-
མདུན་ངོས།
- འཕྲུལ་དེབ་གསར་ཤོས།
འཕྲུལ་དེབ་གསར་ཤོས། (550)
སེམས་སེམས་བྱུང་གི་རྣམ་གཞག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན།
བརྗོད་བྱ། སེམས་དང་སེམས་བྱུང་གི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0502
ཡིག་ཆའི་རྣམ་པ། PDF པར་གཞི། འབྲས་སྤུངས་སྒོ་མང་གི་དཔེ་དེབ་ལྟར།
ཤོག་གྲངས། 139 ལྗིད་ཚད། 1.6MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་ནི་དཔལ་མང་པཎྜི་ཏ་སྐུ་ཕྲེང་གསུམ་པ་དཀོན་མཆོག་རྒྱལ་མཚན་གྱི་གསུང་སེམས་དང་སེམས་བྱུང་གི་རྣམ་གཞག་ཅུང་ཟད་བཤད་པ་རང་རྒྱུད་གསལ་བའི་མེ་ལོང་ཞེས་བྱ་བ་ཡིན་ལ། འདི་ནི་ཚིག་ཉུང་དོན་འདུས་དང་ཁ་གསལ་གོ་བདེའི་ཁྱད་ཆོས་དང་བཅས་པ་ཡིན་པས་སེམས་དང་སེམས་བྱུང་གི་རྣམ་གཞག་སློབ་པར་འདོད་པ་རྣམས་ལ་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཡིན་ནོ། །
| PDF ཕབ་ལེན། |
|---|
དེ་ལས་མང་བ།...
དྲང་ངེས་དཀའ་འགྲེལ་ཆེན་མོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ།
བརྗོད་བྱ། གསུང་རབ་ཀྱི་དྲང་ངེས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0490
ཡིག་ཆའི་རྣམ་པ། PDF པར་གཞི། སེར་བྱེས་དཔེ་རིང་ལག་བྲིས་མ།
ཤོག་གྲངས། 514 ལྗིད་ཚད། 2.7MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་ནི་མཁས་པའི་དབང་པོ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་མཛད་པའི་དྲང་ངེས་དཀའ་འགྲེལ་ཆེན་མོའམ་ཡོངས་གྲགས་སུ་གཉལ་སྟོན་དྲང་ངེས་ཞུ་བ་དེ་ཡིན་ལ། འདི་ནི་ཆོས་རྗེ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་པ་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དྲུང་ནས་དངོས་སུ་གསན་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ཁྲིད་རྒྱུན་མངའ་བ་ལས་མཁས་པའི་དབང་པོ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་ཞུས་ཏེ་རྗེའི་གསུང་རྒྱུན་དྲི་མ་མེད་པ་ཡི་གེར་བཀོད་པ་ཡིན་པས་བྱིན་རླབས་ཀྱི་ཚན་ཁ་ཆེན་པོ་ཡོད་པར་གྲགས་ལ། ལྷག་པར་དུ་དབུ་མའི་སྐོར་གྱི་ས་བཅད་ལ་ཐུན་མོང་མིན་པའི་ཁྱད་ཆོས་ཡོད་པར་མཁས་པའི་གསུང་རྒྱུན་ལས་འབྱུང་བ་ཡིན་ནོ། །
འགྲེལ་ཆེན་དྲི་མེད་འོད། སྟོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རིགས་ལྡན་པདྨ་དཀར་པོ།
བརྗོད་བྱ། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ།
པར་གཞི། སྡེ་དགེའི་བསྟན་འགྱུར་ལྟར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0486
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 665 ལྗིད་ཚད། 4MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཤམ་བྷ་ལའི་རིགས་ལྡན་པདྨ་དཀར་པོས་མཛད་པའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་སྟེ་དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་དུ་གྲགས་པའི་སྟོད་ཆ་བཞུགས་ལ། སྟོད་ཆ་འདིར་འཇིག་རྟེན་ཁམས་ཀྱི་ལེའུའི་འགྲེལ་པ་ཆ་ཚང་དང་། ནང་གི་ལེའུའི་འགྲེལ་པ་ཆ་ཚང་། སྒྲུབ་ཐབས་ལེའུའི་འགྲེལ་པ་ལས་མདོར་བསྡུས་གསུམ་པ་ཡན་ཆད་བཅས་ལྷན་དུ་བཞུགས།
འགྲེལ་ཆེན་དྲི་མེད་འོད། སྨད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རིགས་ལྡན་པདྨ་དཀར་པོ།
བརྗོད་བྱ། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ།
པར་གཞི། སྡེ་དགེའི་བསྟན་འགྱུར་ལྟར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0487
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 665 ལྗིད་ཚད། 3.5MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཤམ་བྷ་ལའི་རིགས་ལྡན་པདྨ་དཀར་པོས་མཛད་པའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་སྟེ་དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་དུ་གྲགས་པའི་སྨད་ཆ་བཞུགས་ལ། སྨད་ཆ་འདིར་སྒྲུབ་ཐབས་ལེའུའི་འགྲེལ་པ་ལས་མདོར་བསྡུས་བཞི་པ་མན་ཆད་དང་། དབང་གི་ལེའུའི་རྒྱས་འགྲེལ། ཡེ་ཤེས་ལེའུའི་རྒྱས་འགྲེལ་བཅས་ལྷན་དུ་བཞུགས།
