རྗེ་ཙོང་ཁ་པའི་གསུང་འབུམ། [ཆ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། རྣམ་གཞག་རིམ་པའི་རྣམ་བཤད་སོགས།
རིག་མཛོད་དེབ་ཨང་། SJRB-0031
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.9MB
༢༠༡༧ ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ཆ་པ་འདིའི་ནང་དུ། ༡ རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་བ་འདུས་པའི་གནད་ཀྱི་དོན་གསལ་བ་ཞེས་བྱ། ༢ བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས། ༣ རྡོ་རྗེ་བཟླས་པའི་རིམ་པའི་ཟིན་བྲིས། ༤ དགོངས་པ་བླ་ན་མེད་པའི་རིམ་པའི་ཟིན་བྲིས། ༥ མན་ངག་གི་མཐར་ཐུག་བདག་བྱིན་རླབས། ༦ མན་ངག་གི་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པའི་བཤད་པ། ༧ རིམ་ལྔ་བསྡུས་པའི་ཟིན་བྲིས། ༨ རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ལས་རྣལ་འབྱོར་བཞི་རིམ། ༩ རྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ། ༡༠ འདུས་པའི་དཀའ་གནད་ཀྱི་ཟིན་བྲིས། ༡༡ རྒྱལ་བས་བྱིན་དང་ཤཱནྟི་པའི་གསང་འདུས་ཀྱི་འགྲེལ་པ་དང་འདུལ་བ་བྱིན་གྱི་སྒྱུ་འཕྲུལ་དཀྱིལ་ཆོག་གི་ཟིན་བྲིས། ༡༢ ཁྲོ་བཅུའི་ཟིན་བྲིས། ༡༣ ལྷག་པ་ཡི་ནི་ལྷ་གཅིག་ཉིད་ཅེས་པའི་དོན་བཤད་པ། ༡༤ དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་ལྷན་ཐབས་བཅས་ཆོས་ཚན་བཅུ་བཞི་ལྷན་དུ་བཞུགས།
| PDF ཕབ་ལེན། |
|---|
ཁྲིད་གཞུང་། བསླབ་བཏུས་དང་སྤྱོད་འཇུག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADZZ203039
སྟོན་པ་འཇིག་རྟེན་དབང་ཕྱུག [གཞུང་ཆེན།] སྤྱིའི་ཨང་། ༡༠༠
རྣམ་པ། MP3 རྣམ་གྲངས། 12 ཆེ་ཆུང་། 112.2 MB
ཁྲིད་གཞུང་། བསླབ་བཏུས་དང་སྤྱོད་འཇུག
མཛད་པ་པོ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
ཁྲིད་ཚན། བཤད་ལུང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༧ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། རང་གི་ཕྲུ་གུ་ལ་དུངས་པའི་བྱམས་སྐྱོང་ནི། དུད་འགྲོའི་རིགས་མང་པོར་ཐུན་མོང་དུ་ཡོད་པར་སྣང་བ་དང༌། འདི་ནི་གནད་འགག་ཅིག་ཡིན་ཏེ། ཕྲུ་གུ་ལ་རང་གི་གསོན་གནས་ཀྱི་ཆ་ནས་བྱམས་སྐྱོང་དགོས་པར་མ་ཟད། ཨ་མའི་ཕྱོགས་ནའང་བརྩེ་བའི་བྱམས་སྐྱོང་དེ་མཁོ་སྤྲོད་བྱེད་ཐུབ་པའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡོད། མ་བུའི་བར་གྱི་བརྩེ་བ་འདི་ནི་ཆེས་ཟབ་པས། ཕལ་ཆེར་འབྱུང་བཞིའི་གྲུབ་ཆ་ལས་བྱུང་བའི་རྩོལ་ནུས་ཀྱི་ངོས་ནས་བརྩེ་བ་དེ་འབྱུང་གི་ཡོད་པར་སྙམ་སྲིད་ཀྱི་རེད། འདི་ལྟར་ཕན་ཚུན་ལ་བཅངས་པའི་བརྩེ་བ་འདི་ནི། གསོན་གནས