ཐོག་མའི་བཟོ་དུས། Sun 23 Sep 2018 | 17:29

ཁྲིད་གཞུང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་པོ། [ཆ]

དྲ་འཇུག་པ།
ཚད་གཞི།
(6 འོས་འཕེན།)

སྒྲ་ཨང་། KADZT2070336
མཁས་པ་གཞན། [གཞུང་ཆེན།]
སྤྱིའི་ཨང་། ༤༦༤
ཁྲིད་གཞུང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་པོ།
མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན། [༡༣༦༤-༡༤༣༢]
བརྗོད་བྱ། ཚུལ་གསུམ་སོགས།
འཁྲིད་མཁན། དགེ་བཤེས་ཟླ་བ་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ལྔ་པར་སྒྲིག་སྦྱོར་བྱས།

ངོ་སྤྲོད་མདོར་བསྡུས།

འབྲས་བློ་གླིང་དགེ་བཤེས་ཟླ་བ་ཚེ་རིང་ནི། ཕྱི་ལོ་༡༩༧༣ ལོར་བོད་དཀར་མཛེས་ཀྱི་གྲོང་གསེབ་ཅིག་ཏུ་འཁྲུངས་ཤིང་། ཆུང་དུས་ནས་རབ་ཏུ་བྱུང་། རང་ལོ་༡༥པ་ཕྱི་ལོ་༡༩༨༨ ལོར་འཕགས་ཡུལ་དུ་འབྱོར་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་རྒན་དཔལ་ལྡན་གྲགས་པ་སོགས་ལ་གཏུགས་ཤིང་གཞུང་ཆེན་དཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ། དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་གནས་དང་གྲྭ་སྐོར་དམ་འཇོག་མཛད། དེ་རྗེས་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམས་ཏེ་སྔགས་ལ་སློབ་གཉེར་གནང་བ་དང་་སྔགས་རམས་པ་ཨང་གཉིས་པའི་མཚན་གནས་བཞེས། སློབ་གཉེར་གྱི་སྐབས་ནས་སློབ་གཉེར་བ་རྣམས་ལ་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང་ཞིང་། ལྷག་པར་དུ་སློབ་གཉེར་མཐར་ཕྱིན་པའི་རྗེས་སུ་གྲྭ་ས་རང་དུ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆག་མེད་གནང་བཞིན་པ་དང་། བརྩམས་ཆོས་པར་སྐྲུན་བྱས་ཚར་བ་པོད་དྲུག་ཡོད།

༡] Track-001 ནས་ Track-012 རྣམ་འགྲེལ་ལེའུ་དང་པོའི་མཆོད་བརྗོད། ༢] Track-013 ནས་ Track-026 ཕྱོགས་སྒྲ། ༣] Track-027 ནས་ Track057 ལའི་དུ་བ་རང་བཞིན་མ་དམིགས་པ། ༤] Track-058 ནས་ Track-073 རྟགས་གཞན་བཞི་པ། ༥] Track-074 ནས་ Track-104 འབྲེལ་པ།  ༦] Track-105 ནས་ Track-112 ཚད་མ་ཕྲུགས་གསུམ། ༧] Track-113 ནས་ Track-152 གཞན་སེལ་སྟོད་སྨད་ཆ་ཚང་།  ༨] Track-153 ནས་ Track-175 ཤིང་འཛིན་རྟོག་པ།  ༩] Track-176 ནས་ Track-187 བརྡ་ཡུལ། ༡༠] Track-188 ནས་ Track-209 ལུང་འགལ་དྲུག ༡༡] Track-210 ནས་ Track-211 རྟོགས་པ་ཕན་ཚུན། ༡༢] Track-212 ནས་ Track-221 ཤིན་ལྐོག  ༡༣] Track-222 ནས་ Track-242 དབང་ཕྱུག་རྟག་པ།  

Book དེབ་ཡོད།

ཤོག་ངོས་འདི་ཐེངས་ 1663 བཀླགས་འདུག མཐའ་མའི་བསྐྱར་བཅོས། Mon 24 Sep 2018 | 09:52
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com