དྲ་ཐོག་འཇུག་དུས། 2015 ལོའི་ཟླ་བ། Dec ཚེས། 07 རེས་གཟའ། Mon

སེར་བྱེས་སློབ་གྲྭར་གསུང་ཆོས་གནང་།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

སེར་བྱེས་སློབ་གྲྭར་སྐྱབས་རྗེ་བཀའ་ཟུར་ཟམ་གདོང་རིན་པོ་ཆེས་འཇམ་དབྱངས་དཀར་པོའི་རྗེས་གནང་སོགས་གནང་སོང་། སེར་བྱེས་འབྲིང་རིམ་སློབ་གྲྭས་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༤ ཉིན་སྔ་དྲོའི་ཆུ་ཚོད་ ༩ པར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་སློབ་གྲྭའི་དབུ་ལས་རྣམས་དང་སྐྱ་སེར་མང་པོས་སེར་བྱེས་སློབ་གྲྭའི་ཚོགས་ཁང་དུ་ཕེབས་བསུ་ཞུས་པ་དང་། སློབ་ཕྲུག་གཙོ་བྱས་པའི་དད་ལྡན་སྐྱ་སེར་མང་པོར། རིན་པོ་ཆེ་མཆོག་གིས་འཇམ་དབྱངས་དཀར་པོའི་རྗེས་གནང་དང་། འཇམ་དཔལ་མཚན་བརྗོད་དང་འཇམ་བསྟོད་གང་བློ་མ་གཉིས་ཀྱི་ལྗགས་ལུང་བཅས་སྩལ་སོང་།

 


སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༥།༡༢།༥ ལ།

 

ཤོག་ངོས་འདི་ལ་ཐེངས་ 2428 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2018 ལོའི་ཟླ་བ། Aug ཚེས། 19 རེས་གཟའ། Sun
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

འཕྲིན་གསར་དཀར་ཆག

༢༠༡༥ ལོའི་འཕྲིན་མཛོད། ༢༠༡༦ ལོའི་འཕྲིན་མཛོད། ༢༠༡༧ ལོའི་འཕྲིན་མཛོད། ༢༠༡༨ ལོའི་འཕྲིན་མཛོད། ༢༠༡༩ ལོའི་འཕྲིན་མཛོད། ༢༠༢༠ ལོའི་འཕྲིན་མཛོད། ༢༠༢༡ ལོའི་འཕྲིན་མཛོད། ༢༠༢༢ ལོའི་འཕྲིན་མཛོད། ༢༠༢༣ ལོའི་འཕྲིན་མཛོད། ༢༠༢༤ ལོའི་འཕྲིན་མཛོད། ༢༠༢༥ ལོའི་འཕྲིན་མཛོད། ༢༠༢༦ ལོའི་འཕྲིན་མཛོད། ༧གོང་ས་མཆོག གནས་འཕྲིན་གཞན། གསུང་ཆོས་འཕྲིན་གསར། གསུང་ཆོས། ཆོས་ཕྱོགས་ཀྱི་གནས་འཕྲིན་གཞན། དགེ་ལྡན་ལྔ་མཆོད་ཆེན་མོ། ཕྱོགས་གཞན་གྱི་གནས་འཕྲིན། བགྲོ་གླེང་འཕྲིན་གསར། ཟབ་སྦྱོང་འཕྲིན་གསར། འཚམས་འདྲི་སོགས། རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་སྐབས་བཞི་པ། ལོ་གཅིག་གི་གནས་འཕྲིན་ཉུང་བཏུས། སྐུའི་འཁྲུངས་སྐར་འཚམས་འདྲི།