དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 19 རེས་གཟའ། Wed

ལྕང་སྐྱའི་གསང་འདུས་བསྐྱེད་རྫོགས།

དྲ་འཇུག་པ།

sjrb-0105མཛད་པ་པོ། ལྕང་སྐྱ་ངག་དབང་ཆོས་ལྡན།
བརྗོད་བྱ། རིམ་གཉིས་ཀྱི་ཁྲིད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0105
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 96 ལྗིད་ཚད། 930KB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་མཆོག་ནི། མདོ་སྨད་ཙོང་ཁ་རྟ་ཕྱུག་ཅེས་པའི་གྲོང་དུ་ཡབ་ཨེ་ཧར་དང་ཡུམ་ལོ་བཟའ་ཐར་མོ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་སྐུ་བལྟམས། ཐང་རིང་དགོན་གྱི་ཁྲི་པ་ཚུལ་ཁྲིམས་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བླ་མ་གོང་མ་གྲགས་པ་འོད་ཟེར་གྱི་སྤྲུལ་སྐུར་ངོས་འཛིན་མཛད། བླ་མ་ཚུལ་ཁྲིམས་རྒྱ་མཚོ་དང་ཕུན་ཚོགས་བཟང་པོ་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་། ཀུན་གཟིགས་ལྔ་པ་ཆེན་པོ་བློ་བཟང་རྒྱ་མཚོ་མཆོག་གི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་མནོས། བློ་བཟང་ཆོས་ལྡན་ཞེས་པའི་མཚན་གནང་། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགུང་ལོ་ཉེར་གསུམ་ལ་ཕེབས་པ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བདུན་པར་གླིང་བསྲེ་དང་ལྷ་ས་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད། གོང་མས་མཚོ་བདུན་དུ་ལྷ་ཁང་གསར་རྒྱག་བྱས་པའི་གཙུག་ལག་ཁང་རྟེན་གསུམ་པ་ཐམས་ཅད་རྗེ་འདི་ལ་གཏད། མེ་ཁྱི་ལོར་གོང་མས་ཀྭོན་ཏིང་ཕུའུ་ཤན་བཀང་ཆི་ཏཱ་གོ་ཤྲིའི་ལུང་དང་གསེར་ཐམ་གནང་། མཐར་དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ལོར་སྐུ་གཤེགས།
གསུང་རྩོམ། ཡཱ་དུར་ཛིན་འབྲེལ་སྙིང་པོའི་ཊིཀྐ་བདེ་གཤེགས་དགོངས་རྒྱན། བྱིན་རླབས་མྱུར་དུ་འཇུག་བྱེད་བླ་མ་ལྷའི་རྣལ་འབྱོར་སྐོར་སོགས་པོད་ལྔ་ཙམ་མཛད།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

ཁམས་ཚན་ཁག

དྲ་འཇུག་པ།

ཁམས་ཚན་ནི་ཕྱོགས་སོ་སོ་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་ལྟ་སྐྱོང་དང་སྒྲིག་ལམ་ཚགས་ཚུད། སློབ་གཉེར་ཡར་རྒྱས་སོགས་ལ་དམིགས་ཏེ་གྲྭ་པ་རྣམས་ཀྱི་ཡོང་ཁུངས་ས་ཁུལ་ལ་གཞིགས་ནས་ཚན་ཁག་སོ་སོར་བགོས་ཤིང༌། ཁམས་ཚན་དུ་མ་ལས་གྲྭ་ཚང་གཅིག་གྲུབ། སྔར་སེ་འབྲས་དགའ་གསུམ་ལ་ཆ་བཞག་ན། སེ་ར་དགོན་པར་ཁམས་ཚན་སུམ་ཅུ་དང༌། འབྲས་སྤུངས་དགོན་པར་བརྒྱད་ཅུ། དགའ་ལྡན་དགོན་པར་ཉེར་དྲུག་བཅས་ཡོད་པ་ལྟ་བུ་ཡིན་ལ། འདི་ག་སེར་བྱེས་གྲྭ་ཚང་ལ་མཚོན་ན་སྔོན་ཆད་བོད་དུ་ཁམས་ཚན་ཉེར་གཅིག་བྱུང་ཞིང་། ཁམས་ཚན་འདི་དག་ཏུ་བོད་རྒྱ་ཧོར་སོགས་ནས་མི་རིགས་དང་ལུང་ཚན་དབྱེར་མེད་ཀྱི་སློབ་གཉེར་པ་གང་མང་ཞིག་རྒྱུན་མ་ཆད་པར་ཕེབས་མྱོང་ཡོད་པ་དང་། འཕགས་ཡུལ་དུ་བོད་ནས་གསར་འབྱོར་བ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས། རུ་སོག་གི་ཡུལ། ཐེ་ཝན། ཀོ་རུ་ཡ། ནུབ་ཕྱོགས་རྒྱལ་ཁབ་སོགས་ནས་ཕེབས་པའི་གྲྭ་པ་སློབ་གཉེར་བ་རྣམས་བཞུགས་སའི་ཁམས་ཚན་བཅུ་གསུམ་ཡོད་དོ། །

སྔོན་ཆད་བོད་དུ་ཡོད་པའི་སེར་བྱེས་གྲྭ་ཚང་གི་ཁམས་ཚན་གྱི་ཐོ།
ཨང་།ཁམས་ཚན།ཨང་།ཁམས་ཚན།ཨང་།ཁམས་ཚན།
༠༡ བསམ་བློ། ༠༨ སྒོམ་སྡེ། ༡༥ ཨེ་པ།
༠༢ ཧར་གདོང་། ༠༩ ལྭ་བ། ༡༦ གཉལ་པ།
༠༣ བྱ་བྲལ། ༡༠ ལྡན་མ། ༡༧ དྭགས་པོ།
༠༤ ཏྲེ་ཧོར། ༡༡ མངའ་རིས། ༡༨ རྩེད་ཐང་།
༠༥ པྲ་སྟི། ༡༢ སྟག་མོ། ༡༩ གུ་གེ །
༠༦ ཚྭ་བ། ༡༣ གཙང་པ། ༢༠ དཔེ་ཐུབ།
༠༧ ལྷོ་པ། ༡༤ རྒྱལ་བྱེད། ༢༡ ཟངས་དཀར།
ང་དགུའི་རྗེས་སུ་འཕགས་ཡུལ་སེར་བྱེས་གྲྭ་ཚང་གི་ཁམས་ཚན་གྱི་ཐོ།
ཨང་།ཁམས་ཚན།ཨང་།ཁམས་ཚན།ཨང་།ཁམས་ཚན།
༠༡ བསམ་བློ། ༠༦ ཚྭ་བ། ༡༡ མངའ་རིས།
༠༢ ཧར་གདོང་། ༠༧ ལྷོ་པ ༡༢ གཙང་པ།
༠༣ བྱ་བྲལ། ༠༨ སྒོམ་སྡེ། ༡༣ དྭགས་པོ།
༠༤ ཏྲེ་ཧོར། ༠༩ ལྭ་བ ༡༤ རྩེད་ཐང་།
༠༥ པྲ་སྟི། ༡༠ ལྡན་མ།   -
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

གྲྭ་ཚང་གི་ཕྱག་མཛོད་ཀྱི་བྱུང་རིམ།

དྲ་འཇུག་པ།
ཕྱི་ལོ་ ༡༩༧༤ ལོར་ཕྱག་མཛོད་ཁང་གསར་འཛུགས་བྱས་པ་ནས་བཟུང་བའི་ཕྱག་མཛོད་རྣམ་པའི་མཚན་ཐོ་དང་ལས་ཡུན །
སྐབས་གང་ཡིན།མཚན་གནས་དང་། མཚན་གཞུང་།ལས་ཡུན།

སྐབས་ཉི་ཤུ་པ།
ཕྱག་མཛོད་ཆེན་མོ།    དགེ་བཤེས་ཐུབ་བསྟན་སྨོན་ལམ།
       ཕྱག་མཛོད།    དགེ་བཤེས་བློ་བཟང་ལྷུན་གྲུབ།
       ཕྱག་མཛོད།    དགེ་བཤེས་བློ་བཟང་སྒྲ་དབྱངས།
       ཕྱག་མཛོད།    དགེ་བཤེས་ཟླ་བ་བཟང་པོ།

༢༠༠༥ - ༢༠༡༥

སྐབས་ཉེར་གཅིག་པ།
ཕྱག་མཛོད་ཆེན་མོ།    དགེ་བཤེས་ཐུབ་བསྟན་དབང་ཕྱུག
       ཕྱག་མཛོད།    དགེ་བཤེས་བསོད་ནམས་ཡར་འཕེལ།
       ཕྱག་མཛོད།    དགེ་བཤེས་བློ་བཟང་བསྟན་པ།
       ཕྱག་མཛོད།    དགེ་བཤེས་བྱམས་པ་བདེ་ལེགས།

༢༠༡༥ - ༢༠༡༩

སྐབས་ཉེར་གཉིས་པ།
ཕྱག་མཛོད་ཆེན་མོ།    དགེ་བཤེས་ངག་དབང་བཟང་པོ།
       ཕྱག་མཛོད།    དགེ་བཤེས་བློ་བཟང་སྒྲ་དབྱངས།
       ཕྱག་མཛོད།     དགེ་བཤེས་ཤེས་རབ་རྒྱ་མཚོ།
       ཕྱག་མཛོད།     དགེ་བཤེས་བློ་བཟང་བཀྲ་ཤིས།

༢༠༡༩-༢༠༢༢

སྐབས་ཉེར་གསུམ་པ།
ཕྱག་མཛོད་ཆེན་མོ།    དགེ་བཤེས་ངག་དབང་བྱང་ཆུབ།
       ཕྱག་མཛོད།    དགེ་བཤེས་པ་སངས་ཟླ་བ།
       ཕྱག་མཛོད།     དགེ་བཤེས་ངག་དབང་བརྩོན་འགྲུས།
       ཕྱག་མཛོད།     དགེ་བཤེས་ངག་དབང་རིག་གྲོལ།

༢༠༢༢-༢༠༢༥

སྐབས་ཉེར་བཞི་པ།
ཕྱག་མཛོད་ཆེན་མོ།    དགེ་བཤེས་བློ་བཟང་ནོར་བུ།
       ཕྱག་མཛོད།    དགེ་བཤེས་བློ་བཟང་མཁས་གྲུབ།
       ཕྱག་མཛོད།     དགེ་བཤེས་མགོན་པོ་དགྲ་འདུལ།
       ཕྱག་མཛོད།     དགེ་བཤེས་ངག་དབང་སྙིང་རྗེ།