་ཀྱི་རྩོལ་ནུས་ཤིག་ལས་ཅི་ཡང་མིན་པའི་རྩོད་གླེང་ཡང་བྱེད་ཆོག་པ་དང༌། གཅིག་བྱས་ན་དེ་ལྟར་ཡིན་སྲིད་ཀྱང༌། འདི་ནི་བརྩེ་བ་དེ་གྲུབ་མེད་པའི་དགག་བཞག་ཅིག་མིན་པར་མ་ཟད། འདིས་ཕྲུ་གུར་བྱམས་སྐྱོང་དགོས་ཤིང༌། ཨ་མར་བྱམས་བརྩེ་མཁོ་འདོན་གྱི་ནུས་པ་ཡོད་སྟབས། ང་ཚོ་འགྲོ་བ་མིའི་རང་བཞིན་བྱམས་བརྩེ་ཅན་ཡིན་པའི་ངོས་ཀྱི་ཡིད་ཆེས་ལ་གནོད་པའང་བྱེད་ཀྱི་མེད། |
རྗེ་ཙོང་ཁ་པའི་གསུང་འབུམ། [ཅ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། འགྲེལ་པ་སྒྲོན་གསལ་གྱི་ས་བཅད་སོགས།
རིག་མཛོད་དེབ་ཨང་། SJRB-0030
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.5MB
༢༠༡༧ ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ཅ་པ་འདིའི་ནང་དུ། ༡ རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན། ༢ རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་དཀའ་བའི་གནད་ཀྱི་མཐའ་གཅོད་རིན་ཆེན་མྱུ་གུ། ༣ འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་ཀྱི་རྒྱ་ཆེར་བཤད་པ་སྲོག་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བ། ༤ དཔལ་གསང་བ་འདུས་པའི་བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊཱིཀྐ། ༥ དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ། ༦ གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་རྗེའི་གསུང་བགྲོས་གཞན་དུ་མི་གསལ་བ་རྣམས་འབའ་སེར་བཀའ་བཅུ་པས་བརྗེད་ཐོར་བཀོད་པ། ༧ གསང་བ་འདུས་པའི་དཀའ་གནད་ཟིན་བྲིས་དྲུང་འཁོར་ཉི་ཤུ་རྩ་ལྔ་ལ་གསང་བ་འདུས་པའི་རིམ་ལྔའི་ཁྲིད་གནང་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཟིན་སུ་མཛད་པ་བཅས་ཆོས་ཚན་གྲངས་བདུན་ལྷན་དུ་བཞུགས།
| PDF ཕབ་ལེན། |
|---|
ཁྲིད་གཞུང་། ཤེས་རབ་སྙིང་པོ།[ག] བོད་དབྱིན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADZZ203046
སྟོན་པ་འཇིག་རྟེན་དབང་ཕྱུག [གཞུང་ཆེན།] སྤྱིའི་ཨང་། ༡༠༧
རྣམ་པ། MP3 རྣམ་གྲངས། 8 ཆེ་ཆུང་། 208.4 MB
ཁྲིད་གཞུང་། ཤེས་རབ་སྙིང་པོ།
མཛད་པ་པོ། སྟོན་པ་ཤཱཀྱ་ཐུབ་པ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྐད་རིགས། བོད། དབྱིན། Tb/En
