-
མདུན་ངོས།
- འཕྲུལ་དེབ་གསར་ཤོས།
འཕྲུལ་དེབ་གསར་ཤོས། (531)
དབུ་མ་རྩ་བའི་འགྲེལ་བ་བུདྡྷ་པཱ་ལི་ཏ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། སློབ་དཔོན་སངས་རྒྱས་བསྐྱངས།
བརྗོད་བྱ། ཟབ་མོ་སྟོང་པ་ཉིད་ཀྱི་སྐོར།
ཡོང་ཁུངས། སེར་བྱེས་དཔེ་མཛོད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0366
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.7MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ཟླ་ ༥ པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སློབ་དཔོན་སངས་རྒྱས་བསྐྱངས་ནི། དུས་རབ་ལྔ་པའི་ནང་དུ་ལྷོ་ཕྱོགས་སུ་སྐུ་འཁྲུངས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དྲུང་དུ་བསྙེན་ཏེ་མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པ་གསན་པར་མཛད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཨརྻ་བདེ་བ་གཉིས་ཀྱི་དགོངས་པ་གཙོ་བོར་འགྲེལ་བར་མཛད། རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་གྲུབ་ཅིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཁོང་གི་བརྩམས་པའི་བསྟན་བཅོས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུད་དྷ་པཱ་ལི་ཏ་སོགས་བསྟན་བཅོས་མང་པོ་མཛད་དོ། །
| PDF ཕབ་ལེན། |
|---|
དེ་ལས་མང་བ།...
དབུ་མ་བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན།
བརྗོད་བྱ། ཟབ་མོ་དབུ་མའི་ལྟ་གྲུབ་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0419
རྣམ་པ། PDF པར་གཞི། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 258 ལྗིད་ཚད། 1.5MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༣ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
མཛད་པ་པོའི་ངོ་སྤྲོད་མདོར་བསྡུས། དགའ་ལྡན་ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན་མཆོག་ནི་ཕྱི་ལོ་༡༣༦༤ ལོར་གཙང་ཉང་སྟོད་དུ་ཡབ་བློན་པོ་རྦ་ཡི་རིགས་རྒྱུད་རྟ་དཔོན་པ་དང་། ཡུམ་ཇོ་མོ་ཤེས་རབ་མ་གཉིས་ཀྱི་སྲས་སུ་འཁྲུངས།
དགུང་ལོ་བཅུ་པར་གནས་སྙིང་དུ་མཁན་པོ་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་མཚན་ལ་དར་མ་རིན་ཆེན་གསོལ། གངས་ཅན་པ་ཀུན་དགའ་དཔལ་གྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་བསླབས། བཀའ་བཞི་པ་རིན་ཆེན་རྡོ་རྗེ་དང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་། ཉ་དབོན་པ་སོགས་ལས་མདོ་སྔགས་ཀྱི་གཞུང་མང་མཁས་པར་སྦྱངས། དགུང་ལོ་ཉེར་ལྔ་པར་ཉ་དབོན་ཀུན་དགའ་དཔལ་གྱི་དྲུང་ནས་བསྙེན་པར་རྫོགས། ས་སྐྱ་དང་། གསང་ཕུ། རྩེད་ཐང་སོགས་སུ་དཀའ་བཅུའི་གྲྭ་སྐོར་མཛད་དེ་མཁས་པའི་གྲགས་པ་རྒྱས་ཤིང་དཀའ་བཅུ་པ་ཞེས་པའི་མཚན་ཡང་ཐོགས། ལོ་རྒྱུས་ཐོག་དཀའ་བཅུའི་གྲྭ་སྐོར་མཛད་པའི་སྲོལ་ཡང་ཐོག་མར་འདི་ནས་བྱུང་བར་གྲགས། དེ་ནས་མི་རིང་བར་ཙོང་ཁ་པའི་སློབ་མ་གཙོ་བོར་གྱུར།
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དབུ་ཞྭ་དང་སྐུ་བེར་གནང་སྟེ་རྒྱལ་ཚབ་ཏུ་བཞུགས་དགོས་པར་དོན་གྱིས་གོ་བར་མཛད་ཅིང་། རྗེ་རིན་པོ་ཆེ་དགའ་ལྡན་དུ་གཤེགས་རྗེས་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་སྟེ་དགུང་ལོ་ང་དྲུག་ཐོག་དགའ་ལྡན་ཁྲིར་ཕེབས་ཏེ་ལོ་བཅུ་གསུམ་བསྐྱངས། འཇམ་མགོན་བླ་མའི་བསྟན་པ་བཤད་སྒྲུབ་འཆད་ཉན་གྱི་སྒོ་ནས་ཉིན་མོ་ལྟར་གསལ་བར་མཛད།
དགུང་ལོ་རེ་དགུ་ཕྱི་ལོ་༡༤༣༢ལོར་རྩེ་པོ་ཏ་ལར་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན།
སློབ་མ་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་རྗེའི་དངོས་སློབ་ཕལ་ཆེ་བ་འདི་བའི་སློབ་མར་ཡང་གྱུར། གསུང་རྩོམ་ཁྱོན་བསྡོམས་པོད་ཆེན་པོ་བརྒྱད་བཞུགས།
| PDF ཕབ་ལེན། |
|---|
སྔོན་འགྲོའི་ཁྲིད་ཆེན་བཞི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ་སོགས།
བརྗོད་བྱ། སྔོན་འགྲོའི་བསག་སྦྱངས་ཇི་ལྟར་བྱ་བ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0360
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1MB