༢༠༢༥།༠༤།༠༡ -
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

ལོ་རྒྱུས་ཀྱི་མཁས་དབང་ཁག

དྲ་འཇུག་པ།

འདིའི་ནང་དུ་ལོ་རྒྱུས་ཐོག་ཡོངས་གྲགས་ཀྱི་གྲྭ་ཚང་གི་མཁས་དབང་དང་གྲགས་ཅན་གྱི་དམ་པ་རྣམ་པའི་མཚན་ཐོ་དང་། སྐུ་པར་དང་ལོ་རྒྱུས་རྙེད་སོན་བྱུང་བ་དག་ལ་སྐུ་པར་དང་ངོ་སྤྲོད་མདོར་བསྡུས་རེ་མཉམ་དུ་བཀོད་ཡོད་ཅིང་། ད་དུང་འདིའི་ནང་དུ་མ་ཚུད་པ་དང་རྣམ་ཐར་དང་སྐུ་པར་མ་རྙེད་པ་དག་ཀྱང་འཚོལ་སྡུད་བྱ་རྒྱུ་དང་། འབྲེལ་ཡོད་རྣམ་པས་ཀྱང་མཁོ་སྤྲོད་དང་རྒྱབ་རོགས་གནང་རྒྱུ་མཁྱེན་མཁྱེན་ཞེས་དང་། སྐྱོན་དང་ནོར་འཁྲུལ་གང་ཡོད་ལ་བཟོད་གསོལ་དང་ཡོ་བསྲང་བྱ་ངེས་ཡིན།

སེར་བྱེས་གྲྭ་ཚང་ནས་ཕེབས་པའི་ལོ་རྒྱུས་ཐོག་ཡོངས་གྲགས་མཁས་དབང་རིམ་བྱོན་ཁག་གཅིག་གི་མཚན་གཞུང་།
ཨང་།ཁྲི་ཆེན་གྱི་མཚན་དང་ངོ་སྤྲོད་མདོར་བསྡུས།འཁྲུངས་འདས་ཀྱི་ལོ་ཚིགས།
༠༡ ཕུར་ལྕོག་ངག་དབང་བྱམས་པ། -
༠༢ ཡོངས་འཛིན་ཕུར་ལྕོག་བྱམས་པ་ཚུལ་ཁྲིམས་རྒྱ་མཚོ། -
༠༣ ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན། -
༠༤ མཁར་རྡོ་བཟོད་པ་རྒྱ་མཚོ། -
༠༥ ཀློང་རྡོལ་ངག་དབང་བློ་བཟང་། -
༠༦ ཆབ་མདོ་འཕགས་པ་ལྷ་སྐུ་ཕྲེང་ལྔ་ཕྱི། -
༠༧ སེ་ར་པཎ་ཌི་ཏ་བློ་བཟང་སྦྱིན་པ། -
༠༨ སེར་བྱེས་དགེ་བཤེས་ཚུལ་ཁྲིམས་དར་རྒྱས། -
༠༩ སེར་བྱེས་དགེ་བཤེས་ངག་དབང་བསྟན་པ། -
༡༠ སེར་བྱེས་དགེ་བཤེས་བདེ་ཁང་བློ་བཟང་རབ་བརྟན། -
༡༡ སེར་བྱེས་དགེ་བཤེས་གྲགས་པ་རྒྱལ་མཚན། -
༡༢ སེར་བྱེས་དགེ་བཤེས་སྐལ་བཟང་ལེགས་བཤད། -
༡༣ སེར་བྱེས་དགེ་བཤེས་ཨ་ཀ་བསོད་ནམས་བཟང་པོ། -
༡༤ སེར་བྱེས་དགེ་བཤེས་གཙང་པཎ་ཌི་ཏ་བསྟན་པ་རྒྱ་མཚོ། -
༡༥ སེར་བྱེས་དགེ་བཤེས་བྱམས་པ་དགེ་ལེགས་རྒྱལ་མཚན། -
༡༦ སེར་བྱེས་དགེ་བཤེས་ཤིང་བཟའ་པཎ་ཌི་ཏ་བསྟན་པ་རྒྱ་མཚོ། -
༡༧ སེར་བྱེས་དགེ་བཤེས་སྐལ་བཟང་རྣམ་རྒྱལ། -
༡༨ སེར་བྱེས་དགེ་བཤེས་རིན་ཆེན་དོན་གྲུབ། -
༡༩ སེར་བྱེས་དགེ་བཤེས་བློ་བཟང་དགེ་ལེགས། -
༢༠ རྫ་དབོན་པོ་རྗེ་བློ་གྲོས་རབ་ཡངས། -
༢༡ མཚམས་སྤྲུལ་སྐུ་ཕྲེང་གཉིས་པ་རྒྱུད་སྨད་བླ་མ་དབུ་མཛད་འཕྲིན་ལས་རྣམ་གྲོལ། ༡༩༢༦-༡༩༧༤
༢༢ སེར་བྱེས་བྱ་བྲལ་བཀའ་འགྱུར་བ་ཨོ་ཐོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན། ༡༨༨༢-༡༩༦༣
༢༣ སོག་པོ་དགེ་བཤེས་ཆོས་གྲགས། དག་ཡིག་དགེ་བཤེས་ཆོས་གྲགས་རྩོམ་པ་པོ། ༡༨༩༧-་སོགས་དང་།
༢༤ སེར་བྱེས་དགེ་བཤེས་གཙང་པ་ངག་དབང་དགེ་འདུན། -
༢༥ སེར་བྱེས་དགེ་བཤེས་གཙང་པ་ལྷུན་གྲུབ་རིག་གསལ། -
༢༦ སེར་བྱེས་ཚྭ་དགེ་བཤེས་བྱམས་པ་མཐའ་ཡས། -
༢༧ སེར་བྱེས་ཏྲེ་བཤེས་མཐུ་སྟོབས་སོགས། -
༢༨ ཀེའུ་ཚང་འཇམ་དབྱངས་སྨོན་ལམ། ༡༦༨༩-
༢༩ བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ། ༡༧༥༠-༡༨༡༤
༣༠ དཀའ་ཆེན་བྱང་ཆུབ་རིན་ཆེན་དཔལ་བཟང་པོ། དུས་རབས་༡༠ པའི་སྟོད་ཙམ།
༣༡ གོང་ཡུ་ངག་དབང་རྒྱ་མཚོ། ༡༦༨༨-༡༧༦༠
༣༢ རྒྱུད་ནེ་རྒན་པ་བློ་བཟང་ཆོས་དབྱིངས། -
༣༣ ངག་དབང་ཚུལ་ཁྲིམས། ༡༦༧༧-༡༧༥༡
༣༤ གཅན་ཚ་སྦྱིན་པ་ཀུན་བཟང -
༣༥ ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ༡༡༧༧༠-༡༨༤༥
༣༦ འཇམ་དབྱངས་དོན་ཡོད་དཔལ་ལྡན། ༡༤༤༥-༡༥༢༤
༣༧ རྟ་ཚག་ངག་དབང་དཀོན་མཆོག ༡༦༥༣-༡༧༠༧
༣༨ དར་ཚང་བློ་བཟང་རབ་རྒྱས། ༡༡༨༢༢-
༣༩ དྲུང་བ་བརྩོན་འགྲུས་རྒྱལ་མཚན། ༡༥༦༧-༡༦༥༠
༤༠ གདོང་གཞུག་ངག་དབང་ཆོས་གྲགས། -
༤༡ མདོ་བ་གྲགས་པ་རྒྱལ་མཚན། -
༤༢ མདོ་བ་བློ་བཟང་དབང་ཕྱུག་རྒྱ་མཚོ། ༡༧༧༣-༡༨༨༠
༤༣ ལྡན་མ་བློ་བཟང་བསྟན་པ་ཆོས་འཕེལ། -
༤༤ སྡོང་ངེ་དགེ་འདུན་ཆོས་འཕེལ། -
༤༥ བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག ༡༡༦༠༦-༡༦༥༢
༤༦ བྲག་ལུང་ངག་དབང་མཁས་གྲུབ་རྒྱ་མཚོ། ༡༧༠༠-༡༧༨༥
༤༧ ཛ་ཡ་བློ་བཟང་འཕྲིན་ལས། ༡༦༤༢-༡༧༠༨
༤༨ ཟི་ན་ངག་དབང་བསྟན་པ། ༡༦༨༣-༡༧༤༦
༤༩ ཟི་ན་ཆོས་རྗེ་ལེགས་པ་རྒྱ་མཚོ། ༡༥༩༣-༡༦༦༢
༥༠ ཟི་ན་ཞབས་དྲུང་ཆེ་བ་ངག་དབང་བློ་བཟང་། ༡༦༦༤-
༥༡ ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས། ༡༦༠༤-༡༦༥༧
༥༢ གཟིམ་ཁང་ངག་དབང་བསྟན་འཛིན་མཆོག་གྲུབ། ༡༨༢༦-༡༨༨༨
༥༣ ཡང་ཀྱཱ་ཞབས་དྲུང་ངག་དབང་བློ་བཟང་ཚུལ་ཁྲིམས་ཕུན་ཚོགས། ༡༨༧༥-
༥༤ ཡང་ཀྱཱ་ལྷ་རམས་པ་བློ་བཟང་ཆོས་དར། -
༥༥ རྭ་སྒྲེང་ཁྲི་སྤྲུལ་བསྟན་པ་རབ་རྒྱས། ༡༧༥༦-༡༨༡༥
༥༦ རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོ། ༡༨༡༦-༡༨༦༣
༥༧ རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན། ༡༩༡༩-༡༩༤༧
༥༨ སེར་བྱེས་བྱམས་པ་སྐལ་བཟང་། -
༥༩ སེར་བྱེས་བྱམས་པ་ཡོན་ཏན། -
༦༠ ཧྭན་འཛིན་འཇམ་དབྱངས་རྒྱལ་མཚན། ༡༧༧༣-
༦༡ ལྷ་རམས་པ་བློ་བཟང་ཚེ་བརྟན། -
༦༢ ཨ་རིག་བློ་བཟང་སྙན་གྲགས། ༡༧༡༨-༡༨༠༠
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