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༠༡།༠༧ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། རང་གི་འཚོ་བ་ཧྲིལ་པོ་ལ་ཡིད་མ་ཚིམ་པ་དང༌། ཡང་ན་སྡུག་བསྔལ་གྱིས་རང་ཉིད་ཡོངས་སུ་ཟིལ་གྱིས་གནོན་པའི་སྐབས་སུ་ང་ཚོས་ཅི་ཞིག་བྱེད་དགོས་སམ། འདི་ལྟ་བུའི་ཚོར་བ་ནི་ཡང་ནས་ཡང་དུ་ང་ཚོའི་འཚོ་བའི་ནང་དུ་ཚད་གཞི་འདྲ་མིན་ལ་འབྱུང་གི་ཡོད། ཚོར་བ་དེ་སྐྱེ་སྐབས་ང་ཚོས་གང་ཐུབ་ཀྱིས་རང་གི་བློ་ཡར་འདེགས་བྱེད་ཅིག་བཙལ་དགོས་པ་གལ་ཆེ་ཞིང༌། ང་ཚོས་རང་གི་འཚོ་བའི་ནང་དུ་ཡོད་པའི་ལེགས་པའི་ཆ་རྣམས་དྲན་དགོས་ཏེ། དཔེར་ན། ང་ཚོར་མི་ཞིག་གིས་བརྩེ་སེམས་བཅངས་ཡོད་པ་དང༌། ང་ཚོར་འཇོན་ཐང་ཁག་ཅིག་ལྡན་པ། སློབ་སྦྱོང་ཡག་པོ་ཐོབ་ཡོད་པ། འཚོ་བའི་རྩ་བའི་དགོས་མཁོ་ལྟོ་གོས་གནས་མལ་ཚང་ཡོད་པ། ད་དུང་འདས་པའི་ནང་དུ་སོ་སོས་བྱ་བ་བཟང་པོ་ག་གེ་མོ་ཞིག་བྱས་ཡོད་སྲིད་པ་སོགས་ཡིན། དངུལ་ཁང་དོ་དམ་པ་ཞིག་གིས་སྒོར་མོ་ཕྱི་ལ་གཡར་བའི་གྲངས་འབོར་ཆུང་ངུ་ཞིག་ལའང་སྐྱེད་ཀ་ལེན་པ་ཇི་བཞིན། ང་ཚོས་སོ་སོའི་འཚོ་བའི་ནང་གི་ལེགས་པའི་ཆ་ཕྲ་མོ་ཞིག་ཡིན་རུང་རང་གི་བསམ་གཞིག་གི་ནང་དུ་བསྡུ་དགོས་ཤིང༌། ང་ཚོས་འདི་ལྟར་རང་གི་བློ་ཡར་འདེགས་བྱེད་ཅིག་མ་བཙལ་ན། རེ་བ་ཟད་པའི་ཚོར་ཤུགས་དེ་ཇེ་ཆེར་འགྲོ་བའི་ཉེན་ཁ་ཚབས་ཆེན་ཞིག་ཡོད་པ་དང༌། ཚོར་ཤུགས་དེར་བརྟེན་ནས་རང་གིས་བྱ་བ་ལེགས་པོ་ཅི་ཡང་སྒྲུབ་མི་ཐུབ་པའི་འདུ་ཤེས་ཤིག་འབྱུང་ཞིང༌། མཚམས་འདིར་སླེབས་དུས་རང་སྲོག་གཅོད་པ་ནི་གདམ་ཀ་ཁོ་ན་དེ་ཡིན་པར་སྣང་གི་རེད། སྐྱོ་ཞུམ་དང་རེ་བ་ཟད་པའི་གནས་སྟངས་ཕལ་ཆེ་བའི་ནང༌། གང་ཟག་རང་གི་སེམས་པའི་འཛིན་སྟངས་ཀྱི་ཆ་ནས་ཚོར་བ་དེའི་རིགས་ཡོང་གི་ཡོད་པ་ལས། སོ་སོའི་ཡུལ་གྱི་གནས་སྟངས་དངོས་ནི་སྡུག་བསྔལ་དེ་འབྱུང་སའི་གཞི་ཞིག་མིན། གཞན་གྱི་མཉམ་འབྲེལ་ལ་མ་བརྟེན་པར་སོ་སོའི་སེམས་ཀྱི་དཀའ་སྡུག་དེ་སེལ་མི་ཐུབ་པ་ཞིག་ཡིན་ན། གཞན་ལ་རེ་བ་ཞུ་བའི་གནད་དོན་ཞིག་རེད། |
རྗེ་ཙོང་ཁ་པའི་གསུང་འབུམ། [ག]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། སྔགས་རིམ་ཆེན་མོ།
རིག་མཛོད་དེབ་ཨང་། SJRB-0028
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.9MB
༢༠༡༧ ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ག་པ་འདིའི་ནང་དུ། མཚན་ཡོངས་གྲགས་སུ་སྔགས་རིམ་ཆེན་མོར་གྲགས་པ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བ་གཞུང་ཆ་ཚང་བ་གླེགས་བམ་གཅིག་ཏུ་བཞུགས།
| PDF ཕབ་ལེན། |
|---|
ཁྲིད་གཞུང་། དགའ་ལྡན་ལྷ་བརྒྱ་མ། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADZZ203060
སྟོན་པ་འཇིག་རྟེན་དབང་ཕྱུག [གཞུང་ཆེན།] སྤྱིའི་ཨང་། ༡༢༡
རྣམ་པ། MP3 རྣམ་གྲངས། 7 ཆེ་ཆུང་། 129 MB
ཁྲིད་གཞུང་། དགའ་ལྡན་ལྷ་བརྒྱ་མ།
མཛད་པ་པོ། འདུལ་ནག་པ་དཔལ་ལྡན་བཟང་པོ།[༡༤༠༢-༡༤༧༣]
