དབུ་མ། (65)
ཁྲིད་གཞུང་། དབུ་མ་རྒྱན་གྱི་རྣམ་བཤད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZU2050427
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༥༥
རྣམ་པ། MP3 རྣམ་གྲངས། 23 ཆེ་ཆུང་། 1.11 GB
ཁྲིད་གཞུང་། དབུ་མ་རྒྱན་གྱི་རྣམ་བཤད་བླ་མའི་ཞལ་ལུང་།
མཛད་པ་པོ། འཇུ་མི་ཕམ་རིན་པོ་ཆེ། [༡༨༤༦-༡༩༡༢]
བརྗོད་བྱ། སྟོང་པ་ཉིད།
འཁྲིད་མཁན། མཁན་པོ་རྣམ་གྲོལ་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༡༡།༡༢ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁན་པོ་རྣམ་གྲོལ་མཆོག་ནི། ཕྱི་ལོ་ ༡༩༥༣ ལོར་སྡེ་དགེར་སྐུ་འཁྲུངས། དགུང་གྲངས་བདུན་པ་ ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་བཞུགས། ༡༩༦༨ ལོར་ཟླ་དྲུག་རིང་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་། སྨྱོ་ཤུལ་མཁན་རིན་པོ་ཆེ་དང་། མཁན་པོ་བརྩོན་འགྲུས་སོགས་ལས་སྟོང་ཐུན་སེངྒེའི་ང་རོ། རྩ་ཤེའི་མཆན་འགྲེལ། རིགས་ཚོགས་གཞན་རྣམས་དང་། ཤེར་ཕྱིན་དང་། དབུ་མ་སོགས་མདོ་ཕྱོགས་དང་། རང་གྲོལ་སྐོར་གསུམ། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་སོགས་གསན། དགུང་གྲངས་ཉེར་ལྔ་པ་ ༡༩༧༧ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་དགོངས་ལྟར་མཁན་པོ་བརྩོན་འགྲུས་དང་ལྷན་རྣམ་གྲོལ་གླིང་དགོན་པར་ཕེབས། ༡༩༧༨ ལོར་མཐོ་སློབ་དབུ་བརྙེས་ནས་བཟུང་བཤད་གྲྭའི་སྒྲིག་གཞི་གཟིགས་རྟོག་དང་དཔེ་ཁྲིད་སོགས་ཀྱིས་འཛིན་སྐྱོང་གནང་། ༡༩༨༣ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེས་མཁན་པོའི་མཚན་གནས་སྩལ། ༡༩༨༨ ལོར་༧མཁན་ཆེན་འཇིགས་མེད་ཕུན་ཚོགས་ལས་མདོ་སྔགས་སྤྱི་དང་། ཁྱད་པར་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་སོགས་དང་། ༡༩༩༢ ལོར་ཚིག་དོན་རིན་པོ་ཆེའི་མཛོད་སོགས་གསན། དེ་རྗེས་བཤད་གྲྭར་དབུ་མ་འཇུག་པ། སྤྱི་དོན་མཛོད་ཀྱི་ལྡེ་མིག་སོགས་རྒྱ་བོད་ཀྱི་གཞུང་ཆེན་རྣམས་ཀྱི་བཤད་ཁྲིད་གནང་། ༡༩༩༨ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་དགོངས་བཞིན་བལ་ཡུལ་ཡང་ལེ་ཤོད་དུ་སྒྲུབ་ཁང་བསམ་གཏན་འོད་གསལ་གླིང་རྟེན་བརྟེན་པ་བཅས་གསར་འཛུགས་ཀྱིས་དབང་ཁྲིད་སོགས་གནང་དང་གནང་སུ་བཞུགས་པ་ལགས་སོ། །
དེ་ལས་མང་བ།...
ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ།[ཉ] དབུ་ནས་སེམས་བསྐྱེད་དྲུག་པའི་བར།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZU2060371
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༤༩༩
རྣམ་པ། MP3 རྣམ་གྲངས། 49 ཆེ་ཆུང་། 2.46 GB
ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
ཁྲིད་མཚམས། དབུ་ནས་སེམས་བསྐྱེད་དྲུག་པའི་བར།
འཁྲིད་མཁན། དགེ་བཤེས་བློ་བཟང་དགེ་འདུན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༠༥།༢༧ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་སྒོ་མང་དགེ་བཤེས་བློ་བཟང་དགེ་འདུན་ནི། ༡༩༦༥ལོར་བོད་དུ་གཅན་ཚ་ཞེས་པའི་ས་ཆར་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་སྟེང་རབ་ཏུ་བྱུང་བ་དང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་གཞུང་ཆེན་ཁག་ལ་སློབ་གཉེར་བྱས། དགུང་ལོ་ཉི་ཤུར་ཉེ་བའི་སྐབས་སུ་འཕགས་ཡུལ་དུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། སྔ་གཞུག་ཏུ་ཚོགས་རམས་པ་དང་ལྷ་རམས་པའི་དམ་འཇོག་མཛད། སློབ་གཉེར་གྱི་སྐབས་ནས་གྲྭ་སར་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆག་མེད་གནང་། ༢༠༠༥ལོར་ལཱ་མོ་ཡོངས་འཛིན་ལུང་རྟོགས་རྒྱ་མཚོ་མཆོག་གི་བཀའ་ལུང་ལྟར་བོད་དུ་ཕྱིར་ཕེབས་ཤིང་། ཁྲི་ཤོར་རྒྱལ་མོའི་ཉེ་འདབས་ཐར་ཤུལ་དགོན་དུ་དཔེ་ཁྲིད་དང་དགོན་པར་དོ་དམ་བྱེད་པའི་འགན་བཞེས། ལོ་ངོ་གཉིས་རིང་ལ་ལཱ་མོ་བདེ་ཆེན་དགོན་དང་ཐར་ཤུལ་དགོན་གཉིས་སུ་རེས་མོས་ངང་སློབ་ཁྲིད་མཛད། ཕྱི་ལོ༢༠༠༨་ལོའི་ཟླ་༥་པའི་ཚེས༢༡་ཉིན་རྒྱ་ནག་གི་ཏ་ལེན་གྲོང་ཁྱེར་དུ་སྐུ་གཤེགས།
ཁྲིད་གཞུང་། དབུ་མ་ལ་འཇུག་པ། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZU2050426
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༥༤
རྣམ་པ། MP3 རྣམ་གྲངས། 69 ཆེ་ཆུང་། 1.72 GB
ཁྲིད་གཞུང་། དབུ་མ་ལ་འཇུག་པ།
མཛད་པ་པོ། དཔལ་ལྡན་ཟླ་བ་གྲགས་པ།
བརྗོད་བྱ། ཟབ་མོ་སྟོང་པ་ཉིད།
འཁྲིད་མཁན། མཁན་པོ་རྣམ་གྲོལ་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༡༡།༡༢ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁན་པོ་རྣམ་གྲོལ་མཆོག་ནི། ཕྱི་ལོ་ ༡༩༥༣ ལོར་སྡེ་དགེར་སྐུ་འཁྲུངས། དགུང་གྲངས་བདུན་པ་ ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་བཞུགས། ༡༩༦༨ ལོར་ཟླ་དྲུག་རིང་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་། སྨྱོ་ཤུལ་མཁན་རིན་པོ་ཆེ་དང་། མཁན་པོ་བརྩོན་འགྲུས་སོགས་ལས་སྟོང་ཐུན་སེངྒེའི་ང་རོ། རྩ་ཤེའི་མཆན་འགྲེལ། རིགས་ཚོགས་གཞན་རྣམས་དང་། ཤེར་ཕྱིན་དང་། དབུ་མ་སོགས་མདོ་ཕྱོགས་དང་། རང་གྲོལ་སྐོར་གསུམ། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་སོགས་གསན། དགུང་གྲངས་ཉེར་ལྔ་པ་ ༡༩༧༧ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་དགོངས་ལྟར་མཁན་པོ་བརྩོན་འགྲུས་དང་ལྷན་རྣམ་གྲོལ་གླིང་དགོན་པར་ཕེབས། ༡༩༧༨ ལོར་མཐོ་སློབ་དབུ་བརྙེས་ནས་བཟུང་བཤད་གྲྭའི་སྒྲིག་གཞི་གཟིགས་རྟོག་དང་དཔེ་ཁྲིད་སོགས་ཀྱིས་འཛིན་སྐྱོང་གནང་། ༡༩༨༣ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེས་མཁན་པོའི་མཚན་གནས་སྩལ། ༡༩༨༨ ལོར་༧མཁན་ཆེན་འཇིགས་མེད་ཕུན་ཚོགས་ལས་མདོ་སྔགས་སྤྱི་དང་། ཁྱད་པར་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་སོགས་དང་། ༡༩༩༢ ལོར་ཚིག་དོན་རིན་པོ་ཆེའི་མཛོད་སོགས་གསན། དེ་རྗེས་བཤད་གྲྭར་དབུ་མ་འཇུག་པ། སྤྱི་དོན་མཛོད་ཀྱི་ལྡེ་མིག་སོགས་རྒྱ་བོད་ཀྱི་གཞུང་ཆེན་རྣམས་ཀྱི་བཤད་ཁྲིད་གནང་། ༡༩༩༨ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་དགོངས་བཞིན་བལ་ཡུལ་ཡང་ལེ་ཤོད་དུ་སྒྲུབ་ཁང་བསམ་གཏན་འོད་གསལ་གླིང་རྟེན་བརྟེན་པ་བཅས་གསར་འཛུགས་ཀྱིས་དབང་ཁྲིད་སོགས་གནང་དང་གནང་སུ་བཞུགས་པ་ལགས་སོ། །
ཁྲིད་གཞུང་། རྩ་ཤེ་ཊཱིཀ་ཆེན། [ག] སྨད་ཆ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZU2040429
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༥༧
རྣམ་པ། MP3 རྣམ་གྲངས། 156 ཆེ་ཆུང་། 3.73 GB
ཁྲིད་གཞུང་། རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
ཁྲིད་མཚམས། སྨད་ཆ།
འཁྲིད་མཁན། མཁན་ཟུར་དགེ་འདུན་ཆོས་འཕེལ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༡༡།༡༤ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་རབས་དོན་ལྔ་པ་དགེ་འདུན་ཆོས་འཕེལ་མཆོག་ནི། ཕྱི་ལོ་༡༩༤༡ ལོར་བོད་དཀར་མཛེས་སུ་སྐུ་འཁྲུངས། ཕྱི་ལོ་༡༩༤༨ལོར་དཀར་མཛེས་དགོན་དུ་སྒྲིག་ཞུགས་གནང་། ༡༩༥༥ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། གཞུང་རྙིང་འཛིན་གྲྭའི་སྐབས་སྦྱོར་ལམ་སྔ་རྒོལ་གྱི་རིགས་ཆུང་ཚོགས་ལངས་གནང། ༡༩༥༩ལོར་བྱེས་སུ་ཕེབས་ཏེ་སྦག་སར་གཞུང་ཆེན་སློབ་གཉེར་གྱི་འཕྲོ་བསྐྱངས། ༡༩༦༠ལོར་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལས་བསྙེན་པར་རྫོགས། ༡༩༩༠ ལོར་དགེ་བཤེས་ཀྱི་དམ་འཇོག་མཛད། ༢༠༡༦ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས་ན་ཡང་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
ཁྲིད་གཞུང་། རྩ་ཤེ་ཊཱིཀ་ཆེན། [ག] སྟོད་ཆ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZU2040428
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༥༦
རྣམ་པ། MP3 རྣམ་གྲངས། 154 ཆེ་ཆུང་། 3.73 GB