རྒྱུད་སྟོད་སྨད་ཀྱི་མཁན་པོ་མཁན་ཟུར།

དྲ་འཇུག་པ།

འདིའི་ནང་དུ་གྲྭ་ཚང་རང་ནས་རྒྱུད་སྟོད་སྨད་ཀྱི་མཁན་ཁྲི་ལས་དགའ་ལྡན་ཁྲི་དང་ཤར་བྱང་གི་ཆོས་རྗེར་མ་ཕེབས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་དང་། སྐུ་པར་དང་ལོ་རྒྱུས་རྙེད་སོན་བྱུང་བ་དག་ལ་སྐུ་པར་དང་ངོ་སྤྲོད་མདོར་བསྡུས་རེ་མཉམ་དུ་བཀོད་ཡོད་ཅིང་། ད་དུང་འདིའི་ནང་དུ་མ་ཚུད་པ་དང་རྣམ་ཐར་དང་སྐུ་པར་མ་རྙེད་པ་དག་ཀྱང་འཚོལ་སྡུད་བྱ་རྒྱུ་དང་། འབྲེལ་ཡོད་རྣམ་པས་ཀྱང་མཁོ་སྤྲོད་དང་རྒྱབ་རོགས་གནང་རྒྱུ་མཁྱེན་མཁྱེན་ཞེས་དང་། སྐྱོན་དང་ནོར་འཁྲུལ་གང་ཡོད་ལ་བཟོད་གསོལ་དང་ཡོ་བསྲང་བྱ་ངེས་ཡིན། [རྒྱུད་སྟོད་སྨད་ཀྱི་མཁན་པོ་ནས་ཤར་བྱང་གི་ཆོས་རྗེ་སོགས་དང་། གྲྭ་ཚང་གི་མཁན་པོར་ཕེབས་པ་དག་གི་སྐུ་པར་ཁུངས་གཞན་དུ་བཞུགས་བཅུག་ཡོད་པས་འདིའི་ནང་དུ་མེད།]

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

ཤར་བྱང་གི་ཆོས་རྗེར་ཕེབས་པ།

དྲ་འཇུག་པ།

དིར་སེར་བྱེས་གྲྭ་ཚང་ནས། ཤར་བྱང་གི་ཆོས་རྗེ་ལས་དགའ་ལྡན་ཁྲི་ལ་མ་ཕེབས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་དང་། སྐུ་པར་དང་ལོ་རྒྱུས་རྙེད་སོན་བྱུང་བ་དག་ལ་སྐུ་པར་དང་ངོ་སྤྲོད་མདོར་བསྡུས་རེ་མཉམ་དུ་བཀོད་ཡོད་ཅིང་། ད་དུང་འདིའི་ནང་དུ་མ་ཚུད་པ་དང་རྣམ་ཐར་དང་སྐུ་པར་མ་རྙེད་པ་དག་ཀྱང་འཚོལ་སྡུད་བྱ་རྒྱུ་དང་། འབྲེལ་ཡོད་རྣམ་པས་ཀྱང་མཁོ་སྤྲོད་དང་རྒྱབ་རོགས་གནང་རྒྱུ་མཁྱེན་མཁྱེན་ཞེས་དང་། སྐྱོན་དང་ནོར་འཁྲུལ་གང་ཡོད་ལ་བཟོད་གསོལ་དང་ཡོ་བསྲང་བྱ་ངེས་ཡིན།

སེར་བྱེས་གྲྭ་ཚང་ནས་ཤར་བྱང་གི་ཆོས་རྗེར་ཕེབས་པ།
ཨང་།མཚན་དང་ངོ་སྤྲོད་མདོར་བསྡུས།འཁྲུངས་འདས་ཀྱི་ལོ་ཚིགས།
༠༡ ཁྲི་བཅོ་ལྔ་བ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ། ༡༤༧༨-༡༥༥༤
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

དགའ་ལྡན་ཁྲིར་ཕེབས་པ།

དྲ་འཇུག་པ།

འདིར་སེར་བྱེས་གྲྭ་ཚང་ནས། དགའ་ལྡན་ཁྲི་པ་ལ་ཕེབས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་དང་། སྐུ་པར་དང་ལོ་རྒྱུས་རྙེད་སོན་བྱུང་བ་དག་ལ་སྐུ་པར་དང་ངོ་སྤྲོད་མདོར་བསྡུས་རེ་མཉམ་དུ་བཀོད་ཡོད་ཅིང་། ད་དུང་འདིའི་ནང་དུ་མ་ཚུད་པ་དང་རྣམ་ཐར་དང་སྐུ་པར་མ་རྙེད་པ་དག་ཀྱང་འཚོལ་སྡུད་བྱ་རྒྱུ་དང་། འབྲེལ་ཡོད་རྣམ་པས་ཀྱང་མཁོ་སྤྲོད་དང་རྒྱབ་རོགས་གནང་རྒྱུ་མཁྱེན་མཁྱེན་ཞེས་དང་། སྐྱོན་དང་ནོར་འཁྲུལ་གང་ཡོད་ལ་བཟོད་གསོལ་དང་ཡོ་བསྲང་བྱ་ངེས་ཡིན།

སེར་བྱེས་གྲྭ་ཚང་ནས་དགའ་ལྡན་ཁྲི་རིན་པོ་ཆེར་ཕེབས་པ་རིམ་བྱོན།
ཨང་།ཁྲི་ཆེན་གྱི་མཚན་དང་ངོ་སྤྲོད་མདོར་བསྡུས།འཁྲུངས་འདས་ཀྱི་ལོ་ཚིགས།
༠༡ ཁྲི་བཅོ་ལྔ་བ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ། ༡༤༧༨-༡༥༥༤
༠༢ ཁྲི་ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན། ༡༥༣༢-༡༦༠༧
༠༣ ཁྲི་སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ། ༡༥༦༡-༡༦༢༣
༠༤ ཁྲི་ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད། ༡༦༠༢-༡༦༧༨
༠༥ ཁྲི་ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན། ༡༦༦༥-༡༧༥༡
༠༦ ཁྲི་ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས། ༡༧༠༧-༡༧༧༨
༠༧ ཁྲི་དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ། ༡༧༡༠-༡༧༨༡
༠༨ ཁྲི་རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས། ༡༧༣༩-༡༨༠༡
༠༩ ཁྲི་རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས། ༡༧༤༦-༡༨༢༤
༡༠ ཁྲི་དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས། -
༡༡ ཁྲི་གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན། -
༡༢ ཁྲི་གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན། -
༡༣ ཁྲི་གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས། ༡༨༨༦-༡༩༤༩
༡༤ ཁྲི་གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ། ༡༩༥༤-
༡༥ ཁྲི་བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན། ༡༩༣༥
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་རིམ་བྱོན་གྱི་རྣམ་ཐར།

དྲ་འཇུག་པ།

འདིར་གྲྭ་ཚང་གི་མཁན་རབས་རིམ་བྱོན་གྱི་མཚན་ཐོ་དང་། སྐུ་པར་དང་ལོ་རྒྱུས་རྙེད་སོན་བྱུང་བ་དག་ལ་སྐུ་པར་དང་ངོ་སྤྲོད་མདོར་བསྡུས་རེ་མཉམ་དུ་བཀོད་ཡོད་ཅིང་། ད་དུང་འདིའི་ནང་དུ་མ་ཚུད་པ་དང་རྣམ་ཐར་དང་སྐུ་པར་མ་རྙེད་པ་དག་ཀྱང་འཚོལ་སྡུད་བྱ་རྒྱུ་དང་། འབྲེལ་ཡོད་རྣམ་པས་ཀྱང་མཁོ་སྤྲོད་དང་རྒྱབ་རོགས་གནང་རྒྱུ་མཁྱེན་མཁྱེན་ཞེས་དང་། སྐྱོན་དང་ནོར་འཁྲུལ་གང་ཡོད་ལ་བཟོད་གསོལ་དང་ཡོ་བསྲང་བྱ་ངེས་ཡིན།

སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་རིམ་བྱོན།
ཨང་།མཚན་དང་ངོ་སྤྲོད་མདོར་བསྡུས།འཁྲུངས་འདས་ཀྱི་ལོ་ཚིགས།
༠༡ ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ -
༠༢ མཁན་ཆེན་ངག་དབང་གྲགས་པ། -
༠༣ གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། -
༠༤ མཁན་ཆེན་དོན་ཡོད་དཔལ་ལྡན། -
༠༥ རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། -
༠༦ མཁན་ཆེན་ཤེས་རབ་སེང་གེ -
༠༧ མཁན་ཆེན་ཤེས་རབ་རྒྱ་མཚོ། -
༠༨ མཁན་ཆེན་དཔལ་འབྱོར་རྒྱལ་མཚན། -
༠༩ པཎ་ཆེན་བདེ་ལེགས་ཉི་མ། -
༡༠ མཁན་ཆེན་མཁས་བཙུན་རྒྱ་མཚོ། -
༡༡ མཁན་ཆེན་ནམ་མཁའ་རྒྱལ་མཚན། ཤར་བ་ཆོས་རྗེའི་ཁྲིར་ཡང་ཕེབས། -
༡༢ མཁན་ཆེན་རིན་ཆེན་བཤེས་གཉེན། -
༡༣ མཁན་ཆེན་བསོད་ནམས་རྒྱལ་མཚན། -
༡༤ མཁན་ཆེན་འཕྲིན་ལས་ལྷུན་གྲུབ། -
༡༥ འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། -
༡༦ མཁན་ཆེན་བསམ་གྲུབ་རིན་ཆེན། -
༡༧ མཁན་ཆེན་བྱམས་པ་སྨོན་ལམ། -
༡༨ མཁན་ཆེན་འཕྲིན་ལས་བསམ་གྲུབ། -
༡༩ མཁན་ཆེན་བསོད་ནམས་རྒྱལ་མཚན། -
༢༠ མཁན་ཆེན་འཇམ་དབྱངས་ལྷུན་གྲུབ། -
༢༡ མཁན་ཆེན་བློ་བཟང་བཀྲ་ཤིས། -
༢༢ མཁན་ཆེན་རྒྱལ་མཚན་དོན་གྲུབ། -
༢༣ མཁན་ཆེན་ངག་དབང་རྒྱ་མཚོ། -
༢༤ མཁན་ཆེན་བློ་བཟང་ནོར་བུ། -
༢༥ མཁན་ཆེན་བློ་བཟང་དོན་གྲུབ། -
༢༦ མཁན་ཆེན་བློ་བཟང་ཡར་འཕེལ། -
༢༧ མཁན་ཆེན་བློ་བཟང་ནམ་མཁའ། གཞན་ཞིག་ཏུ་བློ་བཟང་དོན་གྲུབ་ཅེས་འབྱུང་། -
༢༨ མཁན་ཆེན་བློ་བཟང་ཆོས་འཕེལ། -
༢༩ མཁན་ཆེན་ངག་དབང་དོན་གྲུབ། -
༣༠ མཁན་ཆེན་བློ་བཟང་བརྩོན་འགྲུས། -
༣༡ མཁན་ཆེན་བློ་བཟང་མཁས་མཆོག -
༣༢ མཁན་ཆེན་བྱམས་པ་སྨོན་ལམ། -
༣༣ མཁན་ཆེན་རིན་ཆེན་སྐལ་བཟང་། -
༣༤ མཁན་ཆེན་ལྷ་དབང་རྒྱ་མཚོ། -
༣༥ མཁན་ཆེན་བྱམས་པ་ཡོན་ཏན། -
༣༦ མཁན་ཆེན་བློ་བཟང་འཇམ་དབྱངས། -
༣༧ མཁན་ཆེན་བཟང་པོ་དོན་གྲུབ། -
༣༨ མཁན་ཆེན་སྐལ་བཟང་བློ་གྲོས། -
༣༩ མཁན་ཆེན་བསོད་ནམས་གྲགས་པ། -
༤༠ མཁན་ཆེན་བློ་བཟང་མཁས་མཆོག -
༤༡ མཁན་ཆེན་ཡེ་ཤེས་ཟླ་གྲགས། ཟླ་བ་གྲགས་པ་ཞེས་ཀྱང་འབྱུང་། -
༤༢ མཁན་ཆེན་ཚུལ་ཁྲིམས་ཕུན་ཚོགས། -
༤༣ མཁན་ཆེན་བློ་བཟང་ཆོས་འཕེལ། -
༤༤ མཁན་ཆེན་སྐལ་ལྡན་དོན་གྲུབ། -
༤༥ མཁན་ཆེན་དོན་གྲུབ་རྒྱལ་མཚན། -
༤༦ མཁན་ཆེན་ཡེ་ཤེས་བཟང་པོ། -
༤༧ མཁན་ཆེན་བཟོད་པ་ཡེ་ཤེས། -
༤༨ མཁན་ཆེན་བློ་བཟང་དགེ་འདུན། -
༤༩ མཁན་ཆེན་བསྟན་འཛིན་ཐོགས་མེད། བློ་བཟང་ཐོགས་མེད་ཅེས་ཀྱང་འབྱུང་། -
༥༠ མཁན་ཆེན་བྱམས་པ་བསྟན་འཛིན། -
༥༡ མཁན་ཆེན་ཐུབ་བསྟན་ཕུན་ཚོགས། -
༥༢ མཁན་ཆེན་བློ་བཟང་རྣམ་རྒྱལ། -
༥༣ མཁན་ཆེན་བྱམས་པ་གྲགས་པ། -
༥༤ མཁན་ཆེན་མཁྱེན་རབ་བཟང་པོ། -
༥༥ མཁན་ཆེན་བློ་བཟང་ཟླ་གྲགས།  
༥༦ མཁན་ཆེན་བྱམས་པ་ཚོགས་གཉིས། -
༥༧ མཁན་ཆེན་ངག་དབང་ཕུན་ཚོགས། -
༥༨ མཁན་ཆེན་བློ་བཟང་རྣམ་རྒྱལ། -
༥༩ མཁན་ཆེན་ཐུབ་བསྟན་སྙིང་པོ། -
༦༠ མཁན་ཆེན་བྱམས་པ་རིན་ཆེན། -
༦༡ མཁན་ཆེན་ལུང་རྟོགས་རྒྱ་མཚོ། -
༦༢ མཁན་ཆེན་ངག་དབང་རྒྱ་མཚོ། -
༦༣ མཁན་ཆེན་བློ་བཟང་བསྟན་པ། -
༦༤ མཁན་ཆེན་ཐུབ་བསྟན་བསམ་གཏན། -
༦༥ མཁན་ཆེན་ལྷུན་གྲུབ་ཐབས་མཁས། ༡༩༠༨-༡༩༩༡
༦༦ མཁན་ཆེན་བློ་བཟང་དབང་ཕྱུག ༡༩༠༡-༡༩༧༩
༦༧ མཁན་ཆེན་བློ་བཟང་དོན་ཡོད། -
༦༨ མཁན་ཆེན་དོན་གྲུབ་སྟོབས་རྒྱལ། ༡༩༡༢-༡༩༨༣
༦༩ མཁན་ཆེན་ངག་དབང་ལེགས་ལྡན། ༡༩༡༤-༢༠༠༠
༧༠ མཁན་ཆེན་བློ་བཟང་ཐུབ་བསྟན། ༡༩༢༤-༢༠༡༤
༧༡ མཁན་ཆེན་བློ་བཟང་ཚེ་རིང་། ༡༩༢༣-༢༠༡༤
༧༢ མཁན་ཆེན་བྱམས་པ་ཐེག་མཆོག ༡༩༣༠-༢༠༡༤
༧༣ མཁན་ཆེན་བློ་བཟང་དོན་ཡོད། ༡༩༢༥-༢༠༠༩
༧༤ མཁན་ཆེན་བློ་བཟང་དཔལ་ལྡན། ༡༩༣༥-༢༠༡༦
༧༥ མཁན་ཆེན་བློ་བཟང་བདེ་ལེགས། ༡༩༣༩
༧༦ མཁན་ཆེན་དགེ་འདུན་ཆོས་འཕེལ། ༡༩༤༡-༢༠༡༦
༧༧ མཁན་ཆེན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་། རབ་བྱུང་བཅུ་དྲུག་པ་ཤིང་སྦྲུལ།
༧༨ མཁན་ཆེན་བཀྲ་ཤིས་ཚེ་ཐར། རབ་བྱུང་བཅུ་དྲུག་པ།
བོད་དུ་དགོན་པ་སླར་གསོ་བྱས་རྗེས་ཀྱི་བོད་ཀྱི་མཁན་རབས།
ཨང་།མཚན་དང་ངོ་སྤྲོད་མདོར་བསྡུས།འཁྲུངས་འདས་ཀྱི་ལོ་ཚིགས།
མཁན་ཆེན་བློ་བཟང་ཤེས་རབ་བམ་ཡོངས་གྲགས་རྒན་སེང་གེ། ༡༩༠༥-༡༩༩༣
མཁན་ཆེན་ངག་དབང་བྱམས་པ་རིན་པོ་ཆེ། -
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

སེར་བྱེས་མཁས་སྙན་གྲྭ་ཚང་གི་ངོ་སྤྲོད།

དྲ་འཇུག་པ།

སེར་བྱེས་མཁས་སྙན་གྲྭ་ཚང་ནི། དུས་རབས་བཅོ་ལྔ་པའི་དུས་དཀྱིལ་དུ་རྗེ་རིན་པོ་ཆེ་དང་། རྒྱལ་བ་དགེ་འདུན་གྲུབ་པའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བ་ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དེ་ཉིད་འབྲས་སྤུངས་ཟུར་ཁང་དཔོན་སློབ་ཀྱི་ཁུར་བཞེས་ནས་བཞུགས་སྐབས། རྐྱེན་འགའ་ཞིག་གི་དབང་གིས་འབྲས་སྤུངས་ནས་ཞལ་སློབ་མཁས་པ་བརྒྱ་ཕྲག་ལྷག་ཙམ་དང་ལྷན་ཅིག་ཏུ་ཕེབས་པར་སེ་རའི་མཁན་སློབ་ཀུན་གྱིས་གུས་བཏུད་མཛད་ཅིང་། ཚོགས་སུ་གདན་དྲངས་པའི་ཚེ། གནས་བཅུའི་ལྷ་ཁང་གི་གནས་བརྟན་ཡན་ལག་འབྱུང་བཞུགས་ཁང་བྲག་རི་ནས་མདུན་དུ་སྐུ་སྟོད་བཏུད་ཅིང་ཕྱག་གཉིས་ཐལ་མོ་སྦྱར་ནས། བྱེས་པ་བྱེས་ནས་བྱོན་པ་ལེགས། །ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས། །བསྟན་པའི་རྒྱལ་མཚན་འཛུགས་པ་ལེགས། །གྲལ་གཡས་གྲལ་གྱི་གྲལ་མགོར་བཞུགས། །ཞེས་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་གནས་བརྟན་གྱི་གསུང་བྱོན་པ་ལྟར་ཁོང་རྣམས་གཡས་གྲལ་དུ་བཞུགས་སུ་བཅུག །