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། བདེ་བའི་འཚོལ་སྙེག་ནི་གསོན་གནས་དང༌། ལུས་ཕུང་གི་བཀྲེས་སྐོམ་བསལ་བ་ཙམ་ལས་མ་འདས་པའི་དུད་འགྲོ་དང་མ་འདྲ་བར། ང་ཚོ་འགྲོ་བ་མི་ལ་གནས་རིམ་ཟབ་མོ་ཞིག་ནས་བདེ་བ་མྱོང་བའི་ནུས་པ་ཡོད་ལ། དེ་ལྟ་བུའི་བདེ་བ་ཞིག་རྙེད་ན། བདེ་བ་དེར་མི་འདོད་པའི་མྱོང་བ་གཞན་ཟིལ་གྱིས་གནོན་པའི་ནུས་པའང་ལྡན་ཞིང༌། གཡུལ་འགྱེད་ལ་ཞུགས་པའི་དམག་མི་ཞིག་ལ་མཚོན་ན། རང་ཉིད་རྨས་ཡོད་རུང་རང་ཕྱོགས་རྒྱལ་ཡོད་ཚེ། རྒྱལ་ཁ་དེར་བརྟེན་ནས་བྱུང་བའི་ཡིད་ཚིམ་གྱི་བདེ་བས་གཡུལ་འགྱེད་ཤོར་བའི་ཕྱོགས་སུ་གཏོགས་ཤིང༌། རྨས་གཅིག་མཚུངས་ཤིག་ཕོག་ཡོད་པའི་དམག་མི་ཞིག་གི་ན་ཟུག་ལས་ལྡབ་མང་པོར་རང་གི་ན་ཟུག་ཉུང་དུ་གཏོང་ཐུབ། གནས་རིམ་ཟབ་མོ་ཞིག་ནས་བདེ་བ་མྱོང་ཐུབ་པའི་འགྲོ་བ་མིའི་ནུས་པ་འདི་ནི། ད་དུང་རོལ་དབྱངས་དང་སྒྱུ་རྩལ་སོགས་ཀྱིས་ཕྱི་དངོས་པོའི་ལོངས་སྤྱོད་ཀྱི་བདེ་བ་ལས་ལྷག་པའི་ཚད་མཐོའི་བདེ་ཚོར་ཞིག་ང་ཚོར་སྤྲོད་ཐུབ་པའི་རྒྱུ་མཚན་ཡང་ཡིན། |
ཁྲིད་གཞུང་། བླ་མ་མཆོད་པའི་ཆོ་ག [ག]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADLO203065
སྟོན་པ་འཇིག་རྟེན་དབང་ཕྱུག [གཞུང་ཆེན།] སྤྱིའི་ཨང་། ༡༢༦
རྣམ་པ། MP3 རྣམ་གྲངས། 50 ཆེ་ཆུང་། 650 MB
ཁྲིད་གཞུང་། བླ་མ་མཆོད་པའི་ཆོ་ག
མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་རྒྱན། [༡༥༧༠-༡༦༦༢]
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས་དུས། ༢༠༠༧.༡༢.༠༢ བཞུགས་སྒར་རྡ་ས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༣༡ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། བྱམས་སེམས་ལ་རྗེས་སུ་ཡི་རང་བ་ནི། འགྲོ་བ་མིའི་འཛུམ་མདངས་ཤིག་ལ་བྱིན་པའི་སོ་སོའི་ཡ་ལན་གྱི་ནང་དུ་གསལ་པོ་ཡིན་ཞིང༌། ངོས་རང་ལ་མཚོན་ན། འཛུམ་ཐུབ་པའི་ནུས་པ་འདི་ནི་ང་ཚོ་འགྲོ་བ་མིའི་ཁྱད་ཆོས་ཆེས་ཡིད་དུ་འོང་བ་ཞིག་ཡིན་ལ། དུད་འགྲོ་གང་གིས་ཀྱང་འཛུམ་སྟོན་མི་ཐུབ། ཁྱི་དང༌། ཐ་ན་འགྲོ་བ་མིའི་རིགས་ལ་དུངས་ཞེན་ཆེ་ཞིང་རིག་སྟོབས་ཀྱི་ཚད་གཞི་མཐོ་བའི་ཉ་བོ་ཆེ་དང༌། མཚོ་ཕག་གིས་ཀྱང་ང་ཚོའི་འཛུམ་མདངས་དེ་སྟོན་ཐུབ་ཀྱི་མེད། ངོས་རང་སྒེར་ལ་མཚོན་ན། མི་ཞིག་ལ་འཛུམ་སྟོན་སྐབས། མི་དེས་ཚུར་འཛུམ་བསྟན་ནས་ཡ་ལན་ཞིག་མ་སྤྲད་ཚེ། ཅི་ཡིན་ནམ་སྙམ་པའི་ཚོར་བ་ཞིག་ངོས་ལ་རྟག་ཏུ་འབྱུང་གི་ཡོད། དེ་ལས་ལྡོག་སྟེ། ཕར་འཛུམ་བསྟན་པའི་ཡ་ལན་དུ་ཚུར་འཛུམ་བསྟན་ན་ངོས་ཀྱི་སེམས་སྤྲོ་བ་དང༌། ཐ་ན་ངོས་ལ་འབྲེལ་བ་ཅི་ཡང་མེད་པའི་མི་ཞིག་གིས་རང་ལ་འཛུམ་བསྟན་ནའང༌། ངོས་རང་ལ་སེམས་འགུལ་ཐེབས་ཀྱི་ཡོད། རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ་ཞེ་ན། འཛུམ་མདངས་ངོ་མ་ཞིག་གིས་བྱམས་སེམས་ལ་ཡི་རང་བའི་འགྲོ་བ་མིའི་རང་བཞིན་གཤའ་མ་ཞིག་ཡར་སློང་གི་ཡོད་པས་རེད། |
