ཐོག་མའི་བཟོ་དུས། Mon 12 Aug 2019 | 16:54

ཁྲིད་གཞུང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་པོ། [ཏ]

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

སྒྲ་ཨང་། KADZT3333434
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༦༢
རྣམ་པ། MP3 རྣམ་གྲངས། 59 ཆེ་ཆུང་། 3.53 GB
ཁྲིད་གཞུང་། རྣམ་འགྲེལ་ཐར་ལམ་གསལ་བྱེད།
མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན། [༡༣༦༤-༡༤༣༢]
ཁྲིད་ཚན། གཞན་སེལ་སོགས་བརྒྱད།
འཁྲིད་མཁན། དགེ་བཤེས་ཡ་མ་རིན་ཆེན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༥།༠༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཡ་མ་རིན་ཆེན་ནི། བོད་དུ་སྐུ་འཁྲུངས། འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས། དགེ་བཤེས་ཐོན་པ་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམསས། རྒྱུན་དུ་སློབ་གཉེར་པ་བརྒྱ་ཕྲག་མང་པོར་དཔེ་ཁྲིད་དང་། ༢༠༡༤ ལོར་གྲྭ་ཚང་གི་དགེ་བསྐོས་ལ་ལངས་ཤིང་། ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གནང་བཞིན་བཞུགས་པ་འདི་ག་ལགས་སོ། ། [རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]

ཁྲིད་མཚམས་ཀྱི་དཀར་ཆག 1. Track-001 ནས་ Track-0014 མཆོད་བརྗོད།  2.  Track-015 ནས་ Track-018 འབྲས་རྟགས།  3. Track-019 ནས་ Track-026 མ་དམིགས་པ།  4. Track-027 ནས་ Track-035 འབྲེལ་པ།  5. Track-036 ནས་ Track-048 ལུང་འགལ།  6. Track-049 ནས་ Track-065 གཞན་སེལ།  7. Track-066 ནས་ Track-074 ཤིང་འཛིན་རྟོག་པ།  8. Track-074 ནས་ Track-081 བརྡ་ཡུལ།
ཤོག་ངོས་འདི་ཐེངས་ 101 བཀླགས་འདུག མཐའ་མའི་བསྐྱར་བཅོས། Fri 23 Aug 2019 | 16:58
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.orgགློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com