དེ་ཡང་འབྲས་སྤུངས་ནས་བྱེས་སུ་གྱེས་ཏེ་གྲྭ་ཚང་ཆགས་པས་བྱེས་པ་གྲྭ་ཚང་དང་། ཐོག་མར་བཞུགས་ཡུལ་གཏན་འཇགས་མེད་པར་ཚལ་གུང་ཐང་དང་དབུས་སྟོད་སོགས་སུ་ཆོས་ཐོག་ལ་ཕེབས་པས་བྱེས་པ་གྲྭ་ཚང་ཡང་ཟེར། རྗེ་ཉིད་དང་ལྷན་དུ་ཕེབས་པའི་སློབ་མ་རྣམས་དང་། སེ་ར་ནས་རྒྱ་དང་། སྟོད་གྲྭ་ཚང་ནས་སྤོ་བོ་ཁང་ཚན་དང་གུང་རུ་ཁང་ཚན་གཉིས་མ་གཏོགས་ཡོངས་རྫོགས་དང་། འབྲོམ་སྟེང་གྲྭ་ཚང་གི་ཁག་གཅིག་བཅས་ཚང་མ་གྲྭ་ཚང་འདིར་འགྲིལ་ཞིང་། ཕྱོགས་སོ་སོ་ནས་ཀྱང་སློབ་གཉེར་པ་མང་དུ་འདུས་པ་བཅས་ཀྱིས་བྱེས་མཁས་མང་གྲྭ་ཚང་དུའང་གྲགས་སོ། །གྲྭ་ཚང་འདི་རེ་ཞིག་བར་དར་རྒྱས་ཆེ་ཙམ་བྱུང་ཡང་། ལྡན་མ་ངག་དབང་པ་ཆབ་མདོར་ཕེབས་པ་དང་། ཛྙ་ན་ཤྲཱི་སྐུ་གཤེགས་པ་བཅས་ཀྱི་རྐྱེན་ལས་འཆད་ཉན་བར་སྟོང་བྱུང་ཞིང་། དེའི་རྗེས་ཕྱི་ལོ ༡༤༦༦ ལོར་ཀུན་མཁྱེན་པའི་སློབ་མ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སེ་རའི་ཁྲིར་ཕེབས་རྗེས་སྣེའུ་རྫོང་དཔོན་དཔལ་འབྱོར་རྒྱལ་པོ་དང་། དཔོན་མོ་བུ་ཁྲིད་དཔལ་འབྱོར་གཉིས་ཀྱིས་རེ་འདུན་ཞུས་ཤིང་སྦྱིན་བདག་བྱས་ཏེ་འདུ་ཁང་དང་མཆོད་ཁང་གསར་བཞེངས་ཀྱིས་གྲྭ་ཚང་འདི་བསྐྱར་དུ་བཙུགས་ཤིང་། དེ་ནས་མཁན་ཐོག་ཁ་ཤས་སོང་རྗེས་མཁན་རབས་བཅོ་ལྔ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཕྱི་ལོ་༡༦༠༥ལོར་མཁན་ཁྲིར་ཕེབས་པ་ནས་བཟུང་སེ་རར་གཏན་ཆགས་སུ་བཞུགས་ཤིང་། གྲྭ་ཚང་འདི་སེ་རར་བཞུགས་སྐབས་ཀྱི་ཐོག་མའི་བཞུགས་ཡུལ་ནི་འདུ་ཁང་སྦུག་གི་དུས་གསུམ་སངས་རྒྱས་ལྷ་ཁང་དེ་ཡིན། རྗེས་སུ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་བོད་ཀྱི་སྲིད་དབང་བཟུང་སྐབས་ཕྱི་ལོ་༡༧༤༣ལོར་ཕུར་ལྕོག་ངག་དབང་བྱམས་པ་དང་སྲིད་སྐྱོང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཉིས་མཆོད་ཡོན་ཟུང་འབྲེལ་གྱིས་ད་ལྟའི་འདུ་ཁང་འདི་གསར་བཞེངས་བྱས་པ་ཡིན་ནོ། །

ཕྱོགས་སོ་སོ་ནས་ཕེབས་པའི་སློབ་གཉེར་པ་རྣམས་ལ་ལྟ་སྐྱོང་སོགས་ཀྱི་ཆེད་དུ་གྲྭ་ཚང་འདི་ལ་ཁམས་ཚན་ཉེར་གཅིག་བྱུང་སྟེ། ༡ བསམ་བློ་ཁམས་ཚན་དང་། ༢ ཧར་གདོང་། ༣ བྱ་བྲལ། ༤ ཏྲེ་ཧོར། ༥ པྲ་སྟི། ༦ ཚྭ་བ། ༧ ལྷོ་པ། ༨ སྒོམ་སྡེ། ༩ ལྭ་བ། ༡༠ ལྡན་མ། ༡༡ མངའ་རིས། ༡༢ སྟག་མོ། ༡༣ གཙང་པ། ༡༤ རྒྱལ་བྱེད། ༡༥ ཨེ་པ། ༡༦ གཉལ་པ། ༡༧ དྭགས་པོ། ༡༨ རྩེད་ཐང་། ༡༩ གུ་གེ ། ༢༠ སྤེ་ཐུབ། ༢༡ ཟངས་དཀར། ཁམས་ཚན་འདི་དག་ཏུ་ཕྱི་ལོ་༡༩༥༩ལོའི་བར་དུ་བོད་རྒྱ་ཧོར་སོགས་ནས་མི་རིགས་དང་ལུང་ཚན་དབྱེར་མེད་ཀྱི་སློབ་གཉེར་པ་གང་མང་ཞིག་རྒྱུན་མ་ཆད་པར་ཕེབས་མྱོང་ཡོད་ཅིང་། བོད་དུ་དུས་འགྱུར་མ་བྱུང་གོང་གྲྭ་ཚང་འདིར་གྲྭ་གྲངས་ལྔ་སྟོང་དྲུག་བརྒྱ་ལྷག་ཡོད་པར་བཤད།

སློབ་གཉེར་པ་འདི་དག་གིས་རྒྱལ་བའི་བཀའི་དགོངས་པ་འཚོལ་བ་ལ། དཔལ་ནཱ་ལེནྡྲའི་པཎ་གྲུབ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་སྤྱི་དང་བཀའ་པོད་ལྔའི་རྩ་འགྲེལ། འགྲེལ་བཤད་རྣམས་གཞི་ལ་བཞག་སྟེ། རྗེ་ཡབ་སྲས་ཀྱི་ལེགས་བཤད་རྣམས་དང་། ཁྱད་པར་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་བརྩམས་ཆོས་རྣམས་ཡིག་ཆར་བཟུང་ཞིང་། ཡིག་ཆ་གཞན་དང་མཁས་པ་གཞན་གྱི་གསུང་ལ་ལྟ་ཀློག་དང་དཔེ་ཁྲིད་སོགས་ཞུས་ཏེ། འཛིན་གྲྭ་རིམ་བགྲོད་ཀྱིས་འཛིན་གྲྭ་སོ་སོའི་ལོ་རེའི་རྩོད་གཞུང་སོ་སོར་བགྲོ་གླེང་དང་། བརྒལ་བརྟག་ཀྱི་ལམ་ནས་དཔྱད་ཞིབ་བགྱིས་ཏེ་གཏན་འབེབས་དང་སློབ་གཉེར་བྱེད་དགོས་ལ། འཛིན་གྲྭའི་དབང་དུ་བྱས་ན། བསྡུས་སྦྱོར་འཛིན་གྲྭ། གཞུང་གསར་འཛིན་གྲྭ ། གཞུང་རྙིང་། ཟུར་བཀོལ་གསར་བ། ཟུར་བཀོལ་རྙིང་པ། འཛིན་གྲྭ་བུ་ཚང་། ཕར་ཕྱིན་འཛིན་གྲྭ ། དབུ་མ་གསར་བ། དབུ་མ་རྙིང་པ། འདུལ་གསར། འདུལ་རྙིང་། མཛོད་འཛིན་གྲྭ ། བཀའ་རམས། ལྷ་རམས་འཛིན་གྲྭ་བཅས་ཡོད།

ལོ་རྒྱུས་ཐོག་ཡོངས་གྲགས་ལྟར་ན་གྲྭ་ཚང་འདི་ནས་རྗེ་རིན་པོ་ཆེའི་རྒྱལ་ཚབ་བམ་དགའ་ལྡན་ཁྲི་ལ་ཕེབས་པ་བཅུ་བཞི་དང་། བོད་དུ་གྲྭ་ཚང་རང་གི་མཁན་རབས་རེ་དྲུག་གི་བར་དུ་ཕེབས་ཤིང་། རྒྱུད་སྟོད་སྨད་དང་ཤར་བྱང་གི་ཆོས་རྗེར་ཕེབས་མཁན་མང་དུ་བྱུང་བ་དང་། བོད་ཀྱི་སྲིད་སྐྱོང་གི་འགན་བཞེས་མཁན་དང་། ལོ་རྒྱུས་ཐོག་ཡོངས་གྲགས་ཀྱི་མཁས་དབང་དང་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་གང་མང་། གྲྭ་ཚང་རང་གི་མཁས་པ་དང་དམ་པ་འདི་དག་ཕྱོགས་མཐའ་སོ་སོར་ཕེབས་ཏེ་བསྟན་འགྲོའི་དོན་མཛད་པས། འདི་དག་གི་སློབ་མ་སློབ་བརྒྱུད་ཀྱིས་བོད་རྒྱ་ཧོར་སོགས་ཡུལ་གྲུ་ཀུན་ལ་ཁྱབ་པ་དང་། བོད་སོག་ཡུལ་གྲུ་སོ་སོར་བསྟན་འགྲོའི་ཆེད་དུ་ཕེབས་པའི་གྲྭ་ཚང་འདིའི་མཁས་པ་དང་དམ་པ་དག་གིས་ཕྱག་བཏབ་པའི་དགོན་པ་དང་། སྒྲིག་ལམ་དང་འཛིན་གྲྭ་སློབ་གཉེར་བྱེད་སྟངས་སོགས་གྲྭ་ཚང་འདིའི་རྗེས་སུ་འབྲངས་པའི་དགོན་སྡེའང་གང་མང་ཞིག་བྱུང་ཡོད་པ་སོགས། མདོར་ན་གྲྭ་ཚང་འདི་ཕྱག་བཏབ་ནས་ད་ལྟའི་བར་བགྲང་བྱ་དྲུག་བརྒྱ་མ་ཟིན་ཙམ་གྱི་རིང་གྲྭ་ཚང་འདིར་མཁས་པ་དང་དམ་པ་བསམ་གྱིས་མི་ཁྱབ་པ་མང་དུ་བྱུང་མྱོང་བ་དང་། དེ་དག་གི་སློབ་མ་སློབ་བརྒྱུད་ཀྱི་ཁྲོད་དུ་བོད་དབུས་སྟོད་སྨད་བར་གསུམ་དང་། རྒྱ་ཧོར་སོགས་ཀྱི་ཡུལ་དུ་བསྟན་འགྲོའི་དོན་མཛད་པའི་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུ་གཅིག་ལས་གཅིག་ཆེ་བ་ཉི་ཟེར་ལ་རྡུལ་འཁྲིགས་པ་བཞིན་བྱུང་བ་ནི་སྨོས་མི་དགོས་སོ། །