འཇིགས་བྱེད་དཔའ་གཅིག་གི་སྒྲུབ་ཐབས་སོགས་ཕྱོགས་བཏུས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
ཕྱོགས་སྒྲིག་པ། རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0338
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.6MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ལོའི་ཟླ་དགུ་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར་དད་ལྡན་དོན་གཉེར་ཅན་དག་གི་ཞལ་འདོན་སོགས་ཀྱི་ཆེད་དུ། འདི་ག་རྩོམ་སྒྲིག་པས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཕྱག་ལེན་མི་འདྲ་བ་ཁ་ཤས་དང་རྩ་རྒྱུད་རྒྱུད་རྟོག་བདུན་པ། བདག་འཇུག་བསྙེན་ཡིག་དང་སྦྱིན་སྲེག་སྦྱང་ཆོག་སོགས་ཕྱོགས་བསྒྲིགས་ཀྱིས་རྩོམ་སྒྲིག་བྱས་ཡོད།
| PDF ཕབ་ལེན། |
|---|
ཁྲིད་གཞུང་། བཤེས་སྤྲིངས། [ཀ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADZZ203066
སྟོན་པ་འཇིག་རྟེན་དབང་ཕྱུག [གཞུང་ཆེན།] སྤྱིའི་ཨང་། ༡༢༧
རྣམ་པ། MP3 རྣམ་གྲངས། 25 ཆེ་ཆུང་། 251.1 MB
ཁྲིད་གཞུང་། བཤེས་པའི་སྤྲིངས་ཡིག
མཛད་པ་པོ། མགོན་པོ་ཀླུ་སྒྲུབ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས་དུས། ༢༠༠༧.༡༢.༠༢ བཞུགས་སྒར་རྡ་ས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༢༩ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། བཟའ་ཟླ་གཅིག་གིས་སོ་སོའི་དུས་ཚོད་ཚང་མ་རང་ཉིད་གཅིག་པུའི་ཁེ་ཕན་ཆེད་བེད་སྤྱད་ཚེ། བཟའ་ཟླ་གཞན་དེས་སྡུག་བསྔལ་མྱོང་བ་གསལ་པོ་ཡིན་ཞིང༌། འདི་ལྟར་འབྱུང་སྐབས་བཟའ་ཟླ་གཉིས་ཀའི་གཉེན་སྒྲིག་དེའང་རྒྱུན་འཁྱོངས་བྱེད་པར་ཁག་ནས་ཁག་ཏུ་འགྲོ་བ་དང༌། དེ་མཚུངས་ང་ཚོས་མཚམས་རེར་མཐོང་གི་མེད་པ་ནི། ཕ་མ་ཚོས་ཀྱང་ཕན་ཚུན་གཅིག་པུ་བསམས་ནས་ཕྲུ་གུར་འགན་མ་ཁུར་བར་སྣང་ཆུང་བྱས་ན། མཇུག་འབྲས་མི་ལེགས་པ་འབྱུང་ངེས་པ་འདི་ཡིན། ང་ཚོས་གཞན་གྱི་བདེ་སྡུག་ལ་བསམ་གཞིག་མ་བྱས་པར། སོ་སོའི་འཕྲལ་གྱི་རྔམ་སྲེད་ཁོ་ནའི་རྗེས་སུ་བསྙེགས་ན། ང་ཚོས་ཡུན་དུ་བརྟན་པའི་བདེ་སྐྱིད་ཀྱི་འཚོ་བའི་གོ་སྐབས་རྒྱང་དུ་ཕུད་ཀྱི་ཡོད། |
སྟོན་པའི་རྣམ་ཐར་ཕྱོགས་བཏུས། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ་སོགས།
བརྗོད་བྱ། སྟོན་པའི་མཛད་རྣམ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0114
