རིམ་གཉིས་ཀྱི་ཁྲིད།

རིམ་གཉིས་ཀྱི་ཁྲིད། (33)

དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Aug ཚེས། 12 རེས་གཟའ། Mon

ཁྲིད་གཞུང་། རིམ་ལྔ་སྙིང་པོ་དང་རིམ་ལྔ་གདན་རྫོགས།

དྲ་འཇུག་པ།

སྒྲ་ཨང་། KADSR3333437
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༥༦༥
རྣམ་པ། MP3 རྣམ་གྲངས། 46 ཆེ་ཆུང་། 2.23 GB
ཁྲིད་གཞུང་། རིམ་ལྔ་སྙིང་པོ་དང་རིམ་ལྔ་གདན་རྫོགས།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
བརྗོད་བྱ། སྔགས་ཀྱི་རིམ་པ་དང་པོའི་ལམ་བགྲོད་ཚུལ།
འཁྲིད་མཁན། དགེ་བཤེས་བློ་བཟང་འབྲུག་གྲགས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་ལྔ་ལ་གསར་དུ་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་བློ་བཟང་འབྲུག་གྲགས་ནི། བོད་དུ་འཁྲུངས། འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམསས། ཆོས་ཐོག་ཐོན་པ་དང་རྒྱུད་སྨད་དུ་བཞུགས་ཏེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དང་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམས་ལ་སྔགས་ཀྱི་དཔེ་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]

ངོ་ཤོག 2 ནས་ 6

༸གོང་ས་མཆོག་གི་སྒྲ་མཛོད།