ཕྱི་ལོ་༡༩༥༩ ལོའི་དུས་འགྱུར་སྐབས་སེ་ར་ཐེག་ཆེན་གླིང་དུ་གྲྭ་གྲངས་༩༩༠༠ཡོད་ན་ཡང་༧གོང་ས་མཆོག་བྱེས་སུ་ཕེབས་པའི་སྔ་རྗེས་སུ་འཕགས་ཡུལ་དུ་ཕེབས་པ་ཉུང་ཤས་ཤིག་ལས། ཤུལ་ལུས་མང་ཆེ་བ་ཞིག་མནར་གཅོད་མི་འདྲ་བའི་ཁྲོད་དུ་གསོན་ཐུབ་མེད། ཕྱི་ལོ་༡༩༦༩ལོའི་ཟླ་བ་༡༡པའི་ནང་སེ་རའི་མཁན་བླ་དགེ་འདུན་རྣམས་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་ཀར་རྣ་ཊ་ཀའི་ཁུངས་བྷེ་ཀོལ་གྱི་ད་ལྟའི་གནས་འདིར་གཞིས་སྤོར་སྐབས། གནས་འདིར་ཤིང་ནགས་ཀྱིས་ཁེངས་ཡོད་པ་དང་། ཤིང་ནགས་རྩ་ཆེན་རྣམས་རྒྱ་གར་བས་གཙང་བཟོ་བྱས་འདུག་ནའང་ལྷག་མ་རྣམས་གྲྭ་བ་ཚོས་བཀོག་སྟེ། ཕྱི་ལོ་༡༩༧༠ལོར་ཤིང་ནགས་ཀྱི་ས་ཡོངས་རྫོགས་ཞིང་སར་བསྒྱུར་ཅིང་ཞིང་ལས་བྱས། དེའི་སྐབས་གྲྭ་ཚང་འདིར་མཁན་བླ་དགེ་འདུན་ཞལ་གྲངས་༡༩༣དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་མཁན་བླ་དགེ་འདུན་ཞལ་གྲངས་༡༠༧བཅས་ཁྱོན་བསྡོམས་ཞལ་གྲངས་༣༠༠ཙམ་ཡོད། དགེ་འདུན་ཞལ་གྲངས་༤རེར་གུར་རེ་རྩིས་སྤྲོད་གནང་བ་བཞིན་ལོ་གསུམ་ཙམ་རིང་དབུ་གུར་ནང་བཞུགས་རིང་རྒྱ་གར་གཞུང་ནས་གཞིས་མི་སྔོན་འབྱོར་རྣམས་ལྟར་མཉམ་ལས་གནང་བཅུག་སྟེ་ཉིན་གླ་སྒོར་༢རེ་གནང་། དགེ་འདུན་པ་རྣམས་ཀྱིས་འཁོར་ལམ་གསར་བཟོ་དང་། ཤིང་ནགས་གཅོད་འབྲེག །ཞིང་ས་གསར་སྦོལ་སོགས་དུས་བསྟུན་སྐབས་བབ་གཞིས་ཆགས་ཀྱི་ཕྱག་ལས་ཁག་ཆ་ཚང་གནང་། ལོ་དེར་ཆོ་འཕྲུལ་སྨོན་ལམ་དང་པོ་དེ་གྲྭ་ཚང་འདི་གཞིས་གྲོང་༥།༦ པའི་ལྷ་ཁང་དང་། སེར་སྨད་གཞིས་དགོན་ཐེག་ཆེན་གླིང་དུ་འཚོགས། རིམ་བཞིན་སྨྱུག་མའི་ཚོགས་ཁང་གསར་བཞེངས་གནང་། ཕྱི་ལོ་༡༩༧༠ལོ་ནས་བཟུང་སྟོན་འབྲས་འདེབས་འགོ་ཚུགས། ཉིན་མོ་ས་ཞིང་འདེབས་ལས་དང་། མཚན་མོ་གླང་ཆེན་དང་རི་ཕག་འགོག་སྲུང་སོགས་གནང་དགོས། ཐོག་མར་གྲྭ་གྲངས་ཉུང་ངུ་ལས་མེད་སྟབས་གྲྭ་ཚང་གཉིས་ཀའི་ཐུན་མོང་གི་ཆོས་སྤྱོད་གནང་སྒོ་གྲྭ་ཚང་གཉིས་མཉམ་འཚོགས་དང་། ཐུན་མོང་མ་ཡིན་པའི་ཆོས་སྤྱོད་སྒྲུབ་མཆོད་ཁག་གྲྭ་ཚང་རེ་མོས་ཀྱིས་ཚུགས། གཞིས་ཆགས་ཁག་ནས་བུ་ཕྲུག་ཆོས་སྒོར་ཞུགས་མཁན་ལོ་རེར་ཇེ་མང་དུ་འགྲོ་མུས་ལ་བརྟེན། རིམ་གྱིས་བྱེས་སྨད་གཉིས་སོ་སོར་རྐང་ཚུགས་ཐུབ་པ་བྱུང་། སྐབས་དེར་རྒན་པ་ཚོས་གྲྭ་རྒྱུན་མ་ཆད་པའི་ཆེད་དུ་རང་ཉིད་ཤི་ནའང་དེའི་ཚབ་ལྟ་བུར་རེ་བ་བརྒྱབ་སྟེ། དགེ་ཕྲུག་རེ་ཉར་ཏེ་གྲྭ་ཚང་ནས་རང་ལ་ལྟོ་ཆས་ཉུང་ངུ་ལས་ཐོབ་ཀྱི་མེད་ནའང་དེའི་ཕྱེད་ཀ་དགེ་ཕྲུག་ལ་སྤྲད་དེ་གསོ་སྐྱོང་བྱས། ཕྱི་ལོ་༡༩༧༡ལོའི་ཕྱི་ཟླ་༥པའི་ནང་༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧གོང་ས་ལྷ་མིའི་རྣམ་འདྲེན་ཞལ་སྔ་ནས། ད་ལྟའི་གཞིས་ཆགས་ཕོ་བྲང་ཞེས་འབོད་པ་དེར་དུས་དབང་ཐེངས་བཞི་པ་བཀའ་དྲིན་བསྐྱངས་ཤིང་། སེ་རར་ཞག་གཅིག་བཞུགས་ཏེ་གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། དེ་ནས་རིམ་གྱིས་སྐྱབས་རྗེ་མཁན་རིན་པོ་ཆེ་དོན་གྲུབ་སྟོབས་རྒྱལ་མཆོག་གིས་ཐུགས་འགན་བཞེས་ཏེ་ད་ལྟའི་གྲྭ་ཚང་གི་འཕྲོད་བསྟེན་གྱི་ཚོང་ཁང་ཡོད་ས་དེར་གཡས་སུ་༧གོང་ས་མཆོག་གི་གཟིམ་ཆུང་དང་གཡོན་དུ་ཕྱག་མཛོད་ཁང་། དཀྱིལ་དུ་གྲྭ་ཚང་གི་འདུ་ཁང་ཞིག་བཅས་གསར་བཞེངས་ཞུས། མཁན་པོ་དང་ཚོགས་ཆེན། གྲྭ་ཚང་གི་ཕྱག་མཛོད་ཕུད། དེ་མིན་ཚང་མ་ལས་ཀར་འགྲོ་དགོས་པ་སོགས་དེ་ལྟར་ལོ་གསུམ་ལ་སློབ་གཉེར་བྱེད་སྐལ་མ་བྱུང་ཞིང་། དེ་ནས་སློབ་གཉེར་རྩེ་ཕུད་རྣམས་ཀྱི་ཚབ་ཏུ་ལས་མི་གླ་རྒྱུའི་སྦྱིན་བདག་བྱུང་སྟེ། སློབ་གཉེར་བྱེད་འགོ་ཚུགས་ཤིང་། བྱེས་སྨད་གཉིས་ཀ་ཚོགས་ཆེན་འདུ་ཁང་དུ་ཆོས་ར་མཉམ་དུ་འཚོགས། དེ་ནས་གྲྭ་བ་བྱེད་མཁན་མང་དུ་ཕྱིན་པ་དང་། ལྷག་པར་དུ་བོད་ནས་གསར་འབྱོར་སླེབས་པ་ལས་གྲྭ་ཚོགས་ཀྱང་རིམ་གྱིས་རྒྱས་ཤིང་། སློབ་གཉེར་བའི་གྲངས་འབོར་ཇེ་མང་དུ་སོང་བ་དང་བསྟུན་ཏེ་འདུ་ཁང་དང་ཆོས་ར་སོགས་བརྗེ་སྤོར་གསར་བཞེངས་ཁ་ཤས་བྱེད་དགོས་པ་བྱུང་།
ལོ་རབས་བརྒྱད་ཅུ་བའི་ལོ་མགོ་ནས་བཟུང་བོད་ནས་གསར་འབྱོར་བ་དང་། ཧི་མ་ལ་ཡའི་རི་རྒྱུད། རུ་སོག་གི་ཡུལ། ཐེ་ཝན། ཀོ་རུ་ཡ། ནུབ་ཕྱོགས་རྒྱལ་ཁབ་སོགས་ནས་ཕེབས་པའི་གྲྭ་བ་སློབ་གཉེར་བའི་གྲངས་འབོར་མང་དུ་ཕྱིན་ཏེ་ད་ལྟའི་(༢༠༠༦)ཆར་ཁམས་ཚན་བཅུ་གསུམ་ནང་བཞུགས་དགེ་འདུན་ཞལ་གྲངས་༣༧༡༤ཙམ་ཡོད་ཅིང་། ཞལ་གྲངས་འདི་ལས་མཁན་ལས་ཟུར་དགེ་བཤེས་དང་། གནས་བརྟན་བགྲེས་སོང་རྣམས་དང་། གྲྭ་ཚང་གི་ཕྱག་སྦུག་སོགས་ཀྱི་ལས་བྱེད་རྣམས་ཕུད། ཆོས་རར་རྟག་ཏུ་ཕེབས་བཞིན་པའི་སློབ་གཉེར་བའི་གྲངས། ༢༧༧༠ སེར་བྱེས་འབྲིང་རིམ་སློབ་གྲྭར་སློབ་ཕྲུག་གྲངས་༥༦༧ ཡོད་དོ།།