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.4MB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་མཆོག་ཏུ་བཀུར་འོས་དད་ལྡན་དོན་གཉེར་ཅན་རྣམས་གཙོ་བྱས་ཏེ་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་ཤེས་འདོད་ཡོད་པ་དག་གི་ཆེད་དུ། འདི་ག་རྩོམ་སྒྲིག་ཁང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་མི་འདྲ་བ་གང་ཡོད་ཕྱོགས་བཏུས་ཀྱིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱ་འཆར་ཡོད་པ་ལྟར།
ཐེངས་འདིར་བུ་སྟོན་ཆོས་འབྱུང་ལས་འབྱུང་བའི་སྟོན་པའི་རྣམ་ཐར་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་སྟོན་པའི་རྣམ་ཐར། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་འབྱུང་བའི་སྟོན་པའི་རྣམ་ཐར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་འབྱུང་བའི་སྟོན་པའི་རྣམ་ཐར། རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་སྟོན་པའི་རྣམ་ཐར། དུང་དཀར་གྲུབ་མཐའ་ལས་འབྱུང་བའི་སྟོན་པའི་རྣམ་ཐར་བཅས་ཕྱོགས་བསྒྲིགས་ཀྱིས་འཕྲུལ་དེབ་གཉིས་སུ་བགོས་ཏེ་རྩོམ་སྒྲིག་བྱས་ཡོད།
གསལ་བཤད་ཞུ་རྒྱུར། དུས་ཚོད་ཀྱི་རྐྱེན་གྱིས་མཛད་རྣམ་འདི་དག་ལ་ཞུས་དག་ཞིབ་ཚགས་ཤིག་གཏོང་ཁོམ་མ་བྱུང་བར་རྩོམ་སྒྲིག་བྱས་པ་ཡིན་པས། ཡིག་ནོར་གང་མང་ཞིག་ལྷག་འདུག་ན་ཀློག་པ་པོ་རྣམས་ལ་བཟོད་གསོལ་དང་འབྲེལ་རྗེས་སུ་བསྐྱར་ཞིབ་བྱས་ཏེ་རྩོམ་སྒྲིག་བྱ་རྒྱུ་ལགས་ན་དེའི་ལུགས་དགོངས་འཇགས་འཚལ།
| PDF ཕབ་ལེན། |
|---|
དེ་ལས་མང་བ།...
ཐིག་ལེ་བཅུ་དྲུག་གི་དབང་ཟིན་སོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
ཡིག་འབེབས་དང་ཞུ་སྒྲིག་པ། ཤེས་རབ་དར་རྒྱས།
པར་གཞིའི་ཡོང་ཁུངས། ཤེས་རབ་དར་རྒྱས།
རིག་མཛོད་དེབ་ཨང་། SJRB-0125
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.1MB
༢༠༡༥ ཟླ་བཅུ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་སྔ་ནས་ཀྱིས་ལན་གྲངས་དུ་མར་སྩལ་བའི་ཟབ་ཆོས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་སྒྲ་འཇུག་གསུང་འཁོར་ལས། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་ཡིག་འབེབས་དང་ཞུ་སྒྲིག་བྱས་པ་ཞིག་ཡིན་ཞིང་། འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་འབྱུང་མདོར་བསྡུས་དང་། ཐིག་ལེ་བཅུ་དྲུག་སོ་སོའི་དབང་སྐབས་ཀྱི་དམིགས་པ་སྐྱོང་སྟངས་སོགས་དང་། དབང་གི་གསན་ཡིག ། ཐུན་མིན་གྱི་བཤད་པ་སོགས་དང་། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཐིག་ལེ་བཅུ་དྲུག་གི་སྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་བཅས་ལྷན་དུ་བཞུགས།
ཕབ་ལེན། PDF ཕབ་ལེན།
སྟོན་པའི་རྣམ་ཐར་ཕྱོགས་བཏུས། [ཀ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། བུ་སྟོན་ཐམས་ཅད་མཁྱེན་པ་སོགས།