ཁྲིད་གཞུང་། རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧- ༡༤༡༩]
ཁྲིད་མཚམས། སྟོད་ཆ།
འཁྲིད་མཁན། མཁན་ཟུར་དགེ་འདུན་ཆོས་འཕེལ་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༡༡།༡༤ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་རབས་དོན་ལྔ་པ་དགེ་འདུན་ཆོས་འཕེལ་མཆོག་ནི། ཕྱི་ལོ་༡༩༤༡ ལོར་བོད་དཀར་མཛེས་སུ་སྐུ་འཁྲུངས། ཕྱི་ལོ་༡༩༤༨ལོར་དཀར་མཛེས་དགོན་དུ་སྒྲིག་ཞུགས་གནང་། ༡༩༥༥ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། གཞུང་རྙིང་འཛིན་གྲྭའི་སྐབས་སྦྱོར་ལམ་སྔ་རྒོལ་གྱི་རིགས་ཆུང་ཚོགས་ལངས་གནང། ༡༩༥༩ལོར་བྱེས་སུ་ཕེབས་ཏེ་སྦག་སར་གཞུང་ཆེན་སློབ་གཉེར་གྱི་འཕྲོ་བསྐྱངས། ༡༩༦༠ལོར་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལས་བསྙེན་པར་རྫོགས། ༡༩༩༠ ལོར་དགེ་བཤེས་ཀྱི་དམ་འཇོག་མཛད། ༢༠༡༦ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས་ན་ཡང་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ།[ཏ] དབུ་མ་སེམས་བསྐྱེད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADZU2030374
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༠༢
རྣམ་པ། MP3 རྣམ་གྲངས། 13 ཆེ་ཆུང་། 376.2 MB
ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
ཁྲིད་མཚམས། དབུ་མ་སེམས་བསྐྱེད།
འཁྲིད་མཁན། ཕ་ར་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༠༥།༢༨ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་བློ་གླིང་ཕ་ར་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་ནི། ཕྱི་ལོ་༡༩༣༥ ལོར་འབའ་པ་ཕ་ར་སྤྱི་གསོ་ཚང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་ཏེ། མཁན་ཆེན་པདྨ་རྒྱལ་མཚན་མཆོག་དང་ཤག་སྐོར་མཁན་པོ་ཉི་མ་རྒྱལ་མཚན་གཉིས་བསྟེན་ནས་གཞུང་ཆེན་ཁག་ལ་སློབ་གཉེར་དང་། ཞོར་དུ་ཐུན་མོང་རིག་གནས་ལའང་སྦྱངས་པ་མཛད། ༡༩༥༩ ལོར་རྒྱ་གར་དུ་ཕེབས་ཏེ་སློབ་གཉེར་འཕྲོ་བསྐྱངས། ༡༩༨༡ ནས་༡༩༨༧ བར་དབྱིན་ཇིའི་གཙུག་ལག་སློབ་ཆེན་ཞིག་ཏུ་དབྱིན་ཡིག་ཆེད་སྦྱོང་དང་། འཇམ་དབྱངས་ཆོས་ཚོགས་ཀྱི་སློབ་དཔོན་ཡང་གནང་། དེ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་གདན་སར་ཕེབས་ཏེ་སློབ་མ་མང་པོར་དཔེ་ཁྲིད་གནང་ནས་བཞུགས་ཤིང་༧གོང་ས་མཆོག་གི་བཀའ་བཞིན་༧ཡོངས་འཛིན་གླིང་རིན་པོ་ཆེའི་ཡོངས་འཛིན་ཡང་གནང་། ༢༠༡༥ ཟླ་བ་ ༨ ཚེས་༡༨ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧།༥ སྟེང་འབྲས་བློ་གླིང་གྲྭ་ཚང་དུ་ཁོང་གི་གཟིམ་ཤག་ཏུ་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། དབུ་མའི་རྟེན་འབྱུང་སྙིང་པོ་སོགས་བོད་དབྱིན་གཉིས་ཐོག་གསར་རྩོམ་འགྱུར་མ་བཅས་དེབ་ཆེན་བཅུ་གཉིས་ཡོད།