ཐོག་མའི་བཟོ་དུས། Mon 14 Dec 2015 | 13:19

སེམས་ཉིད་ངལ་གསོ།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

zksz140003དེབ་ཨང་།  ZKSZ140003
གཞུང་ཆེན་ཁག །[གསང་སྔགས།] སྤྱིའི་ཨང་། ༢༡༠
མཚན་བྱང་། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ།
མཛད་པ་པོ། ཀུན་མཁྱེན་ཀློང་ཆེན་དྲི་མེད་འོད་ཟེར།[༡༣༠༨-༡༣༦༣]
རྣམ་པ། PDF ཤོག་གྲངས། 89 ཆེ་ཆུང་། 920 KB
ཡིག་གྲངས། 107,267
བསྐྱར་སྒྲིག་པ། རྩོམ་སྒྲིག་པ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ། 
༢༠༡༥ ལོའི་ཟླ་ ༡༡།༡༦ ལ་གསར་དུ་རྩོམ་སྒྲིག་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཀུན་མཁྱེན་ཀླུང་ཆེན་དྲི་མེད་འོད་ཟེར། གཡོ་རུ་གྲྭའི་ཆ་སྟོད་གྲོང་དུ་འཁྲུངས། དགུང་ལོ་ལྔའི་སྐབས་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་པར་ཆོས་སྒོར་ཞུགས། དགུང་ལོ་བཅུ་དྲུག་པར་ལམ་འབྲས་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་པས་ཀློང་ཆེན་རབ་འབྱམས་པ་ཞེས་པའི་མཚན་སྙན་ཐོབ། གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་ཚལ་དུ་དགོན་གནས་བཏབ། དབུ་རུ་ཞྭའི་ལྷ་ཁང་ཞིག་གསོ་མཛད། སྐུ་ཚེ་གང་པོར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། གངས་ཅན་གྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་དུ་བགྲངས། ༡༣༦༣ ལོར་བསམ་ཡས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ་སྐུ་གཤེགས། གསུང་རྩོམ་ལ་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་པར་གྲགས།

PDF       ཕབ་ལེན།
ཤོག་ངོས་འདི་ཐེངས་ 543 བཀླགས་འདུག མཐའ་མའི་བསྐྱར་བཅོས། Fri 17 May 2019 | 15:46
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག།  iPad,iPhone & iPod Touch སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

སྡེ་ཚན་འདིའི་ནང་དུ་མང་། « སེམས་ངོ་མཛུབ་ཚུགས་ཀྱི་གདམས་པ།