བརྗོད་བྱ། སྟོན་པའི་རྣམ་ཐར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0113
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.5MB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དད་ལྡན་དོན་གཉེར་ཅན་རྣམས་གཙོ་བྱས་ཏེ་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་ཤེས་འདོད་ཡོད་པ་དག་གི་ཆེད་དུ། འདི་ག་རྩོམ་སྒྲིག་ཁང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་མི་འདྲ་བ་གང་ཡོད་ཕྱོགས་བཏུས་ཀྱིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱ་འཆར་ཡོད་པ་ལྟར།
ཐེངས་འདིར་བུ་སྟོན་ཆོས་འབྱུང་ལས་འབྱུང་བའི་སྟོན་པའི་རྣམ་ཐར་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་སྟོན་པའི་རྣམ་ཐར། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་འབྱུང་བའི་སྟོན་པའི་རྣམ་ཐར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་འབྱུང་བའི་སྟོན་པའི་རྣམ་ཐར། རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་སྟོན་པའི་རྣམ་ཐར། དུང་དཀར་གྲུབ་མཐའ་ལས་འབྱུང་བའི་སྟོན་པའི་རྣམ་ཐར་བཅས་ཕྱོགས་བསྒྲིགས་ཀྱིས་འཕྲུལ་དེབ་གཉིས་སུ་བགོས་ཏེ་རྩོམ་སྒྲིག་བྱས་ཡོད།
གསལ་བཤད་ཞུ་རྒྱུར། དུས་ཚོད་ཀྱི་རྐྱེན་གྱིས་མཛད་རྣམ་འདི་དག་ལ་ཞུས་དག་ཞིབ་ཚགས་ཤིག་གཏོང་ཁོམ་མ་བྱུང་བར་རྩོམ་སྒྲིག་བྱས་པ་ཡིན་པས། ཡིག་ནོར་གང་མང་ཞིག་ལྷག་འདུག་ན་ཀློག་པ་པོ་རྣམས་ལ་བཟོད་གསོལ་དང་འབྲེལ་རྗེས་སུ་བསྐྱར་ཞིབ་བྱས་ཏེ་རྩོམ་སྒྲིག་བྱ་རྒྱུ་ལགས་ན་དེའི་ལུགས་དགོངས་འཇགས་འཚལ།
| PDF ཕབ་ལེན། |
|---|
བླ་མ་མཆོད་པའི་ཉམས་ཁྲིད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
ཡིག་འབེབས་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་། SJRB-0138
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.4MB
༢༠༡༥ ཟླ་ ༤ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༡༢ ཚེས་ ༢༤ དང་ ༢༥ ཉིན་གཉིས་རིང་བཞུགས་སྒར་དུ་ཆེན་པོ་ཧོར་གྱི་ཡུལ་ཁག་ནས་ཆེད་ཕེབས་མཛད་པའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གཙོ་བོར་གྱུར་པའི་དད་ལྡན་མི་མང་ལ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་བདེ་སྟོང་དབྱེར་མེད་མའི་མན་ངག་གི་གནད་རྣམས་ཉམས་ཁྲིད་དུ་སྩལ་བ་ཞིག་ཡིན། འདིར་གསང་སྔགས་ཀྱི་ཆོས་བོད་དུ་དར་ཚུལ་དང་། ས་དགེ་བཀའ་རྙིང་སྤྱིདང་དགེ་ལྡན་པའི་སྲད་དབེན་གཞུང་གསུམ་གྱི་བཞེད་ལུགས་བཅས་སྔོན་འགྲོ་དང་། གཞུང་དངོས་ཀྱི་བཤད་པ་བཅས་ཞིབ་རྒྱས་སུ་བཞུགས།
ཕབ་ལེན། PDF ཕབ་ལེན།
