དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 21 རེས་གཟའ། Fri

ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་སེ་རར་ཕེབས་པ།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

ཕྱི་ལོ་༢༠༢༢ ཟླ་༡༠ ཚེས་༢༠ཉིན་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་འབྲེལ་ཡོད་དཔོན་རིག་ཁག་གཅིག་བཅས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གནས་གཟིགས་བསྐྱངས།

ཉེར་བའི་ཆར་སེར་བྱེས་མཁས་སྙན་གྲྭ་ཚང་དང་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་བར་ཉེ་བའི་གཙུག་ལག་རབ་འབྱམས་པ་འཛུལ་ཞུགས་ཀྱི་གྲོས་ཆོད་བཞག་པ་ལྟར། སེར་བྱེས་གྲྭ་ཚང་དུ་བསླབ་གཞི་ཁག་གསུམ་གྱི་ཐོག་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་དབུ་འཛུགས་བྱ་རྒྱུའི་མཛད་སྒོའི་སྐུ་མགྲོན་དུ་གདན་འདྲེན་ཞུས་དོན་ལྟར། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་(Shri honourable Pema Khando)མཆོག་དང་། མེ་སོར་རྒྱལ་པོ་(HE Yaduveer Krishnadatta Chamaraja)མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཆེན་མོ་སྐུ་ཞབས་ཧེ་མན་ཐ་ཀུ་མར་(Shri Prof G Hemantha Kumar)བཅས་ཆེད་ཕེབས་གནང་བའི་སྐབས། གྲྭ་ཚང་གི་དབུ་ཆོས་རྣམ་གསུམ་དང་། ཕྱག་མཛོད་རྣམ་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཀྱི་སྣེ་ལེན་དང་འབྲེལ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆིབས་བསྒྱུར་གནང་།
དེའི་དགོང་མོར་ཆོས་རར་གཟིགས་སྐོར་གནང་བ་དང་། ཕྱི་ཚེས་༢༡སྔ་དྲོར་སེར་བྱེས་འབྲིང་རིམ་སློབ་གྲྭ་རྒྱ་གར་གཞུང་འབྲེལ་སློབ་གྲྭར་ངོས་བཞེས་ཐོབ་ནས་མི་ལོ་༢༥འཁོར་བའི་དུས་དྲན་མཛད་སྒོ་དང་གནང་བ་དང་། དེའི་ཉིན་རྒྱབ་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་དབུ་འཛུགས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གནང་བ་བཅས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༢ ཟླ་ ༡༠ ཚེས་ ༡༤ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]

ཤོག་ངོས་འདི་ལ་ཐེངས་ 2232 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2024 ལོའི་ཟླ་བ། Apr ཚེས། 05 རེས་གཟའ། Fri
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

འཕྲིན་གསར་དཀར་ཆག

༢༠༡༥ ལོའི་འཕྲིན་མཛོད། ༢༠༡༦ ལོའི་འཕྲིན་མཛོད། ༢༠༡༧ ལོའི་འཕྲིན་མཛོད། ༢༠༡༨ ལོའི་འཕྲིན་མཛོད། ༢༠༡༩ ལོའི་འཕྲིན་མཛོད། ༢༠༢༠ ལོའི་འཕྲིན་མཛོད། ༢༠༢༡ ལོའི་འཕྲིན་མཛོད། ༢༠༢༢ ལོའི་འཕྲིན་མཛོད། ༢༠༢༣ ལོའི་འཕྲིན་མཛོད། ༢༠༢༤ ལོའི་འཕྲིན་མཛོད། ༢༠༢༥ ལོའི་འཕྲིན་མཛོད། ༢༠༢༦ ལོའི་འཕྲིན་མཛོད། ༧གོང་ས་མཆོག གནས་འཕྲིན་གཞན། གསུང་ཆོས་འཕྲིན་གསར། གསུང་ཆོས། ཆོས་ཕྱོགས་ཀྱི་གནས་འཕྲིན་གཞན། དགེ་ལྡན་ལྔ་མཆོད་ཆེན་མོ། ཕྱོགས་གཞན་གྱི་གནས་འཕྲིན། བགྲོ་གླེང་འཕྲིན་གསར། ཟབ་སྦྱོང་འཕྲིན་གསར། འཚམས་འདྲི་སོགས། རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་སྐབས་བཞི་པ། ལོ་གཅིག་གི་གནས་འཕྲིན་ཉུང་བཏུས། སྐུའི་འཁྲུངས་སྐར་འཚམས་འདྲི།