དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Jul ཚེས། 25 རེས་གཟའ། Sat

ཁྲིད་གཞུང་། ལམ་རིམ་རྣམ་གྲོལ་ལག་བཅངས། [ཁ]

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

ཁྲིད་གཞུང་། ལམ་རིམ་རྣམ་གྲོལ་ལག་བཅངས།
མཛད་པ་པོ། ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས།
བརྗོད་བྱ། ལམ་གྱི་རིམ་པ།
འཁྲིད་མཁན། མཁན་ཟུར་བློ་བཟང་བདེ་ལེགས་མཆོག
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0641
སྒྲའི་རྣམ་པ། MP3
གྲངས་ཀ 92
ལྗིད་ཚད། 2.79 GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༠ཟླ་༧ཚེས་༢༥ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་ཟུར་བློ་བཟང་བདེ་ལེགས་མཆོག་ནི། ཕྱི་ལོ་༡༩༣༩ ལོར་དཀར་མཛེས་སུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་ནས་གཞུང་ཆེན་ཐུགས་འཛིན་དང་།

དཀར་དགོན་མཚན་ཉིད་གྲྭ་ཚང་གི་ཆོས་སྒོར་ཞུགས། ཆུང་དུས་ཀྱི་མཚན་ལ་བློ་བཟང་བདེ་ལེགས་དང་། དགུང་ལོ་བཅུ་གཅིག་གི་སྐབས་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་ལ་ངག་དབང་བཟོད་པ་གསོལ། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་གནང་། ༡༩༥༩ ལོར་བྱེས་སུ་ཕེབས་ཏེ་སྦག་སར་མུ་མཐུད་ནས་སློབ་གཉེར་གནང་། ༡༩༦༨ ལོར་རྡ་སའི་གཙུག་ལག་ཁང་དུ་༧གོང་ས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༡༩༨༢ ལོར་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས། ༢༠༠༥ ལོར་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ༢༠༡༢ ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས། ༢༠༡༦ ལོར་མཁན་པོ་ལས་དགོངས་ཞུ་དང་། རྒྱུན་དུ་དོན་གཉེར་ཅན་མང་པོ་དཔེ་ཁྲིད་དང་ལུང་ཆོས་མན་ངག་གིས་སྐྱོང་བཞིན་བཞུགས་པ་ལགས་སོ། །

ཤོག་ངོས་འདི་ལ་ཐེངས་ 41 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2020 ལོའི་ཟླ་བ། Jul ཚེས། 27 རེས་གཟའ། Mon
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག །གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com