wed

ལམ་གཙོ་རྣམ་གསུམ།

དྲ་འཇུག་པ།

sjrb-0346མཛད་པ་པོ། རྗེ་བློ་བཟང་གྲགས་པ།
བརྗོད་བྱ།
ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0346
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
566KB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༢༠ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། རི་བོ་དགེ་ལྡན་པའི་ཆོས་བརྒྱུད་སྲོལ་གཏོད་མཁན་དང་། དགའ་ལྡན་ཁྲི་རབས་དང་པོ་ཡིན། དགུང་ལོ་གསུམ་པར་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་དང་། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ། རྗེ་བཙུན་རེད་མདའ་བ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་ལེགས་པར་སྦྱངས། དགུང་ལོ་ཉེར་བཞིའི་སྐབས་བསྙེན་པར་རྫོགས། དགུང་ལོ་སོ་དྲུག་གི་སྐབས་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་སྒྲུབ་པ་གཙོ་བོར་མཛད། དགུང་ལོ་སོ་བདུན་པར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཅིག་གི་སྐབས་རྒྱ་ནག་གི་རྒྱལ་པོས་ཕྱག་རྟེན་བཅས་ལན་གསུམ་དུ་རྒྱ་ནག་ཏུ་གདན་འདྲེན་ཞུས་ཀྱང་མ་ཕེབས། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་གསུམ་གྱི་སྐབས་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུའི་སྐབས། དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། སློབ་མ་གྲགས་ཆེ་བ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མང་དུ་བྱུང་། ༡༤༡༩ ལོར་སྐུ་གཤེགས། གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་སོགས་པོ་ཏི་བཅུ་དགུ་བཞུགས།

PDF       འདི་ནས་ཕབ་ལེན་གནང་རོགས།  ཁྲིད་ཡོད།   | 1 | 2 | 3 |

 AUDIO ཁྲིད་ཡོད། 1 | 2 | 3 | 4 | 5

ངོ་ཤོག 97 ནས་ 118