དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Jan ཚེས། 14 རེས་གཟའ། Thu

བཟང་སྤྱོད་ཆེན་མོ་ཚོགས་སོང་།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )
zang chod monlam 00

ཁ་སང་ནས་སེར་བྱེས་གྲྭ་ཚང་གི་བཟང་སྤྱོད་ཆེན་མོ་ཡར་ཚོགས་བྱས་ཏེ་ཉིན་བདུན་ལ་འཚོགས་རྒྱུ་ཡིན་འདུག

དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཟླ་ ༡ ཚེས་ ༡༣ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་བཟང་སྤྱོད་ཆེན་མོའམ་བཟང་སྤྱོད་སྨོན་ལམ་ཡར་ཚོགས་ཀྱིས་ཉིན་བདུན་ལ་འཚོགས་རྒྱུ་དང་། དངོས་གཞིའི་ཉིན་ཞོགས་པའི་ཆུ་ཚོད་ ༢: ༣༠ ནས་ཚོགས་ཏེ། ཉིན་རེར་ཚོགས་ཐུན་ཁ་ཤས་ཡོད་ལ། ཕྱི་དྲོའི་ཆུ་ཚོད་ ༦ པ་ནས་དུས་བཟང་འཚོགས་དགོས། བཅུ་དགུ་མཆོད་པ་དང་བཟང་སྤྱོད་སྨོན་ལམ་གཉིས་ནི་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དགོངས་རྫོགས་མཆོད་འབུལ་གྱི་ཆེད་དུ་བཙུགས་པ་ཞིག་ཡིན་ཞིང་། བཟང་སྤྱོད་སྨོན་ལམ་ནི། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མའི་གཙོ་གྲས་པཎ་ཆེན་བདེ་ལགས་ཉི་མས་རང་གི་བླ་མ་རྗེ་བཙུན་པའི་དགོངས་རྫོགས་དུས་མཆོད་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན། དེ་ཡང་ཟླ་༡༡ ཚེས་ ༢༥ ཉིན་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་གཤེགས་ནས་བདུན་ཚིགས་དང་པོའི་དུས་ཚེས་ཉིན། པཎ་ཆེན་བདེ་ལེགས་ཉི་མས་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནིའི་སྤྱན་སྔར་ཀུན་བཟང་མཆོད་སྤྲིན་འབུལ་བཤམས་དང་འབྲེལ། གྲྭ་ཚང་བྱེས་སུ་བཟང་སྤྱོད་སྨོན་ལམ་འབུམ་ཐེར་འགྲོ་ངེས་ཀྱི་དུས་བཟང་ཐེབས་སྦྱོར་གནང་བ་བཞིན། ཚེས་ཉེར་ལྔ་ནས་ཉིན་གྲངས་བཅོ་ལྔའི་བར་བཟང་སྤྱོད་སྨོན་ལམ་ཆེན་མོ་ཚོགས་པ་ནས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་འཚོགས་བཞིན་ཡོད། འདི་དང་མཉམ་དུ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་བྱམས་པའི་སྨོན་ལམ་ཡང་འཚོགས་ཡོད་འདུག །བཟང་སྤྱོད་ཆེན་མོའི་ངོ་སྤྲོད་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།

 


སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༡།༡༤ ལ།

 

 

ཤོག་ངོས་འདི་ལ་ཐེངས་ 1323 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2018 ལོའི་ཟླ་བ། Aug ཚེས། 19 རེས་གཟའ། Sun
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com