སློབ་གཉེར་བ་དེ་དག་གིས་བཀའ་པོད་ལྔ་ལ་སྦྱངས་ཏེ་འཛིན་གྲྭ་ཐོན་པ་ལ། བསྡུས་ཆུང་སྔོན་འགྲོའི་འཛིན་གྲྭ་ནས་དགེ་བཤེས་ལྷ་རམས་པ་ཐོན་པའི་བར་ལོ་གྲངས་ཉེར་བཞི་ཙམ་[འཛིན་གྲྭ་གཅིག་ཏུའང་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་པ་སྔ་ཕྱིའི་དབང་གིས་ཁ་ཤས་ལོ་གྲངས་དེ་ལས་མང་བ་འགོར་བའང་ཡོད།] བརྒྱུད་དགོས། གཞུང་ཆེན་མོའི་སློབ་ཚན་ཁག་ནི་སྔོན་ཆད་ལྟར་ཡིན། དེ་ཡང་ཆོས་ཐོག་སྐབས་རྩོད་པ་གཙོ་བོ་དང་། དཔེ་ཁྲིད་དང་དཔེ་ཀློག །ཆོས་མཚམས་སུ་གཞུང་ཆེན་བློ་འཛིན་གཙོ་བོར་མཛད་ཅིང་། སློབ་གཉེར་དང་བསམ་སྤྱོད་ཡར་རྒྱས་ཀྱི་ཐབས་སུ་སྐབས་སོ་སོའི་སློབ་གཉེར་ལྟ་ཞིབ་ཁང་ནས་སྟངས་འཛིན་གཟབ་ནན་དང་། ཞིབ་ཚགས་ཀྱིས་དོ་དམ་མཛད་དེ་ལོ་འཁོར་བློ་རྒྱུགས་དང་། རྩོད་རྒྱུགས། བྲིས་རྒྱུགས། ཟུར་སྦྱོང་ཡིག་གཟུགས་དང་། བརྡ་དག ། སུམ་རྟགས་དང་། ཆོས་འབྱུང་སོགས་ཀྱིས་རྒྱུགས་འབྲས་ལ་དཔྱད་ཞིབ་ཀྱིས་རྩེ་ཕུད་དག་ལ་གཟེངས་བསྟོད་དང་། རྒྱུགས་ཚད་མ་ལོན་པ་དག་གྲྭ་ཚང་གི་ལས་ཀར་གཏོང་བཞིན་ཡོད། སློབ་གཉེར་བ་འདི་དག་གི་ཉིན་ཞག་ཕྲུགས་གཅིག་གི་ལས་རིམ་ནི། ཞོགས་པར་དུས་ཚོད་བཞི་ལྔ་ནས་བཞེངས་ཏེ། [གྲྭ་ཇ་མང་ཇ་གང་རུང་ཡོད་ཚེ་དེར་ཕེབས་ཏེ་གྲོལ་མཚམས།] རྩ་འགྲེལ་ཁག་དང་སྐབས་སུ་གང་བབ་ཀྱི་གཞུང་བློ་འཛིན། དུས་ཚོད་ ༦.༣༠ སྟེང་གྲྭ་ཚང་དུ་ཞོགས་ཇ། ཞོགས་ཇ་ཚར་བ་དང་དུས་ཚོད་ ༧.པ་ནས་སྔར་ལྟར་བློ་འཛིན་དང་། དཔེ་ཁྲིད་ཡོད་ན་དཔེ་ཁྲིད་ལ་ཕེབས་པ། དུས་ཚོད་ ༩-༡༡ བར་ཆོས་ཐོག་གི་སྐབས་ཞོགས་ཆོས་རྩོད་པ། ཆོས་མཚམས་ལ་དཔེ་ཁྲིད་ཡོད་ན་དཔེ་ཁྲིད་ཞུ་བ་དང་མེད་ན་དཔེ་ཀློག་དང་བློ་འཛིན་གང་རུང་། དེ་ནས་ཉིན་གུང་བཞེས་ལག །བཞེས་ལག་གྲུབ་པ་དང་དུས་ཚོད་གཅིག་ལྷག་ལ། འཛིན་གྲྭ་སོ་སོར་ཚན་རིག་གི་འཛིན་གྲྭ་ཡོད་ན་དེར་ཕེབས་པ་དང་། རིག་གནས་དང་། དབྱིན་ཡིག །རྒྱ་ཡིག་སོགས་ཀྱི་འཛིན་གྲྭར་སྐྱོད་པ། ཡང་ན་ངལ་གསོ། དེ་ནས་གཞུང་ཆེན་དཔེ་ཀློག་དང་། དཔེ་ཁྲིད་ཞུ་བ། ཕྱི་དྲོའི་དུས་ཚོད་ ༥.༠༠ ལ་དགོང་མོའི་བཞེས་ལག །དེ་གྲུབ་པ་དང་དཔེ་ཀློག་དང་། དུས་ཚོད་ ༦-༩.༣༠ བར་དང་ཆོས་ཐོག་སྐབས་༡༠.༣༠ བར་རྩོད་པ་དང་། དུས་ཚོད་ཕྱེད་ཀའམ་ཆོས་ཐོག་སྐབས་དུས་ཚོད་གཅིག་ལ་སློབ་གཉེར་ལམ་ལྷོངས་ཡོང་བ་སོགས་ཀྱི་ཆེད་དུ་སྒྲོལ་མ་དང་ཤེར་སྙིང་སོགས་ཆོས་རའི་ཞལ་འདོན། ཆོར་རར་ཐོག་མར་རྩོད་ཟླ་དང་། དེ་ནས་དམ་བཅའ། དེ་རྗེས་ཞལ་འདོན། དེ་གྲུབ་པ་དང་། རྩོད་ཟླ་བསྒྲིགས་པ་དང་། གཞུང་དོན་ལ་དོགས་པ་ཆོད་མ་ཆོད་སོགས་ཀྱིས་རྩོད་པ་བྱས་ཏེ་མཚན་གྱི་དུས་དང་པོ་བརྒལ་བའང་ཡོད། ཆོས་ར་གྲོལ་བ་དང་གཞུང་ཆེན་བློ་འཛིན་བྱས་ཡོད་པ་དག་བློ་ནས་སྐྱོར་དགོས། མཚན་གྱི་དུས་ཚོད་བཅུ་གཉིས་[དང་པོ་དང་གཉིས་པ་བར་དུ་དཔེ་ཀློག་དང་སྐྱོར་སྦྱང་བྱེད་པའང་ཡོད།] ནས་ངལ་གསོ་བྱེད། གཞུང་གསར་དང་དབུ་གསར་གཉིས་ཆོས་ཐོག་གི་སྐབས་སུ་རེས་བསྐོར་ཏེ་མཚན་འཁྱོངས་དམ་བཅའ་ཆག་མེད་ཕེབས་དགོས། འདི་ལྟར་འཛིན་གྲྭ་རིམ་བགྲོད་མཐར་ཕྱིན་པ་ན་དགེ་བཤེས་ཀྱི་མཚན་རྟགས། ཤེས་ཚད་དང་མཚན་ཐོ། བབ་བསྟུན་གྱིས་སྐྱབས་རྗེ་མཁན་རིན་པོ་ཆེའི་བཀའ་ཁྲོལ་ལྟར་བཞེས་ཏེ། རྒྱུད་གྲྭ་རྣམ་གཉིས་གང་རུང་དུ་ཞུགས་པ་དང་། རྒྱུད་གྲྭ་རྣམ་གཉིས་གང་རུང་གི་དགེ་བསྐོས་དང་། བླ་མ་དབུ་མཛད། མཁན་པོ། ཤར་བྱང་གི་ཆོས་རྗེ་གང་རུང་བརྒྱུད་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ལ་ཕེབས་ལམ་ཡོད་པ་དང་། འགའ་ཞིག་ནི་གྲྭ་ཚང་འདི་ཉིད་ཀྱིས་གཙོས་གཞིས་དགོན་སོགས་དགོན་ཁག་གི་མཁན་པོ་དང་། དཔེ་ཁྲིད་དགེ་རྒན་དུ་ཕེབས་པ་དང་། དུ་མ་ཞིག་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཚོགས་དང། སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནང་ཞུགས་ཏེ་ནང་བསྟན་ངོ་སྤྲོད་དང་འཆད་སྤེལ་བྱེད་བཞིན་ཡོད། ཚེ་བློས་བཏང་གིས་བྱ་བྲལ་དུ་ཕེབས་པའང་གང་འཚམ་འབྱུང་བཞིན་ཡོད། ཡང་དུ་མ་ཞིག་ནི་འདུས་སྡེར་ཕན་པའི་དཔལ་འབྱོར་འདུ་འགོད་ཀྱིས་མཚོན་པའི་གཞན་ཕན་ལས་རིགས་ལ་ཞུགས་ཏེ་ཕྱག་མཛོད་སོགས་སྡེ་ཚན་ནམ་ཚོགས་པ་ཁག་གི་རྒྱུན་ལས་གནང་སྟེ་གྲྭ་ཚང་ལ་སྲིད་ཞུར་བརྩོན་བཞིན་ཡོད། ད་ལྟའི་དགེ་བཤེས་མཚན་གནས་ཀྱི་རིམ་པ་ནི། གླིང་བསྲེས་དགེ་བཤེས། རིགས་རམས་དགེ་བཤེས། ཚོགས་རམས་དགེ་བཤེས། ལྷ་རམས་དགེ་བཤེས་བཅས་ཡོད།
སེར་བྱེས་འབྲིང་རིམ་སློབ་གྲྭ་ནི། རྒྱ་གར་གཞུང་གིས་འབྲིང་རིམ་སློབ་གྲྭར་ངོས་ལེན་ཡོད་ཅིང་། སློབ་གྲྭ་འདིར་ད་ལྟའི་(༢༠༠༦)ཆར་བོད་དང་གཞིས་ཆགས་ཁག །ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་འབྱོར་བའི་སློབ་ཕྲུག་གྲངས་༥༦༧ཡོད་པ་དག་གིས། རྒྱ་གར་དབུས་གཞུང་འབྲིང་རིམ་སློབ་གྲྭའི་ལམ་སྲོལ་གཞིར་བཟུང་བོད་ཡིག་སློབ་ཚན་ཆ་ཚང་དང། སྤྱི་ཚོགས་ཚན་རིག་སོགས་དེང་དུས་ཀྱི་ཤེས་ཡོན་དང་། བོད་ཀྱི་རིག་གནས་དང་། མཚན་ཉིད། རི་མོ། རྩིས་འཁོར། ཡིག་གཟུགས། དབྱིན་ཡིག་དང་། ཧིན་དྷིའི་ཡི་གེ། རྒྱ་ཡིག་སོགས་སློབ་དགོས་ལ། འཛིན་གྲྭ་བཅུ་པ་ནས་རྒྱ་གར་རྒྱལ་ཡོངས་ཀྱི་རྒྱུགས་སྤྲོད་ལ་ཞུགས་དགོས་ཤིང་། འཛིན་གྲྭ་བཅུ་པ་ཐོན་པ་དང་ཆོས་རར་ཞུགས་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་དགོས་ལ། འགའ་ཞིག་ཝཱ་ར་ཎཱ་སིའི་མཐོ་སློབ་སོགས་སུ་འཛུལ་ཞུགས་དང་། གྲྭ་ཚང་དང་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་གྱི་ནང་དུ་ཞུགས་ཏེ་སྤྱི་ལ་ཕན་ནུས་ཐོན་པའང་གང་མང་བྱུང་ཡོད།
འཕགས་ཡུལ་དུ་ད་ལྟའི་མཁན་པོ་ལས་ཐོག་སྐྱབས་རྗེ་བློ་བཟང་བདེ་ལེགས་མཆོག་མཁན་རབས་བདུན་པ་དང་། གྲྭ་ཚང་གི་མཁན་རབས་རིམ་བྱོན་གྱི་བཞུགས་གནས་བླ་བྲང་ལ་བྱེས་བླ་བྲང་དང་། གྲྭ་ཚང་འདིའི་གྲུབ་ཆའི་སྡེ་ཚན་ཁག་ནི། བྱེས་བླ་བྲང་དང་། གྲྭ་ཚང་གི་སྒྲིག་ཡིག་གཞིར་བཟུང་། སྒྲིག་ཡིག་གི་འབྲུ་དོན་ཁག་ཆེ་ཕྲ་ཉམས་ཀྱི་ཡོད་མེད་དང་། ཡོད་ན་འབྲེལ་ཡོད་ཁུངས་སོ་སོར་སྐུལ་འདེད་དང་། གྲྭ་ཚང་གི་བསྟན་སྲིད་གྱི་ལས་དོན་ཆེ་རིགས་ཐག་གཅོད་དང་། གྲྭ་ཚང་གི་ཚོགས་སྡེ་སོ་སོའི་འཛིན་སྐྱོང་ལ་ལྟ་རྟོག་སོགས་ཀྱི་ཆེད་དུ་ཁམས་ཚན་སོ་སོ་ནས་ཤེས་འཇོན་ལྷག་བསམ་ཅན་གྱི་འཐུས་མི་གཉིས་རེ་དྲག་འདེམ་བྱས་པའི་གྲྭ་ཚང་གི་དགེ་འདུན་པ་ཡོངས་ཀྱི་སྐུ་ཚབ་བམ་འཐུས་མིས་གྲུབ་པའི་སྣ་ཆེན་ཚོགས་འདུ། རྒྱུན་ལས། མཁས་པའི་ལྷན་ཚོགས། ཕྱག་མཛོད་ཁང་། སློབ་གཉེར་འཛིན་སྐྱོང་ལྟ་ཞིབ་ཀྱི་སློབ་གཉེར་ཁང་། ཤེས་ཡོན་སྡེ་ཚན། ཚན་རིག་སྡེ་ཚན། སེར་བྱེས་རིག་མཛོད། རྒྱ་གར་གྱི་མཐོ་སློབ་ཁག་གཅིག་དང་ལས་གཞི་མཉམ་ལས་ཀྱི་ཉམས་ཞིབ་ཁང་། རྟ་མགྲིན་ཁང་། སེར་བྱེས་འབྲིང་རིམ་སློབ་གྲྭ། དཔེ་མཛོད་ཁང་། ཤིང་པར་སྡེ་ཚན། པར་ལས་སྡེ་ཚན། སྤྱི་ཐབ་ཁང་། ནད་འཕྲོད་ལྟ་སྐྱོང་ཚོགས་པ། ཡིད་དགའ་ཆོས་གླིང་། སེར་བྱེས་ཚོང་ཁང་དང་ཟ་ཁང་། སེར་བྱེས་མཚམས་ཁང་། སེར་བྱེས་བགྲེས་སོང་ལྟ་སྐྱོང་ཁང་། ནང་ཆོས་དོན་གཉེར་བ་དང་ནང་བའི་དད་ལྡན་པ་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་སད་ཐབས་དང་གོང་སྤེལ་དུ་གཏོང་བའི་ཆེད་དུ་ཆོས་ཚོགས་ཁག་ནི། ཐེ་ཝན་དུ་ཆོས་ཚོགས་གཉིས་དང་། ཨ་རིར་གཅིག །སིང་ག་པུར་ལ་གཅིག །མ་ལེ་ཤེ་ཡ་ལ་གཅིག །ཨིན་ཌོ་ནི་ཤ་ཡ་ལ་གཅིག །རྒྱ་གར་བྷེང་ལོར་ལ་གཅིག་བཅས་དང་། དགོན་པ་ནི། སྒང་ཏོག་འགྲོ་ཕན་གླིང་། མོན་རྟ་དབང་འཇམ་དབྱངས་ཆོས་འཁོར་གླིང་། ལ་དྭགས་རི་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་བཅས་ཡོད་ཅིང་།
མདོར་ན། ཕྱི་ལོ་༡༩༥༩ལོར་འཕགས་པའི་ཡུལ་འདིར་འབྱོར་བ་ནས་རང་རེའི་གྲྭ་ཚང་འདི་ཡང་། གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེ་བྱིན་རླབས་དང་། རང་རེའི་གཞུང་ས་མཆོག་དང་། རྒྱ་གར་དབུས་གཞུང་། མངའ་སྡེ། ས་གནས་རྫོང་། བྱེས་འབྱོར་རྒན་རབས་བཅས་ཀྱི་གཟིགས་སྐྱོང་འོག་ཏུ། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་གནམ་སའི་འཕོ་འགྱུར་ལྟ་བུ་འདི་བྱུང་བ་ཡིན་ནོ།།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Oct ཚེས། 16 རེས་གཟའ། Sun

