བརྡ་སྤྲོད།

བརྡ་སྤྲོད། (23)

དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Mar ཚེས། 30 རེས་གཟའ། Sat

ཁྲིད་གཞུང་། བློ་གསལ་འཇུག་ངོགས།

དྲ་འཇུག་པ།

སྒྲ་ཨང་། KADRD2010296
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༢༤
རྣམ་པ། MP3 རྣམ་གྲངས། 30 ཆེ་ཆུང་། 1.67 GB
ཁྲིད་གཞུང་།
བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས།
མཛད་པ་པོ། དམུ་དགེ་བསམ་གཏན། [༡༩༡༤-༡༩༩༣ ]
བརྗོད་བྱ། རྣམ་དབྱེ་དང་ཚིག་ཕྲད་སོགས།
འཁྲིད་མཁན། བསྟན་བཅོས་མཛད་པ་པོ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་དམུ་དགེ་བསམ་གཏན་མཆོག་ནི། དམུ་དགེའི་དགོན་འོག་སོག་པོ་རུ་ཞེས་པར་༡༩༡༤ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ཐོག་རབ་ཏུ་བྱུང་སྟེ་དམུ་དགེ་དགོན་དུ་ཆོས་ཞུགས་བྱས། དགུང་ལོ་ཉི་ཤུའི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས་ཏེ་གཞུང་ཆེན་ཐུགས་གཉེར་དང་རིག་གནས་ཀུན་ལ་སྦྱངས། ཁོང་གིས་རྡོ་རམས་པ་བཏང་ནས་ལོ་གཉིས་དང་ཟླ་བརྒྱད་སོང་བའི་མཚམས་ལ་བླ་བྲང་བརྒྱུད་དུ་རྒྱ་མིའི་བཙན་འཛུལ་སླེབས། དགུང་ལོ་སོ་བདུན་པར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཉམ་དུ་པེ་ཅིན་དུ་ཕྱག་ལས་གནང་། ༡༩༥༡ ལོར་ང་ཕོད་སོགས་བོད་རྒྱལ་ཁབ་ཀྱི་འཐུས་མི་རྣམས་པེ་ཅིན་དུ་འབྱོར་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་པ་འཇོག་སྐབས་གྲོས་མཐུན་པར་ཞུས་ཀྱི་ལས་དོན་ནང་དུ་ཞུགས། ༡༩༥༩ལོར་པེ་ཅིན་དུ་[རྒྱ་བོད་ཤན་སྦྱར་ཚིག་མཛོད་]སོགས་བསྒྱུར་ཞུས་མཛད། ༡༩༦༦ལོར་རིག་གནས་གསར་བརྗེའི་སྐབས་ངལ་རྩོལ་དུ་ཞུགས་དགོས་བྱུང་། ༡༩༧༣ལོར་དཀར་འདོན་བྱས། ༡༩༦༥ལོར་ཁྲིན་ཏུའུ་རུ་ཕེབས་ཏེ་[བོད་རྒྱ་ཚིག་མཛོད་ཆེན་མོའི་]པར་གཞི་བཏིང་། ༡༩༨༠ལོའི་ཕྱི་ཟླ་དང་པོར་པེ་ཅིན་དུ་གྲངས་ཉུང་མི་རིགས་སྐད་ཡིག་ཚན་རིག་གྲོས་བསྡུར་ལ་ཞུགས་ཏེ་ཉིན་བཅུ་གཉིས་རིང་རྩོད་གླེང་མཛད་མཐར་བོད་ཡིག་བཅོས་སྒྱུར་བྱེད་དགོས་ཞེས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་རྩ་བརླག་གཏོང་བའི་ཡིག་ཆ་[གནད་བསྡུས་]ཟེར་བ་དེ་རྩིས་མེད་གཏོང་ཐུབ་པ་བྱུང་བ་དང་སྦྲགས། “གནད་བསྡུས་”ཀྱི་དགག་ཡིག་མཐར་དཔྱད་ཟེར་པ་ཞིག་ཆེད་མངགས་རྩོམ་འབྲི་གནང་། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གླིང་སོགས་སུ་སློབ་ཁྲིད་མཛད་དེ་སློབ་མ་མང་པོ་གསོ་སྐྱོང་གནང་། ༡༩༩༣ལོའི་ཟླ་༥པའི་ཚེས༦ཉིན་སྐུ་གཤེགས། ཁོང་གི་གསུམ་རྩོམ་སྐོར་གཅིག་ཏུ་བསྡུས་ནས་ཁྱོན་པོད་དྲུག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།

ངོ་ཤོག 2 ནས་ 4

༸གོང་ས་མཆོག་གི་སྒྲ་མཛོད།