དུས་འཁོར་བསྡུས་རྒྱུད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རིགས་ལྡན་འཇམ་དཔལ་གྲགས་པ།
བརྗོད་བྱ། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0390
ཡིག་ཆའི་རྣམ་པ། PDF པར་གཞི། སྡེ་དགེའི་བསྟན་འགྱུར་ལྟར།
ཤོག་གྲངས། 310 ལྗིད་ཚད། 1.7MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིར་ཤམྦྷ་ལའི་རིགས་ལྡན་ཉེར་ལྔའི་ཐོག་མ་རིགས་ལྡན་འཇམ་དཔལ་གྲགས་པས་མཛད་པའི་མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་སྟེ། ཡོངས་གྲགས་སུ་དུས་འཁོར་བསྡུས་རྒྱུད་དུ་གྲགས་པ་ཉིད་བཞུགས་ལ། རྒྱུད་འདི་ནི་ཐོག་མར་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང་། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དུས་ཕྱིས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པ་ལགས་ཤིང་། འགྱུར་དེ་ཉིད་སྡེ་དགེའི་བསྟན་འགྱུར་རྒྱུད་པོད་༼ ཐ ༽ པར་བཞུགས་པ་མ་ཕྱིར་བཟུང་ནས་བསྒྲིགས་པ་ཡིན་ནོ། །
བསྟོད་པ་དོན་ལྡན་མ་རྩ་འགྲེལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
རྩ་འགྲེལ་གཉིས་ཀ་མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། རྗེ་ཙོང་ཁ་པ་ལ་བསྟོད་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0489
ཡིག་ཆའི་རྣམ་པ། PDF པར་གཞི། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་པར།
ཤོག་གྲངས། 309 ལྗིད་ཚད། 1.7MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༦ ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྗེ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ནི། ༡༧༦༢ ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། དགུང་ལོ་ལྔའི་སྐབས་གུང་ཐང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་སྒོར་ཞུགས་ཤིང་། ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་དང་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་གི་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་ཞུས། དགུང་ལོ་ཉེར་ལྔའི་སྐབས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་སོ་གཅིག་གི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། མདོ་སྨད་ཕྱོགས་ཀྱི་ཆོས་སྡེ་མང་པོར་ཆོས་རྒྱུན་འཆད་སྤེལ་དང་སློབ་མ་སྐྱེས་ཆེན་དམ་པ་མང་དུ་བསྐྱངས། ༡༨༢༣ ལོར་སྐུ་གཤེགས། གསུང་རྩོམ་པོད་བཅུ་གཅིག་བཞུགས། སྐབས་བབ་ཀྱི་འཕྲུལ་དེབ་འདིར། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ་རྩ་བ་དང་དེའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ་གཉིས་ལྷན་དུ་བཞུགས།
| PDF འདི་ནས་ཕབ་ལེན་བྱོས། དགེ་བའི་བཤེས་གཉེན་དགེ་འདུན་རྒྱ་མཚོ། བསྟོད་པ་དོན་ལྡན་མ་རྩ་འགྲེལ་གྱི་ཁྲིད་ཉན་ན་འདིར་ནོན། |
|---|
འཕྲུལ་དེབ་ཀྱི་དཀར་ཆག
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 15831
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 14275
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 15700
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 22906
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 25892
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 20090
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 21631
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 15937