གྲྭ་ཚང་གི་དགོན་ལག་རེ་ཟུང་།

དྲ་འཇུག་པ།

སྒང་ཏོག་འགྲོ་ཕན་གླིང་ནི།
ཕྱི་ལོ་༢༠༠༤ ལོར་༧གོང་ས་མཆོག་གིས་དབུ་འབྱེད་གནང་།


མོན་རྟ་དབང་འཇམ་དབྱངས་ཆོས་འཁོར་གླིང་ནི།
༢༠༠༥ ལོར་གྲྭ་ཚང་ལ་འབུལ་བཞེས་ལྟར་འཛིན་སྐྱོང་བྱེད་མུས་ཡིན།

ལ་དྭགས་སྟོད་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་ནི།
དགོན་པ་འདིའི་མདུན་གྱི་མཆོད་རྟེན་༡༣༣༧ ལོར་བཞེངས། ཞེས་པའི་ལོ་ཚིགས་ལྟར་ན་རུ་ཐོག་དགོན་ནི་དགེ་ལུགས་པའི་བསྟན་པ་མ་དར་གོང་ནས་ཡོད་པའི་དགོན་པ་ཞིག་ཡིན་པར་སྣང་། ལོ་ཚིགས་ངེས་རྙེད་མ་བྱུང་ན་ཡང་དགོན་འདི་ནི། ལི་ཁྲོ་དང་གསེར་ཟངས་ཀྱིས་བཞེངས་པའི་སྐུ་ལས་སྔར་ཆོས་བརྒྱུད་རིས་མེད་དུ་གནས་ཡོད་པར་ཤེས་ཐུབ། ཡིན་ན་ཡང་ད་ལྟ་སེར་བྱེས་གྲྭ་ཚང་གི་ཁོངས་གཏོགས་ཡིན། ༧རྒྱལ་བ་བདུན་པའི་སྐུ་དུས་སུ་དགོན་པ་འདི་སེར་བྱེས་གྲྭ་ཚང་གི་དགོན་ལག་ཏུ་གྱུར་པར་བཤད། དེ་ནས་བཟུང་མཁན་པོ་དང་ཕྱག་མཛོད་དག་སེར་བྱེས་གྲྭ་ཚང་ནས་ཐད་ཀར་མངགས་གཏོང་བྱེད་པའི་སྲོལ་དར་ཞིང་། ལྷུན་གྲུབ་ཆོས་སྡིངས་དགོན་གྱི་ནུབ་ཕྱོགས་སུ་མཁན་པོ་བཞུགས་སའི་བླ་བྲང་ཞིག་ཀྱང་བཞེངས་ཡོད། གླང་ཆེན་རིའི་ནུབ་ཏུ་སྒོ་ནུབ་ལྷ་ཁང་བྱུང་བ་དང་།

དེ་དང་ཐག་ཉེ་སར་ཇོ་མོ་ལྷ་ཁང་བཞེངས། རབ་བརྟན་ལྷ་ཁང་དང་ཤར་སྒོ་ལྷ་ཁང་གཉིས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་བསྐང་གསོ་གཏོང་མཁན་ལྷུན་གྲུབ་ཆོས་སྡིངས་ཀྱི་གྲྭ་པ་ཡིན། ཚེས་བཟང་དུས་བཟང་དང་ལོ་གསར་སྐབས་སུ་ཡུལ་ལྷ་མེས་གདོང་དམར་དང་ལྷ་ཆེན་རྒྱ་འོད་དམ་གེ་ཁོད་གསོལ་མཁན་ཡང་དགོན་པ་འདི་ནས་གཏོང་དགོས། དགོན་པ་འདིའི་དགོན་ལག་གཉིས་ཡོད་པ་ནི་དབོད་བྱང་གུལ་པ་དགོན་ཡིན། དེ་གཉིས་ལ་དགེ་འདུན་རེ་ཟུང་ཆད་མེད་གཏོང་དགོས། དེ་མིན་སྒར་བཀྲ་ཤིས་སྒང་ལ་དགེ་འདུན་པ་གཉིས་རེ་འཆར་ཅན་གཏོང་དགོས། ཡང་ངག་རྒྱུན་དུ་ཡོངས་གྲགས་བཤད་ཚུལ་ཡོད་པ་ནི་འབྲུག་པའི་བླ་མ་ཀུན་ལེགས་ཟེར་པ་ཞིག་དང་། དགེ་ལུགས་པའི་བླ་མ་ཡོན་ཏན་རྒྱ་མཚོ་ཟེར་པ་གཉིས་མཉམ་རུབ་ཀྱིས་རུ་ཐོག་དགོན་པ་བཞེངས་པར་བཤད། རྟེན་གྱི་གཙོ་བོ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་ཐོག་ཚད་གཅིག་དང་། རྗེ་ཡབ་སྲས་གསུམ། ཐུབ་དབང་སྐུ། ཡི་དམ་རྡོ་རྗེ་འཇིགས་བྱེད་བཅས་བཞུགས། ཕྱི་ལོ་༢༠༠༥ ལོར་གྲྭ་ཚང་ལ་འབུལ་བཞེས་ལྟར་འཛིན་སྐྱོང་བྱེད་མུས་དང་། མཁན་པོ་དང་དགེ་རྒན། ཕྱག་མཛོད་སོགས་སེར་བྱེས་གྲྭ་ཚང་ནས་གཏོང་བཞིན་ཡོད།

ངོ་ཤོག 21 ནས་ 117