༢༠༢༢ ཟླ་ ༥ ཚེས་ ༡༡ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར། ཁྲི་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་སྐྱབས་འགྲོའི་ཁྲིད་ཡིག་ཕན་བདེའི་ལམ་བཟང་གསལ་བའི་སྒྲོན་མེ་དང་། མཎྜལ་གྱི་ཁྲིད་ཡིག་དཔག་བསམ་སྙེ་མ། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་ཐུན་དྲུག་རྣལ་འབྱོར་གྱི་ཁྲིད་ཀྱི་ཟིན་བྲིས་རིག་འཛིན་སྙིང་གི་དོ་ཤལ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་དམིགས་ཡི་གེར་བཀོད་པ་ཡིད་ཀྱི་གདུང་སེལ་བཅས་ཆོས་ཚན་བཞི་ལྷན་དུ་བཞུགས།
| PDF ཕབ་ལེན། |
|---|
ཞལ་འདོན་ཕྱོགས་བཏུས་ཀ
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། སྣ་ཚོགས།
བརྗོད་བྱ། ཞལ་འདོན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0337
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.5MB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི་དད་ལྡན་དོན་གཉེར་ཅན་དག་གི་ཞལ་འདོན་སོགས་ཀྱི་ཆེད་དུ། འདི་ག་རྩོམ་སྒྲིག་པས་ཆོས་སྤྱོད་སྣ་ཚོགས་ཕྱོགས་གཅིག་ཏུ་བཏུས་ཏེ། ཞལ་འདོན་ཕྱོགས་བཏུས་ཀྱི་ངོ་བོར་རྩོམ་སྒྲིག་བྱས་པ་ཞིག་ཡིན།
ཕབ་ལེན། PDF ཕབ་ལེན།
དབུ་མའི་ལྟ་ཁྲིད་དྲན་པ་བཞི་ལྡན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཛད་པ་པོ། རྒྱལ་བ་བསྐལ་བཟང་རྒྱ་མཚོ།
བརྗོད་བྱ། ལྟ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0198
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 398KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༥ ཚེས་ ༢༧ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ནི། ༡༧༠༨ ལོར་ལི་ཐང་དུ་སྐུ་འཁྲུངས། རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བརྒྱད་པར་སྐུ་འབུམ་དུ་ཕེབས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས། ཆ་གན་ནོ་མིན་ཧན་སོགས་ལས་གཞུང་ཆེན་གསན་བསམ་མཛད། མེ་སྤྲེལ་ལོར་རབ་ཏུ་བྱུང་། དགུང་ལོ་བཅུ་གསུམ་གྱི་སྐབས་དབུས་སུ་ཕེབས། ལྕགས་བྱི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་བློ་བཟང་བསྐལ་བཟང་རྒྱ་མཚོར་གསོལ། ༡༧༥༡ ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞེས། བཀའ་ཤག་ཐོག་མར་བཙུགས། དགུང་ལོ་ཞེ་ལྔ་པར་རྩེ་སློབ་གྲྭ་གསར་འཛུགས་མཛད། དགུང་ལོ་ཞེ་བདུན་པར་སྐལ་བཟང་ཕོ་བྲང་གསར་བསྐྲུན་དང་བཟོ་གྲྭ་ཞོལ་འདོད་དཔལ་གསར་འཛུགས་མཛད། ༡༧༥༧ ལོར་སྐུ་གཤེགས། གསུང་རྩོམ་པོད་བདུན་བཞུགས།
ཕབ་ལེན། PDF ཕབ་ལེན།
གཡུང་དྲུང་བོན་གྱི་དབུ་མའི་ལྟ་ཁྲིད་བསྡུས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
མཛད་པ་པོ། དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན།
བརྗོད་བྱ། གང་ཟག་གི་བདག་མེད་དང་བོན་གྱི་བདག་མེད་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0188
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 465KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་ནི། ཕྱི་ལོ་ ༡༨༩༧ ལོར་སྐུ་འཁྲུངས། དགུང་ལོ་ཆུང་ངུ་ནས་ཡི་གེའི་འབྲི་ཀློག་བསླབས་པས་ལེགས་པར་མཁྱེན། གླག་བྲག་རྫོང་དགོན་དུ་ཕེབས་ཏེ་གཞུང་ལུགས་གསན་ནས་མཁས་པའི་གྲགས་པ་ཐོབ། ཡེ་ཤེས་དགོན་གྱི་མཁན་པོ་དྲང་སྲོང་དམ་པ་ཚུལ་ཁྲིམས་མཆོག་རྒྱལ་ལས་བསྙེན་པར་རྫོགས། རིས་མེད་ཀྱི་བླ་མ་དམ་པ་དུ་མ་བསྟེན། ཁྱད་པར་དུ་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་བསྟེན་ནས་འཕྲུལ་ངག་གཡུང་དྲུང་བོན་གྱི་རིང་ལུགས་གཙང་མའི་མདོ་རྒྱུད་ཀྱི་གཞུང་བཤད་དང་། རྫོགས་ཆེན་གྱི་མན་ངག་དབང་ཁྲིད་དང་བཅས་པ་གསན། ༡༩༥༩ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་པོ་ཏི་ལྔ་ཙམ་བཞུགས།
འཕྲུལ་དེབ་ཀྱི་དཀར་ཆག
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 14564
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 13253
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 14505
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 21061
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 23855
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 18354
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 19810
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 14545