ཁྲིད་གཞུང་། སྐྱེས་རབས་དང་ཚོམས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADZZ203073
སྟོན་པ་འཇིག་རྟེན་དབང་ཕྱུག [གཞུང་ཆེན།] སྤྱིའི་ཨང་། ༡༣༤
རྣམ་པ། MP3 རྣམ་གྲངས། 61 ཆེ་ཆུང་། 563.8 MB
ཁྲིད་གཞུང་། སྐྱེས་རབས་དང་ཚོམས།
མཛད་པ་པོ། སློབ་དཔོན་དཔའ་བོ་སོགས།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས་དུས། ༢༠༠༨ རྡ་སའི་གཙུག་ལག་ཁང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༤ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
| གདམས་པ་རིན་ཆེན་དང་པོ། མཚམས་རེར་ཞོགས་པར་གཉིད་ལས་སད་སྐབས། རྒྱུ་མཚན་ཅི་ཡང་མེད་པར་རང་གི་སེམས་འཁྲུགས་ཡོད་པ་དང༌། སེམས་ཀྱི་གནས་སྟངས་དེ་འདྲ་ཡིན་སྐབས། ཐ་ན་རྒྱུན་དུ་རང་ལ་དགའ་སྣང་སྟེར་བའི་བྱ་དངོས་ཤིག་ཡིན་ནའང་ཞེ་སུན་གྱི་ཡུལ་དུ་འགྱུར་ཞིང༌། རང་གི་ཆུ་ཚོད་ལ་བལྟས་པ་ཙམ་གྱིས་སུན་སྣང་གི་ཚོར་བ་ཞིག་སྐྱེས་ནས་དེ་ནི་སྡུག་བསྔལ་ལྷག་མ་འབྱུང་སའི་ཞེན་ཆགས་ཀྱི་ཡུལ་ཞིག་ལས་ཅི་ཡང་མིན་པར་མཐོང་གི་ཡོད། འོན་ཀྱང༌། མཚམས་རེར་གཉིད་ལས་སད་སྐབས་རང་གི་ཆུ་ཚོད་ལ་བལྟས་པ་ན། དེ་ནི་བཟོ་བཀོད་ལེགས་ཤིང་མཛེས་པོ་ཞིག་ཏུ་སྣང་གི་ཡོད། དེ་ལྟ་ནའང༌། ཆུ་ཚོད་ནི་གཅིག་ཡིན་པས་ཅི་ཞིག་ལ་འགྱུར་བ་བྱུང་བ་ཡིན་ནམ། ཉིན་གཅིག་གི་ཞེ་སུན་གྱི་ཚོར་བ་དང༌། ཉིན་གཞན་ཞིག་གི་ཡིད་ཚིམ་གྱི་ཚོར་བ་གཉིས་ཡོངས་སུ་སྟེས་དབང་གིས་བྱུང་ངམ། ཡང་ན་དེ་གཉིས་ནི་རང་གི་བཀོད་འདོམས་འོག་མེད་པའི་དབང་རྩའི་མ་ལག་གི་ནུས་རྩོལ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་ནམ། ང་ཚོའི་འབྱུང་བཞི་ནི་ཚོར་བའི་ཁྱད་པར་དེ་དང་འབྲེལ་བ་ཡོད་པ་བདེན་ཡང༌། དེའི་རྒྱུ་རྐྱེན་གཙོ་བོ་ནི་ང་ཚོའི་སེམས་ཀྱི་འཁྱེར་སོ་ཡིན། འདི་ལྟར་ང་ཚོའི་སེམས་ཀྱི་གཞི་རྩའི་འཁྱེར་སོ་སྟེ། ང་ཚོས་རང་གི་ཁོར་ཡུག་ལ་ཡ་ལན་སྤྲོད་སྟངས་ནི། སེམས་ཀྱི་ཞི་བདེའི་སྐོར་གྱི་དཔྱད་པ་འདིའི་བསམ་གཞིག་དང་པོ་ཡིན། གླེང་གཞི་འདིའི་ཐད་ལ་རྒྱ་གར་གྱི་མཁས་དབང་རྒྱལ་སྲས་ཞི་བ་ལྷས་བསམ་གཞིག་གནང་སྟེ། རང་གི་རྐང་པར་ཚེར་མ་མི་ཟུག་པའི་ཆེད་སའི་གོ་ལ་ཧྲིལ་པོར་ཁེབས་པའི་ཀོ་བ་རྙེད་པའི་རེ་བ་ང་ཚོར་མེད་པ་དང༌། ང་ཚོའི་རྐང་མཐིལ་གཉིས་ཀོ་བས་གཡོགས་ན་འགྲིག་པ་གསུངས་ཡོད། ཚིག་གཞན་ཞིག་གིས་བརྗོད་ན། ང་ཚོས་རྟག་ཏུ་ཕྱིའི་གནས་སྟངས་ལ་བཅོས་བསྒྱུར་བྱས་ནས་རང་དང་འཚམ་པར་བྱེད་མི་ཐུབ་ནའང༌། ང་ཚོས་རང་གི་བསམ་བློའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས་ལ་བཅོས་བསྒྱུར་བྱེད་ཆོག |
| { ཁྲིད་གཞུང་། སྐྱེས་རབས་སོ་བཞི་པ། མཛད་པ་པོ། སློབ་དཔོན་དཔའ་བོ། ཁྲིད་གཞུང་། ཆེད་དུ་བརྗོད་པའི་ཚོམས། མཛད་པ་པོ། སྟོན་པ་ཤཱཀྱ་ཐུབ་པ། } |