-
མདུན་ངོས།
-
འཕྲིན་གསར།
-
འཚམས་འདྲི་སོགས།
- ལོ་གསར་གྱི་ཤིས་ཚིག
ལོ་གསར་གྱི་ཤིས་ཚིག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༄༅། །ཨོྃ་སྭསྟི། བཀྲ་ཤིས་གང་ཞིག་བདེ་དགེའི་དཔལ་གྱིས་༧ འཕགས་མཆོག་རྒྱལ་བའི་ཞབས་པད་རབ་བརྟན་གངས་རིའི་ལུགས་ཟུང་རྒྱས་པར་ཤོག །
བཀྲ་ཤིས་གང་ཞིག་ཐུབ་པའི་ལུགས་བཟང་བཤད་སྒྲུབ་ཟུང་གིས་རབ་ཏུ་རྒྱས་ཏེ་འགྲོ་ཁམས་མོས་ངོར་འཇུག་པར་ཤོག །
བཀྲ་ཤིས་གང་ཞིག་ལེགས་བྱས་ཡངས་པས་འགྲོ་རྣམས་ཞི་བདེ་དཔལ་གྱིས་རབ་འཚོ་ཟས་ནོར་ལོངས་སྤྱོད་རྒྱས་པར་ཤོག །
བཀྲ་ཤིས་གང་ཞིག་གཞན་ཕན་འོད་ཀྱིས་ཡངས་པའི་འཇིག་རྟེན་རབ་ཏུ་འཁྱུད་དེ་དུག་གསུམ་རྩད་ནས་འཇོམས་པར་ཤོག །
ཅེས་བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་ཆབས་ཅིག་ལོ་གསར་པའི་ནང་ལ་ཁྱེད་ཀྱི་སྐུ་ལུས་བདེ་ཞིང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་བ་ཡིན།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གི་ལས་བྱེད་ཡོངས་ཀྱིས། ༢༠༡༦།༠༢།༠༧ ལ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
གསར་ཤོས་དག ། རིག་མཛོད་རྩོམ་སྒྲིག་པ།
- བོད་རྒྱལ་ལོ་༢༡༥༣རབ་གནས་མེ་རྟ་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས།
- སེར་བྱེས་ཚྭ་བ་བྲག་རི་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་ཞུ།
- ༢༠༢༥ ལོའི་དགེ་ལྡན་ལྔ་མཆོད་ཆེན་མོ།
- རྗེ་བླ་མ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ།
- ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།
འབྲེལ་ཡོད་དག
- བོད་རྒྱལ་ལོ་༢༡༥༣རབ་གནས་མེ་རྟ་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས།
- ྋགོང་ས་མཆོག་དགུང་གྲངས་༩༠ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།
- བོད་རྒྱལ་ལོ་༢༡༥༢ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་འཚམས་འདྲི།
- མཚུངས་མེད་ཤར་པ་ཆོས་རྗེའི་མཚན་རྟགས་འབུལ་བཞེས་མཛད་པ།
- ྋགོང་ས་མཆོག་དགུང་གྲངས་༨༩ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།